དེ་རིང་ནི2025ལོའི་ཟླ12པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དམངས་ཡོངས་ཀྱི་དཔེ་ཀློག་གཟའ་འཁོར་གཏན་འཁེལ་བྱས་འདུག

2025-12-18 15:44:54   |   138

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


《དམངས་ཡོངས་ཀྱི་དཔེ་ཀློག་སྐུལ་སྤེལ་སྲོལ་ཡིག》ཅེས་པ་ཚེས16ཉིན་ཁྱབ་བསྒྲགས་བྱས་པ་དང་། 2026ལོའི་ཟླ2པའི་ཚེས1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད། སྲོལ་ཡིག་དེར་ཁྱོན་སྡོམ་ལེའུ6དང་དོན་ཚན45ཡོད་ཅིང་། སྤྱིའི་རྩ་དོན་དང་། དམངས་ཡོངས་ཀྱི་དཔེ་ཀློག་ཁྱབ་གདལ། དམངས་ཡོངས་ཀྱི་དཔེ་ཀློག་ཞབས་ཞུ། དམངས་ཡོངས་ཀྱི་དཔེ་ཀློག་འགན་ལེན། ཁྲིམས་ལུགས་ཀྱི་འགན་འཁྲི་དང་ཞར་བྱུང་དོན་ཚན་བཅས་སུ་དབྱེ་ཡོད།

图片1.png

གཙོ་གནད་གཤམ་གསལ་ལྟར།

  • སྤྱི་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཆ་སྙོམས་རང་བཞིན། སྟབས་བདེའི་རང་བཞིན་བཅས་ཀྱི་བླང་བྱ་ལྟར། དམངས་ཡོངས་ལ་ཁྱབ་པ་དང་ཀུན་ཕན་ནུས་ཆེའི་དམངས་ཡོངས་ཀྱི་དཔེ་ཀློག་སྐུལ་སྤེལ་མ་ལག་འཛུགས་དགོས།

  • རྒྱལ་ཁབ་ཀྱིས་ནང་དོན་སྐྱོན་བྲལ་ཡར་ཐོན་དང་། རིག་གནས་ཀྱི་རྨང་གཞི་མངོན་པ། རྣམ་པ་སྣ་མང་ཕུན་ཚོགས་པ་བཅས་ཀྱི་དམངས་ཡོངས་ཀྱི་དཔེ་ཀློག་ཁྱབ་གདལ་བྱེད་སྒོ་སྤེལ་བར་བསྔགས་སྐུལ་བྱེད་པ་དང་། དམངས་ཡོངས་ཀྱི་དཔེ་ཀློག་ཁྱབ་གདལ་བྱེད་སྒོ་དེ་ས་ཁུལ་ཁག་དང་ལས་རིགས་ཁག་གི་ཁྱད་ཆོས་དང་ཟུང་འབྲེལ་བྱ་རྒྱུ་དར་སྤེལ་གཏོང་དགོས།

    ལོ་རེའི་ཟླ4པའི་གཟའ་འཁོར་བཞི་པ་ནི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་གཟའ་འཁོར་ཡིན།

图片4.png

  • རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུའི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། འཆར་གཞི་ཡོད་པའི་སྒོ་ནས་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དང་། བཀོལ་སྤྱོད་ལྡན་ཞིང་སྟབས་བདེ་བ། ཞབས་ཞུའི་ནུས་ཕྱོད་ཆེ་བའི་དམངས་ཡོངས་ཀྱི་དཔེ་ཀློག་སྒྲིག་བཀོད་བཀོད་སྒྲིག་བྱ་དགོས།

  • སྤྱི་པའི་དཔེ་མཛོད་ཁང་གིས་སྤྱི་དམངས་ལ་རིན་མེད་ངང་དཔེ་ཀློག་ཁང་དང་། རང་སྦྱོང་ཁང་གི་སྒོ་འབྱེད་དགོས་ཤིང་། དཔེ་སྒྲོམ་དང་རྐུབ་སྟེགས་སྒྲིག་སྦྱོར་གྱིས་འབྲེལ་ཡོད་ཀྱི་དཔེ་ཀློག་ཞབས་ཞུ་མཁོ་འདོན་བྱ་དགོས།

  • ཆ་རྐྱེན་འཛོམས་པའི་དམངས་ཡོངས་ཀྱི་ལྟ་ཀློག་སྒྲིག་བཀོད་དག་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་རིན་མེད་དམ་ཡང་ན་གཟིགས་སྐྱོང་རྣམ་པའི་ཐོག་ནས་སྤྱི་དམངས་ལ་སྒོ་འབྱེད་དགོས་པ་དང་། སྒོ་འབྱེད་པའི་དུས་ཚོད་ཡོངས་བསྒྲགས་བྱ་དགོས། ཆ་རྐྱེན་འཛོམས་པའི་དམངས་ཡོངས་ཀྱི་ལྟ་ཀློག་སྒྲིག་བཀོད་དག་གིས་རྒྱལ་ཁབ་ཀྱི་ཁྲིམས་བཀོད་དུས་ཆེན་དང་གུང་གསེང་དང་། ངལ་གསོའི་ཉིན་མོ། སློབ་གྲྭའི་དགུན་ཁ་དང་དབྱར་དུས་གུང་གསེང་རིང་བཅས་སུ་སྒོ་འབྱེད་དུས་འོས་འཚམ་རིང་དུ་གཏོང་ཆོག

  • རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་གནས་ཚུལ་དངོས་ལ་གཞིགས་ཏེ། སྲིད་ཇུས་བྱེད་ཐབས་བཟུང་ནས་དངོས་གཞིའི་དཔེ་ཁང་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། དངོས་གཞིའི་དཔེ་ཁང་གིས་ལྟ་ཀློག་ཆ་རྐྱེན་ལེགས་བཅོས་དང་ལྟ་ཀློག་བྱེད་སྒོ་སྤེལ་བར་བསྔགས་སྐུལ་བྱས་ནས། དམངས་ཡོངས་ཀྱི་ལྟ་ཀློག་ཞབས་ཞུའི་ནུས་པ་འདོན་སྤེལ་བྱ་དགོས།

  • རྒྱལ་ཁབ་ཀྱིས་གྲངས་འཛིན་ལྟ་ཀློག་དང་སྲོལ་རྒྱུན་ལྟ་ཀློག་ཟུང་འབྲེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། སྤུས་ལེགས་གྲངས་འཛིན་ལྟ་ཀློག་གི་ནང་དོན་མཁོ་འདོན་བྱ་རྒྱུར་སྐུལ་འདེད་བཏང་ནས། གྲངས་འཛིན་ལྟ་ཀློག་གི་སྟབས་བདེའི་རང་བཞིན་དང་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་དགོས།

图片2.png

  • ནར་མ་སོན་པའི་མིའི་ཕ་མའམ་ལྟ་སྐྱོང་བྱེད་མི་གཞན་དག་གིས་ངག་སློབ་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་པ་དང་། ཁྱིམ་ཚང་གི་དཔེ་ཀློག་དང་མ་བུའི་དཔེ་ཀློག་སོགས་རང་ནུས་གང་ལྕོགས་ཀྱིས་སྤེལ་ཏེ། ནར་མ་སོན་པའི་མིར་དཔེ་ཀློག་གོམས་གཤིས་བཟང་པོ་ཆགས་རྒྱུར་རོགས་རམ་བྱ་དགོས།

  • བུ་བཅོལ་ཁང་གིས་བྱིས་པར་འོས་ཤིང་འཚམ་པའི་ཀློག་དེབ་མཁོ་འདོན་དང་། ལྟ་ཀློག་ཁོར་ཡུག་གི་ཆ་རྐྱེན་ལེགས་པོ་བསྐྲུན་ནས། བྱིས་པའི་དཔེ་ཀློག་སྤྲོ་སྣང་དང་དཔེ་ཀློག་གོམས་གཤིས་གསོ་སྐྱོང་བྱ་དགོས།

  • སློབ་གྲྭ་འབྲིང་ཆུང་གིས་བྱང་ཚད་སློབ་གསོའི་བླང་བྱ་ལྟར། དཔེ་ཀློག་སློབ་གྲྭ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སློབ་ཁྲིད་འཆར་གཞིའི་ཁྲོད་ཀྱི་དཔེ་ཀློག་གི་བསྡུར་ཚད་མང་དུ་གཏོང་བ། དཔེ་ཀློག་སློབ་ཚན་འཛུགས་པ། དཔེ་ཀློག་ཟུར་ཁྲིད་བྱེད་པ། སློབ་གྲྭའི་དཔེ་ཀློག་བྱེད་སྒོ་སྒྲིག་འཛུགས་བྱེད་པ་བཅས་ཀྱིས། སློབ་མར་དཔེ་ཀློག་གོམས་གཤིས་འཇགས་པར་རོགས་རམ་བྱ་དགོས་པ་མ་ཟད། དགེ་རྒན་གྱི་དཔེ་ཀློག་ཐད་ཁྲིད་སྟོན་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས། དགེ་རྒན་གྱི་དཔེ་ཀློག་མཛུབ་སྟོན་ནུས་པ་མཐོ་རུ་གཏོང་དགོས།

图片3.png

  • མཐོ་རིམ་སློབ་གྲྭས་དཔེ་ཀློག་དེ་སློབ་གསོ་སློབ་ཁྲིད་ཀྱི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ཏེ། སློབ་མར་དཔེ་ཀློག་གི་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པོ་སྒྲིག་འཛུགས་བྱེད་པ་དང་། སློབ་མའི་དཔེ་ཀློག་གི་ནང་དོན་གསར་གཏོད་དང་སློབ་མའི་བསམ་པའི་འཇིག་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། སློབ་མའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་བཅས་ལ་བསྔགས་སྐུལ་བྱ་དགོས།

  • དམངས་ཡོངས་ཀྱི་དཔེ་ཀློག་སྒྲིག་བཀོད་དོ་དམ་ཚན་པས་རྒན་རྒོན་གྱི་དཔེ་ཀློག་དགོས་མཁོ་དང་ཁྱད་ཆོས་ལ་བསམ་བློ་བཏང་ནས། རྒན་རྒོན་དང་འཚམ་པའི་དཔེ་ཀློག་ནང་དོན་མཁོ་འདོན་བྱེད་པ་དང་རྒན་རྒོན་དང་འཚམ་པའི་ཞབས་ཞུའི་ཚད་གཞི་ལེགས་སྒྱུར་བྱ་དགོས། ཆ་རྐྱེན་ཡོད་པའི་རྒན་རྒོན་སློབ་གྲྭ་ཆེན་མོ་དང་སློབ་གྲྭ། རྒན་རྒོན་ལ་ཞབས་འདེགས་ཞུ་བའི་ལས་ཁུངས་སོགས་ཀྱིས་རྒན་རྒོན་གྱི་དཔེ་ཀློག་བྱེད་སྒོ་སྤེལ་དགོས།


མཉམ་སྤྱོད།