དེ་རིང་ནི2025ལོའི་ཟླ11པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གཅན་ཚ་ནས་གནའ་ཤུལ་ཞིག་རྙེད་འདུག

2025-11-14 09:58:53   |   66

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ5པ་ནས་ཟླ10པའི་བར། ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་འཛུགས་སྐྲུན་རྣམ་གྲངས་ཀྱི་གཅན་ཚ་རྫོང་སྣང་ར་ནས་སྟེང་སོ་བར་གྱི་ལམ་དུམ་འཛུགས་སྐྲུན་ལ་གཞོགས་འདེགས་བྱ་ཆེད། རྒྱལ་ཁབ་རིག་དངོས་ཅུའི་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་གླིང་གིས་རྣམ་གྲངས་ལག་བསྟར་ཁྱབ་ཁོངས་ནང་རྩད་ཞིབ་ཐུབ་པའི་སྦྲུལ་ལྕེ་གནའ་ཤུལ་ལ་དུས་ཡུན་ཟླ་བ་དྲུག་རིང་གི་གནའ་རྫས་རྟོག་ཞིབ་སྔོག་འདོན་གྱི་ལས་དོན་སྤེལ་བ་རེད།

1.png

ཤེས་རྟོགས་བྱུང་བར་གཞིགས་ན། སྦྲུལ་ལྕེ་གནའ་ཤུལ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཞང་སྦྲུལ་ལྕེ་སྡེ་བའི་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ1ཙམ་གྱི་ས་ཆ་སྟེ། རྨ་ཆུའི་ནུབ་ངོགས་ཀྱི་ཆུ་འགྲམ་རིམ་པ་གཉིས་པའི་གད་རིམ་ཁུལ་དུ་གནས་ཡོད། ཐེངས་འདིར་སྦྲུལ་ལྕེ་གནའ་ཤུལ་ལས་བང་སོ14དང་གོ་ར396། ཁང་པ་ཆགས་ཤུལ36། ཆུ་ཤུར13བཅས་ཚུད་པའི་གནའ་ཤུལ་ཁག459སྔོག་འདོན་ཐུབ་ཡོད་པ་དང་། རིག་དངོས1000ལྷག་ཙམ་ཐོན་ཡོད་པའི་ནང་རྫ་ཆས་དང་རྡོ་ཆས། གཡང་ཊི། རུས་ཆས་སོགས་ཡོད་པ་མ་ཟད། ད་དུང་སྲོག་ཆགས་ཀྱི་ཀེང་རུས་དང་རྩི་ཤིང་གི་འགྱུར་རྡོ་སོགས་འབོར་ཆེན་ཐོན་ཡོད།

2.png

གནའ་ཤུལ་དེ་ནི་ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་དུ་སྔོག་འདོན་ཐུབ་པའི་རྒྱ་ཁྱོན་ཆེ་ཤོས་དང་ཉར་ཚགས་ཅུང་ཆ་ཚང་བའི་རིག་གནས་གནའ་ཤུལ་ཞིག་རེད།

3.png

ཐེངས་འདིར་སྔོག་འདོན་བྱས་པ་བརྒྱུད། གནའ་ཤུལ་དེ་ནི་ཉར་ཚགས་ཅུང་ལེགས་པའི་ཆི་ཅ་རིག་གནས་ཀྱི་དུས་མཚམས་སྔ་འབྲིང་གི་འདུས་སྡེ་འབྲིང་ཆུང་ཞིག་ཡིན་པ་གཏན་འཁེལ་བྱུང་ཡོད། གནའ་ཤུལ་ནང་ནས་རྗེས་ཤུལ་དང་ཤུལ་དངོས་འབོར་ཆེན་རྙེད་ཡོད་པས། ཆི་ཅ་རིག་གནས་ཀྱི་རིག་གནས་རྣམ་པ་དང་ནང་དོན་ལ་ཁ་གསབ་གང་ལེགས་ཐུབ་ཡོད་ཅིང་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། དེ་བས་གལ་འགངས་ཆེ་བ་ཞིག་ནི། ས་བབ་ལ་གཞིགས་ནས་ཚོ་གྲུབ་ངང་འཁོད་པའི་ཁང་པའི་ཤུལ་མང་པོ་ཞིག་ལ་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པ་དང་། དེ་དག་གི་བཟོ་སྐྲུན་གྲུབ་ཆ་དང་བྱེད་ནུས་ཁུལ་དབྱེ་སོགས་ཀྱི་ཞིབ་ཆ་དག་ལས་ཆི་ཅ་རིག་གནས་ཀྱི་འདུས་སྡེ་འབྲིང་ཆུང་གི་སྡོད་ཁང་བཀོད་སྒྲིག་འཆར་འགོད་འདུ་ཤེས་དང་སྡོད་གནས་ཀྱི་བར་སྟོང་བེད་སྤྱོད་གཏན་ཚིགས་ལ་ཞིབ་འཇུག་བྱེད་པར་དཔེ་མཚོན་ལེགས་པོ་ཞིག་མཁོ་འདོན་ཐུབ་ཡོད།


མཉམ་སྤྱོད།