དེ་རིང་ནི2025ལོའི་ཟླ12པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བོད་སྐདAIཡི་གྲངས་འཛིན་ཐོན་རྫས་གསར་པ་ཞིག་བཀྲམ་འདུག

2025-12-08 11:12:42   |   51

རྩོམ་སྒྲིག    སངས་དོན།    ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།      བཤེར་འབེབས།    རིན་ཆེན་ཚེ་རིང་།


01.jpg

ཟླ12པའི་ཚེས6ཉིན།“རིག་ནུས་གངས་ལྗོངས་དཔལ་ངོ་། དྲ་འཕྲིན་མ་འོངས་ལམ་འདྲེན”ཞེས་པའི་རྒྱལ་ཡོངས་ཀྱི་བོད་སྐདAIཡི་གྲངས་འཛིན་ཐོན་རྫས་ཐོག་མའི་འགྲེམས་སྤེལ་མཛད་སྒོ་ཁྲེང་ཏུར་གཉེར་མཇུག་འགྲིལ་ཞིང་། དབུས་གཙང་དང་། ཁམས། ཨ་མདོ་བཅས་ཡུལ་སྐད་ཆེན་པོ་གསུམ་གྱི་ཁུལ་ནས་ཡོང་བའི་ཆེད་མཁས་པ་དང་། མཁས་དབང་། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ། དེ་བཞིན་སྨྱན་སྦྱོར་གྱི་འཐུས་མི་སོགས་མཛད་སྒོར་ཞུགས་ནས་བོད་སྐད་ཀྱི་མི་ཐབས་རིག་ནུས་ལག་རྩལ་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་མཉམ་དུ་དཔང་པོ་བྱས་ཡོད།

02.jpg

བོད་ལྗོངས་མཆོག་ནོར་གྲངས་འཛིན་ཐོན་ལས་དོ་དམ་ཚད་ཡོད་ཀུང་སི་འཛུགས་མཁན་བསྟན་འཛིན་ནོར་བུས་འགྲེམས་སྤེལ་མཛད་སྒོའི་ཐོག་གཏམ་བཤད་སྤེལ་བཞིན་པ།

03.jpg

    འགྲེམས་སྤེལ་མཛད་སྒོར་བོད་ལྗོངས་མཆོག་ནོར་གྲངས་འཛིན་ཐོན་ལས་དོ་དམ་ཚད་ཡོད་ཀུང་སི་འཛུགས་མཁན་བསྟན་འཛིན་ནོར་བུས། ང་ཚོའི་ཀུང་སིས་ཞིབ་འཇུག་བྱས་ནས་བཟོས་པའི་བོད་སྐད་ཀྱི་སྐད་བརྡའི་དཔེ་དབྱིབས་ཆེ་མོ་གཏེར་ཚང(DeepZang)ལ་བརྟེན་ནས་རྒྱལ་ནང་གི་བོད་རྒྱ་དབྱིན་གསུམ་ཕན་ཚུན་སྒྱུར་རུང་བའི་རིག་ནུསAIཐོན་རྫས་ཐོག་མ་སྟེ་མཆོག་ནོར་རིག་ནུསAIཙིག་རྟགས་ཞིབ་བཟོ་ལམ་ལྷོངས་བྱུང་བ་དང་། ཐོན་རྫས་དེར་སྐད་གདངས་ངོས་འཛིན་དང་དུས་ཐོག་ཡིག་སྒྱུར་སོགས་ཀྱི་AIཡི་ནུས་པ་ལྡན་པས། བོད་སྐད་ཀྱི་ཡུལ་སྐད་ཆེན་པོ་གསུམ་དང་། རྒྱ་སྐད། དབྱིན་སྐད་གང་འདོད་ལྟར་སྒྱུར་ཐུབ་ཀྱི་ཡོད་པས། གཞུང་ལས་སྒྲུབ་པ་དང་སློབ་སྦྱོང་དང་། སྲིད་དོན་བློ་འདྲི། སྐད་གཉིས་སློབ་གསོ་སོགས་ཁྱབ་ཁོངས་མང་པོར་སྤྱོད་ཆོག་གི་ཡོད་ཅེས་ངོ་སྤྲོད་བྱས།


མཉམ་སྤྱོད།