དེ་རིང་ནི2025ལོའི་ཟླ12པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2026ལོར་བུ་བཙའི་གཟིགས་སྐྱོང་སྲིད་ཇུས་འདི་དག་ལག་བསྟར་བྱ་རྒྱུ།

2025-12-15 15:08:00   |   53

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། རྒྱལ་ཡོངས་སྨན་བཅོས་འགན་སྲུང་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཚོགས་འདུའི་ཐོག་གྲངས་གཞི་དང་བྱ་ཐབས་མང་པོ་ཁྱབ་བསྒྲགས་བྱས་པ་རེད། དེའི་ནང2026ལོར་རྒྱལ་ཡོངས་སུ་གཞི་རྩའི་ཆ་ནས་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་ཕྲུ་གུ་སྐྱེ་མཁན་མི་སྒེར་གྱིས"རང་དངུལ་སྤྲོད་མི་དགོས་པ"མངོན་འགྱུར་ཡོང་བར་བརྩོན་ལེན་བྱ་རྒྱུ་ཚུད་ཡོད།

图片1.png

རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས"ལོ་ལྔའི་འཆར་གཞི་བཅུ་བཞི་པའི"རིང་། རྒྱལ་ཡོངས་ཀྱི་བུ་བཙའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་དུང་ཕྱུར2.55ཟིན་ཡོད། རྒྱལ་ཡོངས་ཚང་མར་ཆ་རྐྱེན་དང་མཐུན་པའི་རམ་འདེགས་སྐྱེ་འཕེལ་རྣམ་གྲངས་ཚང་མ་སྤྱིའི་ཆ་ནས་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ནང་བཅུག་པ་དང་། ཞིང་ཆེན7གྱི་སྲིད་ཇུས་ཁྱབ་ཁོངས་ནང་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བའི་སྨན་བཅོས་འགྲོ་གྲོན་ཆ་ཚང་འགན་སྲུང་བྱེད་པ་མངོན་འགྱུར་བྱུང་བ་དང་། གཅིག་གྱུར་འཆར་འགོད་ཁུལ95%ལ་ཉེ་བས་བུ་བཙའི་ཕོགས་སྣོན་ཁ་གསབ་ཐད་ཀར་འགན་བཅོལ་ནང་ཞུགས་མཁན་ལ་སྤྲད་ཡོད་ཅེས་བསྟན་འདུག

2026ལོར། སྨན་བཅོས་འགན་བཅོལ་སྡེ་ཁག་གིས་སྟབས་བསྟུན་ལས་ཞུགས་མི་སྣ་དང་ཞིང་པ་ལས་མི། ལས་ཞུགས་རྣམ་པ་གསར་པའི་མི་སྣ་བཅས་བུ་བཙའི་འགན་བཅོལ་ཁྱབ་ཁོངས་སུ་འཇུག་པར་སྐུལ་འདེད་གཏོང་རྒྱུ་དང་། ཕྲུ་གུ་མ་སྐྱེས་གོང་གི་ཞིབ་བཤེར་སྨན་བཅོས་འགྲོ་གྲོན་འགན་སྲུང་ལུགས་མཐུན་ངང་ཆུ་ཚད་མཐོ་རུ་བཏང་ནས། རྒྱལ་ཡོངས་སུ་གཞི་རྩའི་ཆ་ནས་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་ཕྲུ་གུ་སྐྱེ་མཁན་མི་སྒེར་གྱིས"རང་དངུལ་སྤྲོད་མི་དགོས་པ"མངོན་འགྱུར་ཡོང་བར་བརྩོན་ལེན་བྱ་རྒྱུ། ཕྲུ་གུ་སྐྱེ་སྐབས་ཀྱི་ན་ཟུག་འཇོམས་པའི་རྣམ་གྲངས་འོས་འཚམས་དག་གོ་རིམ་ལྟར་ཐེབས་རྩའི་གཏོང་སྤྲོད་ཁྱབ་ཁོངས་ནང་འཇོག་རྒྱུ་དང་། བུ་བཙའི་ཕོགས་སྣོན་ཁ་གསབ་གོ་རིམ་ལྟར་ཐད་ཀར་འགན་བཅོལ་ནང་ཞུགས་མཁན་ལ་སྤྲོད་རྒྱུ་ཁྱོན་ཡོངས་ནས་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་པ་རེད།


མཉམ་སྤྱོད།