དེ་རིང་ནི2025ལོའི་ཟླ11པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཕོ་བྲང་པོ་ཏ་ལར་མཇལ་སྐོར་ལ་འགྲོ་མཁན་ཚོས་འདི་ལ་གཟིགས་རོགས་ཞུ།

2025-11-19 10:50:29   |   28

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཕོ་བྲང་པོ་ཏ་ལའི་རིག་དངོས་དང་གནའ་བོའི་འཛུགས་སྐྲུན་བཟོ་བཀོད་ལ་སྲུང་སྐྱོབ་ཇེ་ལེགས་སུ་གཏོང་བ་དང་། རྨང་གཞིའི་སྒྲིག་ཆས་ལ་སྲུང་སྐྱོབ་ཡག་པོ་བྱེད་པ། ལྟ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ཆེད་དུ་རྟེན་མཛོད་ཁང་ལས་རིགས་ཀྱི་རྒྱུན་སྲོལ་ལྟར། ཕོ་བྲང་པོ་ཏ་ལ(རྒྱལ་ཁབ་ཀྱི་ཁྲིམས་བཀོད་དུས་ཆེན་ཕུད)གཟའ་ཟླ་བར་སྒོ་རྒྱག་པའི་ལམ་ལུགས་ལག་བསྟར་བྱ་རྒྱུ་རེད། ཞིབ་ཕྲའི་ནང་དོན་གཤམ་གསལ་ལྟར།

གཅིག སྒོ་རྒྱག་པའི་དུས་ཚོད།

2025ལོའི་ཟླ12པའི་ཚེས1ཉིན་ནས་བཟུང་གཟའ་ཟླ་བར་སྒོ་རྒྱག་རྒྱུ་རེད།(རྒྱལ་ཁབ་ཀྱི་ཁྲིམས་བཀོད་དུས་ཆེན་ཕུད)

གཉིས། སྒོ་འབྱེད་པའི་དུས་ཚོད།

གཟའ་མིག་དམར་ནས་གཟའ་ཉི་མའི་བར་ཡིན་ལ། དབྱར་དུས་ཟླ5པའི་ཚེས1ཉིན་ནས་ཟླ10པའི་ཚེས31ཉིན་བར་དུ་སྔ་དྲོའི་ཆུ་ཚོད09:00ཐོག་སྒོ་ཕྱེ་བ་དང་། ཕྱི་དྲོའི་ཆུ་ཚོད15:40ཐོག་ཕོ་བྲང་ནང་དུ་འགྲོ་མཚམས་འཇོག་རྒྱུ།

དགུན་དུས་ཟླ11པའི་ཚེས1ཉིན་ནས་ཕྱི་ལོའི་ཟླ4པའི་ཚེས30ཉིན་བར་དུ་སྔ་དྲོའི་ཆུ་ཚོད9:30ཐོག་སྒོ་ཕྱེ་བ་དང་། ཕྱི་དྲོའི་ཆུ་ཚོད་15:20ཐོག་ནང་དུ་འགྲོ་མཚམས་འཇོག་རྒྱུ།

གསུམ། སྒོ་རྒྱག་དགོས་པའི་གསལ་བཤད།

ཕོ་བྲང་པོ་ཏ་ལར་སྒོ་བརྒྱབ་པའི་སྐབས་སུ་རིག་དངོས་ལ་སྐོར་ཞིབ་ཉམས་གསོ་དང་། འགྲེམ་སྟོན་ནང་དོན་གསར་བསྒྱུར། སྤྱི་པའི་སྒྲིག་ཆས་སྲུང་སྐྱོང་། ཁོར་ཡུག་གཙང་སེལ་སོགས་ཀྱི་བྱ་བ་བསྒྲུབ་ནས་མཇལ་སྐོར་བ་ཀུན་ལ་སྔར་ལས་བདེ་འཇགས་དང་སྤུས་ཀ་ལེགས་པའི་མཇལ་སྐོར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཆེད་ཡིན།

བཞི། ཤ་ཚའི་དྲན་སྐུལ།

སྐུ་ཉིད་ཀྱིས་དེ་ལུགས་ལྟར་མཇལ་སྐོར་ལ་འགྲོ་བའི་དུས་ཚོད་བཀོད་སྒྲིག་བྱས་ནས་སྒོ་རྒྱག་པའི་ཉིན་མོར་མཇལ་སྐོར་ལ་མི་འགྲོ་བར་ཞུ། གལ་ཏེ་སྒོ་འབྱེད་པའི་གནས་ཚུལ་གསར་བའམ་གུང་གསེང་དང་དུས་ཆེན་གྱི་བཀོད་སྒྲིག་ཡང་ན་དོན་དག་གཞན་ཡོད་ཚེ་གཞུང་ཕྱོགས་ཀྱི་ཁ་པར་ཨང་གྲངས4008649111ལ་འབྲེལ་གཏུག་བྱས་ནས་དྲི་ཆོག་ལ། ཁ་པར་ལེན་པའི་དུས་ཚོད་ནི་ཉིན་རེའི་ཆུ་ཚོད9:30ནས་17:30བར་ཡིན། དེ་མིན་ཕོ་བྲང་པོ་ཏ་ལའི་གཞུང་ཕྱོགས་ཀྱི་སྐད་འཕྲིན་སྤྱི་སྟེགས་ཐོག་ནས་ཀྱང་རྒྱུས་ལོན་བྱ་ཆོག

གལ་ཏེ་སྒོ་འབྱེད་པའི་གནས་ཚུལ་གཞན་དག་ཡོད་ན་གཞུང་ཕྱོགས་ཀྱི་འཕྲིན་ལམ་བརྒྱུད་དེ་སྔ་མོ་ནས་བརྡ་ཐོ་གཏོང་རྒྱུ་ཡིན་པས་གསལ་བསྒྲགས་གསར་ཤོས་དེ་གཞིར་འཛིན་པར་ཞུ་བ་དང་། སྐུ་ཉིད་ཀྱིས་བསམ་ཤེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ།

བོད་རང་སྐྱོང་ལྗོངས་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ།

2025ལོའི་ཟླ11པའི་ཚེས17ཉིན།


མཉམ་སྤྱོད།