དེ་རིང་ནི2025ལོའི་ཟླ12པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

“2025ལོའི་ཧྲང་ཧའེ་དང་ཐའེ་པེའི་གྲོང་ཁྱེར་གླེང་སྟེགས”ཟླ12པའི་ཚེས28ཉིན་འཚོག་རྒྱུ་རེད།

2025-12-12 11:37:53   |   54

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   ཞིན་ཧྭ་གསར་འགྱུར་ཁང་།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ12པའི་ཚེས12ཉིན་གྱི་གློག་འཕྲིན། ཧྲང་ཧའེ་དང་ཐའེ་པེ་གྲོང་ཁྱེར་གཉིས་ཀྱི་འབྲེལ་ཡོད་ཕྱོགས་ཀྱིས་གྲོས་ཐག་བཅད་པ་བརྒྱུད།“2025ལོའི་ཧྲང་ཧའེ་དང་ཐའེ་པེ་གྲོང་ཁྱེར་གྱི་གླེང་སྟེགས”དེ་ཟླ་པའི12ཚེས28ཉིན་ཧྲང་ཧའེ་རུ་འཚོག་རྒྱུ་རེད།

ད་ཐེངས་ཀྱི་གླེང་སྟེགས་ཐོག“ཚན་རྩལ་གྱིས་འཚོ་བར་འགྱུར་ལྡོག་གཏོང་རྒྱུ”བརྗོད་དོན་གཙོ་བོར་བྱས་ནས་སྤེལ་རེས་དང་ཞིབ་བསྡུར་བྱས་པ་བརྒྱུད་ཚན་རྩལ་སྨན་བཅོས་དང་། ལྕགས་ལམ་འགྲིམ་འགྲུལ། བདེ་ཐང་རྒན་གསོ་སོགས་ཐད་ཀྱི་གྲོང་ཁྱེར་གཉིས་པོའི་ཉམས་མྱོང་མཉམ་སྤྱོད་དང་མཉམ་འགུལ་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུ་རེད། གླེང་སྟེགས་རིང་གྲོང་ཁྱེར་གཉིས་ཀྱིས་འབྲེལ་ཡོད་སྤེལ་རེས་མཉམ་ལས་དྲན་ཐོར་མིང་རྟགས་བཀོད་དེ་ཧྲང་ཧའེ་དང་ཐའེ་པེ་གྲོང་ཁྱེར་གཉིས་ཀྱི་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་སྔར་བས་ཟབ་ཏུ་གཏོང་རྒྱུ་རེད།

“གྲོང་ཁྱེར་གཉིས་ཀྱི་གླེང་སྟེགས”2010ལོ་ནས་བཟུང་ཧྲང་ཧའེ་གྲོང་ཁྱེར་དང་ཐའེ་པེ་གྲོང་ཁྱེར་གྱིས་རེས་མོས་ངང་གཉེར་བ་དང་། དེ་ནི་གྲོང་ཁྱེར་གཉིས་དབར་གྱི་ལམ་སྲོལ་ཅན་གྱི་སྤེལ་རེས་ལས་སྟེགས་གལ་ཆེན་ཞིག་ཡིན་པས། ངོགས་གཉིས་ཀྱི་སྤུན་ཟླའི་དབར་གྱི་བརྩེ་དུང་དང་བདེ་སྐྱིད་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་དང་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། གྲོང་ཁྱེར་གཉིས་ཀྱིས་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་གྲོས་བསྡུར་དང་སྤེལ་རེས་གཏིང་ཟབ་བྱས་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་སྲ་བརྟན་དང་རྒྱ་ཆེར་བཏང་བས་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ད་བར་ཕྱོགས་གཉིས་པོས་སྤེལ་རེས་མཉམ་ལས་ཀྱི་དྲན་ཐོའི་རྣམ་གྲངས47ལ་མིང་རྟགས་བཀོད་ཡོད།


མཉམ་སྤྱོད།