དེ་རིང་ནི2025ལོའི་ཟླ12པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལྷ་ཀླུ་འདམ་རར་འཛམ་གླིང་གི་ཟིན་ཐོ་གསར་པ་འདི་འདྲ་ཞིག་སྤྲད་འདུག

2025-12-23 10:45:58   |   45

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ལམ། ལྷ་སར་སླར་ཡང་འཛམ་གླིང་གི་ཟིན་ཐོ་གསར་པ་ཞིག་ཐོབ་པ་སྟེ། ལྷ་ཀླུ་འདམ་ར་ལ“འཛམ་གླིང་གི་ས་བབ་མཐོ་ཤོས་གྲོང་ཁྱེར་གྱི་རང་བྱུང་འདམ་ར”ཞེས་པའིWRCAཡི་བདེན་དཔང་ར་སྤྲོད་ཐོབ་པ་རེད།

图片3.png

འདམ་ར་དེ་ལྷ་སའི་ངོས་ནས་བརྗོད་ན་ཡུལ་ལྗོངས་ཁོ་ན་མིན་པར། གྲོང་ཁྱེར་གྱི་སྐྱེ་ཁམས་སྲུང་བཅད་གཙོ་བོ་ཡིན་པའི་ངོས་ནས་དེས་གནམ་གཤིས་སྙོམས་སྒྲིག་དང་། གསོ་རླུང་མཁོ་འདོན། ཆུ་རྩ་གསོ་འཁྱོངས། ཆུ་གསོག་འབྲུབ་འགོག ས་འོག་གི་ཆུ་དོ་སྙོམས། དབྱང་གཉིས་ཐཱན་འགྱུར་བསྡུ་ལེན་སོགས་ལ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་བཏོན་ཡོད།

图片2.png

2023ལོར། ལྷ་ཀླུ་འདམ་རར་སྔ་རྗེས་སུ“རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན”དང“རྒྱལ་ཁབ་ཀྱི་གཞོན་ནུ་ལོ་ཆུང་གི་རང་བྱུང་སློབ་གསོའི་ལྗང་མདོག་སྒར་ས”ཞེས་པའི་མཚན་སྙན་ཐོབ་པ་མ་ཟད། 2025ལོར་ལྷ་ས་གྲོང་ཁྱེར་ལ“རྒྱལ་སྤྱིའི་འདམ་ར་གྲོང་ཁྱེར”ཞེས་པའི་མཚན་སྙན་ཡང་ཐོབ་ཡོད།

图片1.png


མཉམ་སྤྱོད།