དེ་རིང་ནི2025ལོའི་ཟླ12པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཏམ་བཟང་། མཚོ་བྱང་ཁུལ་གྱི་མཛེས་ལྗོངས་ཁུལ4ལ་རྒྱལ་ཁབ་ཀྱིAརིམ་པའི་ཁས་ལེན་ཐོབ།

2025-12-17 11:18:54   |   239

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་བྱང་རིག་གནས་གནས་སྐོར་ཅུའི་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིང་གིས་དངོས་སུ་སྤྱི་བསྒྲགས་སྤེལ་ཏེ། མཛེས་ལྗོངས་ཁུལ12རྒྱལ་ཁབ་ཀྱིAརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་དུ་གཏན་འཁེལ་བྱས། དེའི་ནང་མཚོ་བྱང་ཁུལ་གྱི་མཛེས་ལྗོངས་ཁུལ4ཡིས་སྤུས་ལེགས་ཐོན་ཁུངས་དང་ཞབས་ཞུའི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་ཀྱིAརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་དུ་བདམས་པ་དང་། རིག་གནས་གནས་སྐོར་འཕེལ་རྒྱས་ཀྱི་ལེའུ་གསར་པ་སླར་ཡང་བརྩམས་པ་རེད། 

རྒྱལ་ཁབ་ཀྱིAAAAརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་ནི།

མདོ་ལ་རིང་མོའི་ཨ་མྱེས་མེ་ལྷ་གངས་དཀར་མཛེས་ལྗོངས་ཁུལ། གངས་རི་བརྗིད་ཉམས་ལྡན་ཞིང་ས་མཐོའི་ངོ་མཚར་མངོན།

1.jpg

བོན་གྱཱ་ཕྱུགས་རའི་མཛེས་ལྗོངས་ཁུལ། རྩྭ་ཐང་ཡངས་ཤིང་རྒྱ་ཆེ་ལ་བག་ཕེབས་འཚོ་བའི་ཉམས་འགྱུར་མངོན།

2.jpg

རྒྱལ་ཁབ་ཀྱིAAAརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་ནི།

ནུབ་མཚོ་ཆུ་ཁོལ་མཛེས་ལྗོངས་ཁུལ། རང་བྱུང་ཆུ་ཁོལ་ལ་བརྟེན་ནས་གུང་གསེང་རྣམ་པ་གསར་པ་བཏོད།

1.jpg

མདོ་ལའི་ལྷ་མཚོའི་མཛེས་ལྗོངས་ཁུལ། མཚེའུ་སྔོ་ཞིང་དྭངས་ལ་མདོ་ལོའི་རྣལ་མའི་མཛེས་ལྗོངས་མངོན།

2.jpg

ཐེངས་འདིའི་གཟི་བརྗིད་མཚན་སྙན་ནི་མཚོ་བྱང་ཁུལ་གྱི་རིག་གནས་གནས་སྐོར་ཐོན་ཁུངས་ཀྱི་སྤུས་ཚད་ལ་དབང་གྲགས་ལྡན་པའི་ཁས་ལེན་བྱས་པ་ཞིག་ཡིན་ལ། ཁུལ་ཡོངས་ཀྱིས“རིག་གནས་གནས་སྐོར་མཉམ་འདྲེས”གྱི་འཕེལ་རྒྱས་ལ་འབད་པ་བྱས་པའི་གྲུབ་འབྲས་བརྟན་པོ་ཞིག་ཀྱང་རེད། གངས་རི་ནས་ཕྱུགས་ར། ཆུ་ཁོལ་ནས་ལྷ་མཚོ་སོགས་མཚོ་བྱང་གིས་ཐོག་མཐའ་བར་གསུམ་དུ་ས་མཐོའི་རྣམ་པ་ངོ་མ་དང་སྤུས་ལེགས་ཀྱི་གནས་སྐོར་ཞབས་ཞུའི་ཐོག་ནས་ཕྱོགས་བཞིའི་གནས་སྐོར་བར་བསུ་བ་བྱེད་བཞིན་འདུག

མ་འོངས་པར། མཚོ་བྱང་ཁུལ་གྱིས་ཐེངས་འདིའི་རིམ་འདེམ་གོ་སྐབས་སུ་བྱས་ཏེ་མཛེས་ལྗོངས་ཁུལ་གྱི་སྒྲིག་བཀོད་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་། རིག་གནས་གནས་སྐོར་གྱི་ལས་རྣམ་ཕུན་སུམ་ཚོགས་སུ་བཏང་ནས་གནས་སྐོར་བ་ཚང་མས“སྙན་ངག་དང་རྒྱང་རིང”ཁྲོད་ས་མཐོའི་ངོ་མཚར་ལ་མྱོང་རོལ་ཐུབ་པ་བྱ་རྒྱུ་ཡིན། དེ་བས་ལྷན་རྒྱས་མཚོ་བྱང་ལ་ཕེབས་ནས་མཚོ་བྱང་གི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་དང་མངོན་གསལ་དོད་པོའི་མི་ཆོས་རིག་གནས་ལ་ཉམས་ལེན་བྱེད་པར་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་ཞུ་བ་ཡིན།


མཉམ་སྤྱོད།