དེ་རིང་ནི2025ལོའི་ཟླ12པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2026ལོ་ནས་བཟུང་ཆགས་སྲེད་བརྡ་འཕྲིན་བསྐུར་ན་ཁྲིམས་འགལ་ཡིན།

2025-12-24 14:41:11   |   250

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། ཨ་མདོ་བརྙན་འཕྲིན། བཤེར་འབེབ། རིན་ཆེན་ཚེ་རིང་།


2026ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་། གསར་དུ་བཟོ་བཅོས་བརྒྱབ་པའི《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ཞིང་། དེའི་ཁྲོད་ཀྱི་དོན་ཚན་བརྒྱད་ཅུ་པའི་ནང་དུ་ཆགས་སྲེད་བརྡ་འཕྲིན་ཁྱབ་སྤེལ་བྱས་པའི་ཆད་གཅོད་གཏན་འབེབས་ཁ་གསལ་ཞིབ་ཕྲ་བཟོས་ཡོད་ལ། ཆགས་སྲེད་བརྡ་འཕྲིན་ཁྱབ་སྤེལ་མཁན་ལ་ཆད་གཅོད་བྱེད་ཤུགས་ཆེ་རུ་བཏང་འདུག

《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་བརྒྱད་ཅུ་པའི་ནང་། “དྲ་ལམ་དང་ཁ་པར། དེ་མིན་འཕྲིན་གཏོང་ཡོ་བྱད་གཞན་པ་སྤྱད་ནས་ཆགས་སྲེད་བརྡ་འཕྲིན་ཁྱབ་སྤེལ་བྱེད་པ”དེ་བདེ་འཇགས་དོ་དམ་ཆད་གཅོད་ཁྱབ་ཁོངས་སུ་བསྡུས་ཡོད་ཅིང་། ཁྱབ་སྤེལ་བྱེད་ཡུལ་དེ་ཡོངས་བསྒྲགས་ཀྱི་སྐད་འཕྲིན་ཚོགས་པའི་ནང་དང་ཡང་ན་མི་སྒེར་བར་གྱི་ཁ་བརྡ་གང་ཡིན་རུང་། བདེན་དཔང་ཁུངས་བཙན་ཡིན་ན་ཉིན་བཅུའི་ཡན་དང་ཉིན་བཅོ་ལྔའི་མན་གྱི་བཀག་ཉར་བྱེད་པ་དང་། དེ་དང་མཉམ་དུ་སྒོར་སྟོང་ལྔའི་མན་གྱི་དངུལ་ཆད་གཅོད་པ། གནས་ཚུལ་ཚབས་ཆེན་མིན་ན་ཉིན་ལྔའི་མན་གྱི་བཀག་ཉར་བྱེད་པའམ་ཡང་ན་སྒོར་ཆིག་སྟོང་ཡན་དང་གསུམ་སྟོང་མན་གྱི་དངུལ་ཆད་གཅོད་པའི་གཏན་འབེབས་གསལ་བོ་བྱས་ཡོད་པ་རེད།

དམིགས་བསལ་གྱིས་གསལ་འདེབས་བྱ་དགོས་པ་ཞིག་ལ། མི་སྒེར་བར་གྱི་ཁ་བརྡའི་ཁྲོད་ནས་ཆགས་སྲེད་འདྲེས་པའི་འདྲ་པར་དང་བརྙན་ཐུང་སོགས་བསྐུར་བ་ཡང་། གལ་ཏེ་གཞན་གྱིས་ཞུ་གཏུག་ཐེར་འདོན་བྱས་པ་ཡིན་ན་ཁྲིམས་ཆད་ཕོག་སྲིད་ཅིང་། ཆགས་སྲེད་འདྲེས་པའི་དངོས་པོ་དང་བརྡ་འཕྲིན་དེ་ནར་མ་སོན་པའི་མི་དང་འབྲེལ་བ་ཡོད་ན་ཁྲིམས་ཆད་དེ་བས་ལྕི་མོ་འབབ་སྲིད་དོ།།



མཉམ་སྤྱོད།