དེ་རིང་ནི2025ལོའི་ཟླ11པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ས་ལྷ་འཚོས་མཚོ་སྔོན་གྱི་ཚབ་བྱས་ནས་ཨང་བརྒྱད་པ་བླངས་འདུག

2025-11-18 15:12:12   |   33

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ11པའི་ཚེས16ཉིན། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་མདའ་འཕེན་འགྲན་སྡུར་སྟེང་དུ་སྐྱེས་མའི་མདའ་བའི་མི་སྒེར་གྱི་འགྲན་སྡུར་མཇུག་སྒྲིལ་ཞིང་། མཚོ་སྔོན་ནས་ཡིན་པའི་བོད་རིགས་བུ་མོ་ས་ལྷ་འཚོས་བཞི་ཆའི་གཅིག་གི་འདོར་ལེན་འགྲན་སྡུར་ནང་ཕམ་ཁ་བྱུང་ན་ཡང་མཐའ་མར་ཨང་བརྒྱད་པ་བླངས་འདུག

000.png

ཉིན་དེའི་སྔ་དྲོར་བརྒྱད་ཆའི་གཅིག་གི་འདོར་ལེན་འགྲན་སྡུར་ཁྲོད་དུ།  ས་ལྷ་འཚོས་རང་ཉིད་ཀྱི་རྗེས་ལུས་ངང་ཚུལ་ལ་བློ་མ་ཕམ་པར་སྤོབས་པ་ཆེན་པོས་འགྲན་རིམ་བརྒྱད་པར་མཆོངས།  སྔ་དྲོའི་ཆུ་ཚོད9ཡི་སྟེང་དུ་སྐྱེས་མའི་མདའ་བ་བརྒྱད་ཆའི་གཅིག་ཅན་གྱི་འདོར་ལེན་འགྲན་སྡུར་ཁྲོད་དུ་མོ་དང་ཨང་རིམ27ན་ཡོད་པའི་ཧྲང་ཧའེ་ཡི་འགྲན་ཞུགས་པ་ཝང་ལི་མེན་གཉིས་འགྲན་ཟླ་རུ་གྱུར།

འདོར་ལེན་འགྲན་སྡུར་ཁྲོད་དུ་འགྲན་སྐོར་ལྔ་བཀོད་སྒྲིག་བརྒྱབ་ཡོད་ཅིང་། འགྲན་སྐོར་རེ་རེར་མདའ་འཕེན་ཐེངས་གསུམ་རེ་ཡོད་པ་དང་། དེ་ལས་རྒྱལ་བའི་ཕྱོགས་ལ་ཐོབ་ཆ་སྐར་མ་གཉིས་ཡོད་པ་དང་། འདྲ་མཉམ་ཡིན་པ་ལ་ཐོབ་ཆ་སྐར་མ་གཅིག་རེ་ཡོད།  སྔོན་ལ་སྐར་མ་དྲུག་བླངས་པ་ཡིན་ན་དེ་ནི་རྣམ་པར་རྒྱལ་བར་བརྩི་བ་རེད།

ཉིན་དེའི་ཕྱི་དྲོར་བཞི་ཆའི་གཅིག་གི་འདོར་ལེན་འགྲན་སྡུར་ཁྲོད་དུ། ས་ལྷ་འཚོ་ཡང་བསྐྱར་ཧྲང་ཧའེ་ཡི་འགྲན་ཞུགས་པའི་འགྲན་ཟླ་རུ་གྱུར། དེ་ནི་མིང་རིམ་འགྲན་སྡུར་གྱི་ཨང་གསུམ་པ་ཀྲུའུ་ཅིན་དབྱི་རེད། རྒྱལ་ཁབ་རུ་ཁག་གི་ལུས་རྩལ་པ་ཡིན་ཞིང་། སྟོབས་ཤུགས་དང་བྱང་ཚད་ཧ་ཅང་ཆེ། ཕྱི་དྲོའི་འགྲན་སྡུར་ཁྲོད་དུ། ས་ལྷ་འཚོས་སྐར་མ་གཉིས་ཤོར་པའི་གནས་ཚུལ་འོག སྤོབས་པ་ཆེར་བསྐྱེད་ཀྱིས་ཕ་རོལ་ཕམ་པར་རྒྱག་འདོད་ཀྱང་། འགྲན་ཟླའི་སྟོབས་ཤུགས་བསམ་ཡུལ་ལས་འདས་པར་ཆེ་བས། མཐའ་མར་སྐར་མ6:0གི་གྲུབ་འབྲས་ཐོག་འགྲན་རིམ་བརྒྱད་པར་ཞུགས་པའི་སྐལ་བ་བརྩོན་ལེན་བྱེད་མ་ཐུབ།

ཟླ11ཚེས18ཉིན། ས་ལྷ་འཚོས་ད་དུང་ཝང་ཞའོ་ཁྲང་དང་དཔུང་རྡང་སྒྲིལ་ནས་མཉམ་སྡེབ་ཐུན་མོང་གི་འགྲན་སྡུར་ལ་ཞུགས་རྒྱུ་ཡིན་ཞིང་། ཁོ་ཚོས་བཞི་ཆའི་གཅིག་གི་འདོར་ལེན་འགྲན་སྡུར་ཁྲོད་དུ་མིང་རིམ་འགྲན་སྡུར་གྱི་ཨང་ལྔ་བར་ཡོད་པའི་ཧྲང་ཧའེ་ཡི་ཚན་སྡེབ་ཀྲང་ཁྲེང་མིང་དང་ཀྲུའུ་ཅིན་དབྱི་གཉིས་ལ་འགྲན་རྩོད་བྱ་རྒྱུ་ཡིན་པས། འགྲན་ཞུགས་པ་གཉིས་ཀྱིས་མཚོ་སྔོན་ན་གཞོན་གྱི་སྙིང་སྟོབས་དང་སྤོབས་པ་མངོན་ནས་གྲུབ་འབྲས་བཟང་བོར་བརྩོན་ལེན་ཐུབ་པའི་སྨོན་འདུན་ཞུ།


མཉམ་སྤྱོད།