དེ་རིང་ནི2025ལོའི་ཟླ12པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོ་ཚན་རིག་ཁྱབ་གདལ་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ལོ་འཁོར་གྱི་ཚན་རིག་ཁྱབ་གདལ་གྱི་གླེང་མང་བའི་ཐ་སྙད་ཡོངས་བསྒྲགས་བྱས་པ།

2025-12-12 11:05:22   |   143

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།     བཤེར་འབེབས།    རིན་ཆེན་ཚེ་རིང་། 


ཉིན་ཤས་གོང་འཚོགས་པའི2025ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་གསར་རྩོམ་ཚོགས་ཆེན་ཐོག་ཀྲུང་གོའི་ཚན་རིག་ཁྱབ་གདལ་རྩོམ་པ་པོའི་མཐུན་ཚོགས་ཀྱིས2025ལོའི་ལོ་འཁོར་གྱི“ཚན་རིག་ཁྱབ་གདལ་གྱི་གླེང་མང་བའི་ཐ་སྙད་བཅུ”ཁྱབ་བསྒྲགས་བྱས་པ་རེད།

དམངས་ཡོངས་ཀྱིས་ཚན་རིག་ལ་དགའ་ཞེན་བྱེད་པའི་སྤྲོ་སེམས་སྐུལ་སློང་དང་། སྤྱི་ཚོགས་ཡོངས་སུ་ཚན་རིག་ལ་བརྩི་མཐོང་དང་ཚན་རིག་ལ་དགའ་ཞེན་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་ཆེད། ཀྲུང་གོ་ཚན་རིག་ཁྱབ་གདལ་རྩོམ་པ་པོའི་མཐུན་ཚོགས་ཀྱིས་རྒྱལ་ཡོངས་ཚན་རིག་ལག་རྩལ་གྱི་ཐ་སྙད་ཞིབ་བཤེར་གཏན་འབེབས་ཨུ་ལྷན་དང་མཉམ་འབྲེལ་ཐོག“2025ལོའི་ལོ་འཁོར་གྱི་ཚན་རིག་ཁྱབ་གདལ་གྱི་གླེང་མང་བའི་ཐ་སྙད”དཔྱད་འདེམས་ལས་དོན་ཐུན་མོང་ཐོག་སྤེལ་བ་རེད། ཆེད་མཁས་པའི་ཚོགས་ཆུང་གིས་ཁྱབ་ཁོངས་ཁག་གི་འོས་སྦྱོར་བྱས་པའི་གླེང་མང་བའི་ཐ་སྙད་རྒྱ་ཁྱབ་ངང་བསྡུ་རུབ་བྱས་པའི་རྨང་གཞིའི་ཐོག རྒྱལ་ཁབ་ཀྱི་སྐད་ཡིག་ཐོན་ཁུངས་ལྟ་ཞིབ་ཚད་ལེན་གྱི་སྐད་བརྡའི་མཛོད་སོགས་གྲངས་གཞིའི་ལས་སྟེགས་ཀྱི་སྡོམ་རྩིས་དབྱེ་ཞིབ་ལ་བརྟེན་ནས། “ལས་རིགས་ནང་ཁུལ་གྱི་ཁས་ལེན་དང་། སྨྱན་སྦྱོར་གྱིས་དོ་ཁུར་བྱེད་པ། སྤྱི་དམངས་ཀྱིས་དོ་ཁུར”བཅས་རྩ་དོན་དུ་བྱས་ཏེ། གྲོས་བསྡུར་དང་དཔྱད་མོལ་གང་ལེགས་བྱས་པ་བརྒྱུད། 2025ལོའི་ལོ་འཁོར་གྱི་གླེང་མང་བའི་ཐ་སྙད་བཅུ་གྲུབ་ཡོད། དེ་དག་ནི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཟླ་བ་དང་ཚན་རིག་པའི་སྙིང་སྟོབས། དཔེ་དབྱིབས་ཆེན་མོ། དམའ་དབྱིངས་དཔལ་འབྱོར། མི་གཟུགས་འཕྲུལ་མི། རིག་ནུས་འདུས་གྲུབ། གསར་གཏོད་རིག་གནས། བཟོ་ལས་ཤུལ་བཞག ལྗོངས་རྣམ་གསར་བཟོ། ཚན་འཕྲུལ་ཐོན་ལས་བཅས་རེད། 

ཐ་སྙད་བཅུ་པོ་དེ་དག་ཚན་རྩལ་དང་། རིག་གནས། སྤྱི་ཚོགས་སོགས་ཀྱི་ཟུར་ཚད་ཐོག་ནས2025ལོའི་རང་རྒྱལ་གྱི་ཚན་རིག་ཁྱབ་གདལ་བྱ་གཞག་འཕེལ་རྒྱས་དང་། ཚན་རྩལ་གྱི་མདུན་གྲལ་འགུལ་རྣམ། ཚན་རིག་བརྒྱུད་སྤེལ་དང་སྤྱི་ཚོགས་རིག་གནས་མཉམ་འདྲེས་ཀྱི་སྤྱིའི་རྣམ་པ་དང་ལྟེ་བའི་ཁ་ཕྱོགས་ཕྱོགས་བསྡུས་ཐོག་བཀོད་ཡོད་པ་དང་། དེ་ནི་དེང་སྐབས་དང་དེ་བཞིན་དེའི་རྗེས་ཀྱི་དུས་མཚམས་ཤིག་རིང་ཚན་རིག་ཁྱབ་གདལ་གསར་གཏོད་བྱེད་མཁན་གྱིས་གཙོ་གནད་ཐོག་དོ་ཁུར་བྱེད་དགོས་པའི་ཁ་ཕྱོགས་དང་ཁྱབ་ཁོངས་ཤིག་རེད།


མཉམ་སྤྱོད།