དེ་རིང་ནི2025ལོའི་ཟླ12པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཟླ་དང་པོ་ནས་བཅུ་གཅིག་པའི་བར་རྒྱལ་ཡོངས་ཀྱི་དུས་བཅད་ཚོང་ཟོག་ཁྲོམ་རའི་རིམ་རྩིས་ཀྱི་ཚོང་འགྲིག་ཚད་དུས་མཚུངས་ལས20%ལས་བརྒལ་ཡོད།

2025-12-08 10:53:06   |   55

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།    ཞིན་ཧྭ་དྲ་བ།    བཤེར་འབེབས།    རིན་ཆེན་ཚེ་རིང་།


ཀྲུང་གོ་དུས་ཟོག་ལས་རིགས་མཐུན་ཚོགས་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ཟླ་དང་པོ་ནས་བཅུ་གཅིག་པའི་བར་རྒྱལ་ཡོངས་ཀྱི་དུས་བཅད་ཚོང་ཟོག་ཁྲོམ་རའི་རིམ་རྩིས་ཀྱི་ཚོང་འགྲིག་ཚད་དུང་ཕྱུར81.17དང་། རིམ་རྩིས་ཀྱི་ཚོང་འགྲིག་དངུལ་འབོར་སྒོར་དུང་ཕྱུར་ཁྲི675.45ཡིན། སོ་སོ་དུས་མཚུངས་ལས14.74%དང20.19%འཕར་ཡོད།

ད་ལོ་ནས་བཟུང་། དུས་བཅད་ཚོང་ཟོག་ཁྲོམ་རས་རིན་གོང་ཤེས་རྟོགས་དང་ཉེན་ཁའི་དོ་དམ་ནུས་པ་བརྒྱུད་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་མཉེན་གཤིས་དང་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་རྒྱུར་མུ་མཐུད་འདེགས་སྐྱོར་བྱས་ནས་དངོས་ཚན་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ཡོད། དཔེར་ན་ཐཱན་སྐྱུར་ལིས་དང་། ཏོ་ཅིན་ཀུའེ་དང་བཟོ་ལས་ཀུའེ་སོགས་ནུས་ཁུངས་གསར་པའི་ལྕགས་རིགས་དུས་བཅད་ཚོང་ཟོག་གི་རིགས་སྣ་ཉོ་ཚོང་བྱེད་ཁྱོན་རྒྱུན་མཐུད་ངང་རྒྱ་བསྐྱེད་པ་དང་། ལྗང་མདོག་ཐཱན་ཉུང་རིགས་སྒྱུར་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་ཧུར་ཐག་བྱས་ཡོད།

2025ལོའི་ཟླ11པའི་ཟླ་མཇུག་བར། རང་རྒྱལ་གྱིས་དུས་བཅད་ཚོང་ཟོག་གི་དུས་ཟོག་སྣ་ཁ164ཁྲོམ་རར་བཏོན་ཡོད།


མཉམ་སྤྱོད།