དེ་རིང་ནི2025ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཏམ་བཟང་། མཚོ་བྱང་ཁུལ་གྱི་ཐུན་མོང1དང་མི་སྒེར1ལ་རྒྱལ་ཡོངས་དྲིལ་སྒྲོག་ཁོངས་གཏོགས་ཀྱི་སྔོན་ཐོན་གཟེངས་བསྟོད་ཐོབ་པ།

2025-12-22 15:18:51   |   48

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ12པའི་ཚེས20ཉིན། རྒྱལ་ཡོངས་ཀྱི་རིག་གནས་ཤེས་ལྡན་མི་སྣའི་ལས་དོན་བཞུགས་མོལ་ཚོགས་འདུ་དང་རྒྱལ་ཡོངས་དྲིལ་སྒྲོག་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། མཚོ་བྱང་ཁུལ་གྱི་སྔོན་ཐོན་ཐུན་མོང1དང་སྔོན་ཐོན་མི་སྒེར1ལ་གཟེངས་བསྟོད་ཐོབ་པ་རེད།

ཐེངས་འདིའི་རྒྱལ་ཡོངས་དྲིལ་སྒྲོག་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་དཔྱད་འདེམས་གཟེངས་བསྟོད་བྱེད་སྒོ་དེ་ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུ་བཅས་ཀྱིས་མཉམ་འབྲེལ་ཐོག་དཔྱད་འདེམས་བྱས་པ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་དུས་རབས་གསར་པའི་རིག་གནས་ཤེས་ལྡན་མི་སྣའི་ལས་དོན་གྱི་གྲུབ་འབྲས་ཉམས་མྱོང་ཕྱོགས་སྡོམ་དང་། དུས་བབ་གསར་པ་དང་བླང་བྱ་གསར་པར་དབྱེ་ཞིབ། མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་རིག་གནས་ཤེས་ལྡན་མི་སྣའི་ལས་དོན་གྱི་གཙོ་གནད་ལས་འགན་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་ཏེ། རྒྱ་ཆེའི་དྲིལ་སྒྲོག་བསམ་བློ་རིག་གནས་ལས་དོན་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུར་སྐུལ་སློང་བྱ་རྒྱུ་དེ་རེད།

图片1.png

图片2.png

图片3.png


མཉམ་སྤྱོད།