དེ་རིང་ནི2025ལོའི་ཟླ12པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རང་རྒྱལ་གྱིས་ཐོན་ཁུངས་ཨང་གསུམ་པའི་སྲུང་སྐར04བདེ་བླག་ངང་འཕེན་གཏོང་བྱས་པ།

2025-12-16 14:47:52   |   50

སྒྲིག་སྒྱུར།    སངས་དོན།      ཡོང་ཁུངས།    ཀྲུང་གོ་གསར་འགྱུར་དྲ་བ།     བཤེར་འབེབས།    རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བ་པེ་ཅིང་ནས་ཟླ12པའི་ཚེས16ཉིན་གྱི་གློག་འཕྲིན། པེ་ཅིང་གི་དུས་ཚོད་ཟླ12པའི་ཚེས16ཉིན་གྱི་དུས་ཚོད11:17སྟེང་། རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་བཞི་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ་ཐོན་ཁུངས་ཨང་གསུམ་པའི་སྲུང་སྐར04བདེ་བླག་ངང་འཕེན་གཏོང་བྱས་པ་དང་། སྲུང་སྐར་བདེ་བླག་ངང་གཏན་འཁེལ་བྱས་པའི་འཁོར་ལམ་དུ་བསྐྱོད་དེ་འཕེན་གཏོང་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད།

010.jpg

ཐེངས་འདིའི་ལས་འགན་ནི་རྒྱང་སྐྱོད་རིམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་འཕུར་སྐྱོད་བྱེད་ཐེངས617པ་རེད།


མཉམ་སྤྱོད།