དེ་རིང་ནི2025ལོའི་ཟླ12པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ད་ལོའི་མི་ཐབས་རིག་ནུས་ཀྱི་ལྟེ་བའི་ཐོན་ལས་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་ལས་བརྒལ་རེ་ཡོད་པ།

2025-12-15 08:58:57   |   66

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།   ཞིན་ཧྭ་དྲ་བ།    བཤེར་འབེབས།    རིན་ཆེན་ཚེ་རིང་།


གསར་འགོད་པས་ཀྲུང་གོ་ཆ་འཕྲིན་འཕྲིན་གཏོང་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2024ལོར། རང་རྒྱལ་གྱི་མི་ཐབས་རིག་ནུས་ཀྱི་ལྟེ་བའི་ཐོན་ལས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར9000ལས་བརྒལ་ནས་འཕར་ཚད24%སླེབས་ཡོད། རགས་རྩིས་བྱས་པར་གཞིགས་ན། སྔོན་དཔག་གི2025ལོའི་མི་ཐབས་རིག་ནུས་ཀྱི་ལྟེ་བའི་ཐོན་ལས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི1.2ལས་བརྒལ་རེ་ཡོད་པ་རེད།

གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོ་ཚུན་ཏུ་ཐོན་སྐྱེད་བཟོ་སྐྲུན་ལྷུ་ཚིགས་ཀྱི་དཔེ་དབྱིབས་ཆེན་པོ་སྤྱོད་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་། བེད་སྤྱོད་དཔེ་མཚོན་གྱིས་བཟུང་བའི་བསྡུར་ཚད་ན་ནིང་གི19.9%ནས25.9%བར་འཕར་ནས་མི་ཐབས་རིག་ནུས་ཐོན་ལས་ཀྱི་གཞི་ཁྱོན་མགྱོགས་མྱུར་འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད་པ་རེད།

ཀྲུང་གོ་ཆ་འཕྲིན་འཕྲིན་གཏོང་ཞིབ་འཇུག་ཁང་གི་འབྲེལ་ཡོད་ཆེད་མཁས་པས་ད་ལོ་ཚུན་ཏུ། སྐད་ཡིག་དང་དཔེ་དབྱིབས་མང་བའི་གོ་བ་ལེན་ནུས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་ཅེས་བཤད་པ་རེད། མིག་སྔར། རྒྱལ་ཡོངས་སུ་གྲངས་གཞི་འཚོལ་སྡུད་ཁང27བསྐྲུན་ནས་རིག་ནུས་དཔེ་དབྱིབས་སྦྱོང་བརྡར་ལ་རིན་ཐང་མཐོ་བའི་གྲངས་གཞི་མཁོ་འདོན་བྱས་ཡོད།


མཉམ་སྤྱོད།