དེ་རིང་ནི2025ལོའི་ཟླ11པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

“AI+”ཚོགས་ཆེན་ཐོག་གསར་གཏོད་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ།

2025-11-17 17:00:10   |   26

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།  བཤེར་འབེབས། རིན་ཆེན་ཚེ་རིང་།


2025ལོའི་མི་ཐབས་རིག་ནུས+ཞེས་པའི་ཚོགས་ཆེན་དེ་པེ་ཅིང་ཀྲུང་ཀོན་ཚུན་དུ་འཚོགས་བཞིན་ཡོད་པ་དང་། ཚོགས་འདུའི་ཐོག“AI+”ཁྱབ་ཁོངས་ཀྱི་གསར་གཏོད་གྲུབ་འབྲས་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་ཡོད།

ཚོགས་ཞུགས་སྐུ་མགྲོན་གྱིས། ཀྲུང་གོའི་མི་ཐབས་རིག་ནུས་འཕེལ་རྒྱས་གཏོང་བའི་ཐོག་མའི་དུས་ནས་དངོས་ཚན་དཔལ་འབྱོར་དང་མཉམ་འདྲེས་བྱ་དགོས་ཞེས་ནན་སྟོན་བྱས་ཡོད་པ་དང་། ཐེངས་འདིའི་ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པའི《AIཡི་ཀྲུང་གོའི་ཇུས་གཞི》དང《AI ཡི་ཉེར་སྤྱོད་ཚད་གཞི100》ཡི་བང་གྲལ་སོགས་ཀྱི་གྲུབ་འབྲས་ལས་རིག་ནུས་ནུས་རྒྱུ་དང་རིག་ནུས་སྒྲིག་ཆས་སོགས་ཁྱབ་ཁོངས་ནང་རང་རྒྱལ་གྱི་མི་ཐབས་རིག་ནུས་ལག་རྩལ་གྱི་ཐོན་ལས་མཉམ་འདྲེས་ལག་ལེན་གྱི་དཔེ་མཚོན་གཅིག་སྡུད་ཐོག་མངོན་ཡོད་ཅེས་གསུངས་ཡོད།

གཞན་ཡང་། པེ་ཅིང་གྲོང་ཁྱེར་མི་ཐབས་རིག་ནུས་མཐུན་ཚོགས་ཀྱིས་ཀྱང་ཚོགས་ཆེན་གྱི་ས་ཡུལ་དངོས་སུ་ཐོན་ལས་འབྲེལ་ཐག་གི་ལྟེ་བའི་ཁེ་ལས་དང་ཚན་ཞིབ་ལས་ཁུངས་རྩེ་གྲ། མཐོ་སློབ་བཅས་དང་མཉམ་འབྲེལ་གྱིས་ཐོན་ལས་ཀྱི་ཐོན་ཁུངས་སྔར་བས་སྡེབ་སྒྲིག་དང་མཐུན་སྦྱོར་གསར་གཏོད་ལ་སྐུལ་འདེད་བཏང་ནས། པེ་ཅིང་གིས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་མི་ཐབས་རིག་ནུས་གསར་གཏོད་ཀྱི་འབྱུང་གནས་དང་ཐོན་ལས་ཀྱི་མཐོ་ས་གཏོད་རྒྱུར་རོགས་རམ་བྱ་རྒྱུའི་གྲོས་མགོ་བཏོན་ཡོད།


མཉམ་སྤྱོད།