དེ་རིང་ནི2026ལོའི་ཟླ01པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྤྱི་ལོ་གསར་ཚེས་ཀྱི་ངལ་གསོའི་རིང་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་འོང་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར5.9ལ་སླེབས་པ།

2026-01-04 11:05:14   |   217

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར་མགྲོན་སྣེ།      བཤེར་འབེབས།    རིན་ཆེན་ཚེ་རིང་།


གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ1པའི་ཚེས1ཉིན་ནས་ཚེས3ཉིན་བར། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་སྐྱོད་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར5.9(ཉིན་རེར་ཆ་སྙོམས་མི་ཐེངས་དུང་ཕྱུར1.98ཡིན)སླེབས་པ་དང་། དུས་མཚུངས་ལས(2025ལོའི་ཚེས1ནས3ཉིན་བར་ཉིན་གཅིག་གི་གུང་གསེང་རིང་། གཤམ་དུ་དེ་ལྟར་བཀོད་ཡོད)19.5%འཕར་ཡོད། 

དེའི་ནང་།

ལྕགས་ལམ་ཐོག་འགྲུལ་སྐྱེལ་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་ཁྲི4822.3སླེབས་པ་དང་། ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི1607.5ཟིན་ནས་དུས་མཚུངས་ལས53.1%འཕར་ཡོད།

གཞུང་ལམ་ཐོག་མི་སྣ་འགྲོ་སྐྱོད་བྱེད་ཚད(མྱུར་བགྲོད་གཞུང་ལམ་དང་དེ་བཞིན་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དཀྱུས་མའི་ཚོང་གཉེར་རང་བཞིན་མིན་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་མི་སྣ་འགྲོ་སྐྱོད་བྱེད་ཚད་དང་གཞུང་ལམ་གྱི་ཚོང་གཉེར་རང་བཞིན་གྱི་འགྲུལ་སྐྱེལ་བྱེད་ཚད་ཚུད་པ)སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར5.4སླེབས་པ་དང་། ཉིན་རེར་ཆ་སྙོམས་མི་ཐེངས་དུང་ཕྱུར1.8ཟིན་ནས་དུས་མཚུངས་ལས15.5%འཕར་ཡོད། དེའི་ནང་། མྱུར་བགྲོད་གཞུང་ལམ་དང་དེ་བཞིན་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དཀྱུས་མའི་ཚོང་གཉེར་རང་བཞིན་མིན་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཕྱིར་གཏོང་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར4.4སླེབས་པ་དང་། ཉིན་རེར་ཆ་སྙོམས་མི་ཐེངས་དུང་ཕྱུར1.47ཟིན་ནས་དུས་མཚུངས་ལས་14.4%འཕར་བ་དང་། གཞུང་ལམ་གྱི་ཚོང་གཉེར་རང་བཞིན་གྱི་འགྲུལ་སྐྱེལ་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར0.97སླེབས་པ་དང་། ཉིན་རེར་ཆ་སྙོམས་མི་ཐེངས་དུང་ཕྱུར0.33ཟིན་ནས་དུས་མཚུངས་ལས20.77%འཕར་ཡོད། ཏི་ཏི་ཕྱིར་སྐྱོད་གྲངས་གཞི་ལས་མངོན་པར། གུང་གསེང་རིང་རླངས་འཁོར་གཏོང་བའི་དགོས་མཁོ་དུས་མཚུངས་ལས31%འཕར་བ་དང་། 2025ལོའི་ཟླ12ཚེས31ཉིན་རྒྱལ་ནང་དུ་རླངས་འཁོར་གཏོང་བ་མང་བའི་དུས་སུ་ཆ་སྙོམས་སྐར་མ་རེར་འབོད་ཚད་ཁྲི18.9ལས་བརྒལ་ཡོད་པ་རེད།

ཆུ་ཐོག་སྐྱེལ་འདྲེན་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་ཁྲི229.0སླེབས་པ་དང་། ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི76.3ཟིན་ནས་དུས་མཚུངས་ལས35.3%འཕར་ཡོད།

དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་ཁྲི588.1སླེབས་པ་དང་། ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི196.03ཟིནནས་དུས་མཚུངས་ལས10.49%འཕར་ཡོད།


མཉམ་སྤྱོད།