དེ་རིང་ནི2025ལོའི་ཟླ11པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལམ་ཐག་ཇེ་ཐུང་དུ་སོང་འདུག

2025-11-25 16:32:11   |   51

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། སི་ཁྲོན་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་ནི་རང་རྒྱལ་གྱི་འཕྲེད་གཞུང་བརྒྱད་ཀྱི་མྱུར་བགྲོད་ལྕགས་ལམ་ལན་ཀྲོའུ། ཟི་ལིང་དེ་ནས་ཀོང་ཀྲོའུ་བར་དུ་འགྲོ་བའི་བགྲོད་ལམ་གལ་ཆེན་ཞིག་ཡིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ཟི་ལིང་འབབ་ཚིགས་ནས་མགོ་བརྩམས་ཏེ། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་བཅས་བརྒྱུད་དེ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཤར་ཕྱོགས་འབབ་ཚིགས་བར་དུ་བསྐྱོད་པ་རེད།

1.jpg


ལམ་ཐིག་ཧྲིལ་པོ་བསྐྲུན་ཚར་རྗེས། ཟི་ལིང་ནས་ཁྲེང་ཏུའུ་བར་ཆུ་ཚོད4དང་སྐར་མ30ཡས་མས་ལས་འགྲོ་མི་དགོས་པ་རེད། ལམ་དུམ་དེའི་སྟེང་དུ་སི་ཁྲོན་གྱི་ཧུང་ཡོན་དང་མཛོད་དགེ  མཚོ་ཁྲ་ཁྲབ་སོགས་རྒྱལ་ཡོངས་ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བ་དང་འབྲེལ་མཐུད་བྱས་ཡོད་པས། འགྲིམ་འགྲུལ་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།

2.png


མཉམ་སྤྱོད།