དེ་རིང་ནི2025ལོའི་ཟླ11པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོའི《གེ་སར》གྱི་ཡུལ་སྐད་ཁུལ་ལས་བརྒལ་བའི་གྲངས་མཛོད་ཐོག་མ་འགྲུབ་པ།

2025-11-17 09:24:03   |   37

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། མཚོ་སྔོན་ཞིང་ཆེན་གེ་སར་གྱི་ལོ་རྒྱུས་སྙན་ངག་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ནས་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི《གེ་སར》གྱེར་འདོན་སྨྱན་མང་གྲངས་མཛོད་སྐྲུན་པའི་དུས་རིམ་དང་པོའི་རྣམ་གྲངས་ཆེད་ལས་མཁས་ཅན་གྱིས་ཞིབ་དཔྱད་རྩིས་ལེན་བྱས། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེས་ཀྲུང་གོའི་ཡུལ་སྐད་ཁུལ་ལས་བརྒལ་བའི་གྲངས་མཛོད་ཐོག་མ་སྟེ། ཁག24དང་། ཡི་གེ་ཁྲི་310ལྷག་ཙམ་ལྡན་པ། གླུ་ལེན་དུམ་བུ1020ལྷག་ཙམ་བསྡུ་རུབ་བྱས་པ་བཅས་ལས་གེ་སར་གྱི་ལོ་རྒྱུས་སྙན་ངག་སྲུང་སྐྱོང་ཞིབ་འཇུག་བྱ་རྒྱུར་དོན་དངོས་ར་སྤྲོད་ཀྱི་དཔྱད་གཞི་མཁོ་འདོན་བྱས་ཡོད།

《གེ་སར་རྒྱལ་པོ》དང་། 《ཧོ་མ་ལོ་རྒྱུས་སྙན་ངག》 《ཅིར་ཅ་མེ་ཧྲིའི་ལོ་རྒྱུས་སྙན་ངག》གསུམ་ལ་གོ་ལ་ཧྲིལ་པོའི་ལོ་རྒྱུས་སྙན་ངག་ཆེན་པོ་གསུམ་ཞེས་བརྗོད་ཀྱི་ཡོད། 2006ལོར《གེ་སར་རྒྱལ་པོ》རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཁག་དང་པོའི་མིང་ཐོའི་ནང་བཅུག་པ་དང་། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་མིང་ཐོའི་ནང་བཅུག

ཀྲུང་གོའི་གསོན་རྣམ་ལོ་རྒྱུས་སྙན་ངག་འབའ་ཞིག་སྲུང་སྐྱོང་བྱེད་ཆེད་དང་། ཀྲུང་གོའི་མ་ལག་རང་བཞིན་གྱི་ཕབ་ལེན་དང་གཞུང་ཕྱོགས་ཀྱི་གཙོ་ཁྲིད་རྣམ་པའི་གྲངས་མཛོད་ཀྱི་སྟོང་ཆ་ཁ་གསབ་བྱེད་ཆེད། ཡུལ་ཤུལ་ཁུལ་གྱིས《གེ་སར》གྱེར་འདོན་མྱུར་སྐྱོབ་ཟིན་ཐོའི་སྨྱན་མང་གྲངས་མཛོད་གཏོད་པའི་ལོ་གསུམ་གྱི་འཆར་གཞི་ལག་བསྟར་བྱེད་མགོ་བརྩམས་ཡོད། དུས་རིམ་དང་པོའི་རྣམ་གྲངས་དེ“མྱུར་སྐྱོབ་རང་བཞིན་གྱི་ཟིན་ཐོ”ལྟེ་བར་དམིགས་ནས་རྒྱབ་ལྗོངས་ཀྱི་དོན་སྙིང་དང་། ལག་ལེན་ཞིབ་ཕྲ། ཕན་འབྲས་རིན་ཐང་བཅས་ཀྱི་ཐད་ནས་སྐུལ་འདེད་བཏང་ནས་ཕྱིས་ཀྱི་སྲུང་སྐྱོང་ཞིབ་འཇུག་ལས་དོན་ལ་རྨང་གཞི་བཏིང་ཡོད།

རྣམ་གྲངས་ཁག་གཉིས་སུ་དབྱེ་ནས་སྒྱུ་རྩལ་པ122བདམས་ཡོད་པའི་ནང་ཡུལ་ཤུལ་ས་གནས་དེ་གའི་སྒྱུ་རྩལ་པ20དང་། ཨ་མདོ་དང་དབུས་གཙང་། ཁམས་ཡུལ་བཅས་ཡུལ་སྐད་ཆེན་པོ་གསུམ་གྱི་སྒྱུ་རྩལ་པ102ཚུད་ཡོད། དེའི་ནང་ལོ་ན6ནས་86བར་ཡོད་པ་དང་། ཆེད་ལས་རང་བཞིན་དང་སྣ་མང་རང་བཞིན་ལ་ལྟ་རྟོག་བྱས་ཡོད། “ཡུལ་ཤུལ་གྱི་ཁྱད་ཆོས+ཆ་ཚང་རང་བཞིན+འཐུས་ཚབ་རང་བཞིན”ལ་དམིགས་ཏེ་སྤྱིའི་ཞིབ་ཐོ66བདམས་ཤིང་། ཐེངས་དང་པོར་ཁག23ཕབ་ལེན་བྱས་ཟིན་པ་དེའི་ནང་ལྟེ་བ་ཁག11དང་ཁྱད་ཆོས་ལྡན་པ་ཁག12ཡོད་པ་དང་། སྤྱིའི་སྒྲ་ཟློས་དུས་ཡུན་ཆུ་ཚོད300ལས་བརྒལ་ཡོད།

རྣམ་གྲངས་དེ་ལག་བསྟར་བྱས་པ་དེས་ལོ་ན་མཐོ་བའི་སྒྱུ་རྩལ་པ5ཡི་ཐུན་མོང་མ་ཡིན་པའི་སྒྲ་དབྱངས་བོར་བརླག་ཏུ་འགྲོ་བར་སེམས་བྲལ་མི་དགོས་པར། “སྒྲ་དང་ཡིག་ཆ་མཉམ་སྡེབ”ཀྱི་ཚད་ལྡན་ཅན་གྱི་ཐོན་ཁུངས་ཁག་དང་པོ་ཆགས་ཡོད། དེ་དང་ཆབས་ཅིག་ཡུལ་སྐད་ཁུལ་ཆེན་པོ་གསུམ་གྱི་སྒྱུ་རྩལ་མཁས་ཅན་མཉམ་འགུལ་ཐོག་ནས་ཉམས་འགྱུར་མི་འདྲ་བའི་འཁྲབ་སྟོན་བསྡུ་རུབ་བྱས་ཏེ་ཀྲུང་གོའི་ཡུལ་སྐད་ཁུལ་ལས་བརྒལ་བའི་གྲངས་མཛོད་ཀྱི་ལྟེ་བའི་རྒྱུ་ཆ་འཚོལ་བསྡུ་དང་པོ་ཆགས་པ་དང་། གེ་སར་གྱི་ལོ་རྒྱུས་སྙན་ངག་སྲུང་སྐྱོང་ཞིབ་འཇུག་དེ“ཐར་ཐོར་སྲུང་སྐྱོབ”ནས་མ་ལག་སྲུང་སྐྱོང་བར་དང་། ས་གནས་དེ་གའི་རྒྱུན་འཛིན་ནས་ས་ཁོངས་ལས་བརྒལ་བའི་མཉམ་འགུལ་བར། ཟིན་ཐོ་ཁོ་ན་འགོད་པ་ནས་སློབ་གསོའི་ནུས་པ་ལྡན་པའི་བར་གྱི་མཆོང་སྐྱོད་ཆེན་པོ་གསུམ་མངོན་འགྱུར་བྱུང་ཡོད།


མཉམ་སྤྱོད།