དེ་རིང་ནི2026ལོའི་ཟླ01པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

པི་ཡ་ཏི་ལོ་ཧྲིལ་པོར་གློག་སྒུལ་རྐྱང་པའི་རླངས་འཁོར་ཕྱིར་ཚོང་བྱེད་ཚད་ཐེ་སི་ལ་ལས་ཐོག་མར་བརྒལ་ནས་གོ་ལ་ཧྲིལ་པོའི་ཨང་དང་པོར་གྱུར་པ།

2026-01-04 09:15:27   |   196

སྒྲིག་སྒྱུར།    སངས་དོན།     ཡོང་ཁུངས།   ཞིན་ཧྭ་དྲ་བ།     བཤེར་འབེབས།    རིན་ཆེན་ཚེ་རིང་།


01.jpg

2025ལོའི་ཟླ5པའི་ཚེས31ཉིན། ལྟད་མོ་བས་པི་ཡ་ཏི་འགྲེམས་ཁང་དུ་འགྲེམས་སྟོན་ལ་གཟིགས་པ་རེད། དེ་ཉིན2025ལོའི་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་རླངས་འཁོར་འགྲེམས་སྟོན་ཧྲེན་ཀྲེན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་གཉེར། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལེའང་ཤུས་ཀྱིས་པར་བླངས།

ཞིན་ཧྭ་གསར་འགྱུར་ཁང་ཧྲེན་ཀྲེན་ནས་འབྱོར་བའི་གློག་འཕྲིན། ཚེས3ཉིན།(གསར་འགོད་པ་ཁྲེན་ཡུས་ཤོན)གསར་འགོད་པས་ཤེས་རྟོགས་བྱུང་བའི་གནས་ཚུལ་ལས་མངོན་པར། པི་ཡ་ཏི་ལོ་ཧྲིལ་པོའི་གློག་སྒུལ་རྐྱང་པའི་རླངས་འཁོར་ཕྱིར་ཚོང་བྱེད་ཚད་ཐེ་སི་ལ་ལས་ཐོག་མར་བརྒལ་ནས་གོ་ལ་ཧྲིལ་པོའི་ཨང་དང་པོར་གྱུར་ཡོད་པ་རེད།

དེ་ཉིན་གསར་འགོད་པར་པི་ཡ་ཏི་ཀུང་སི་ནས་ཤེས་རྟོགས་བྱུང་བར། པི་ཡ་ཏི2025ལོར་ནུས་རྒྱུ་གསར་པའི་རླངས་འཁོར་ཁྲི460ཙམ་ཕྱིར་ཚོང་བྱས་པའི་ནང་། གློག་སྒུལ་རྐྱང་པའི་རླངས་འཁོར་ཁྲི226ཙམ་ཟིན་ཡོད་པ་རེད། ཐེ་སི་ལ་ཀུང་སིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2025ལོར་ཐེ་སི་ལ་ལོ་ཧྲིལ་པོར་རྩིས་སྤྲོད་བྱེད་ཚད་ཁྲི163ཙམ་ཟིན་ཡོད་པ་རེད།

2023ལོའི་དུས་ཚིགས་བཞི་པར་པི་ཡ་ཏི་གློག་སྒུལ་རྐྱང་པའི་རླངས་འཁོར་དུས་ཚིགས་ཀྱི་ཕྱིར་ཚོང་བྱེད་ཚད་ཐེ་སི་ལ་ལས་བརྒལ་ཡོད་མོད། འོན་ཀྱང་ཐེ་སི་ལ་ལོ་ཧྲིལ་པོའི་ཕྱིར་ཚོང་བྱེད་ཚད་སྔར་བཞིན་སྔོན་དུ་སླེབས་ཡོད་པ་རེད།

2025ལོར། པི་ཡ་ཏིས་ཀྲུང་གོའི་ཁྲོམ་ར་གསར་འབྱེད་བྱེད་པ་དང་ཆབས་ཅིག་ཕྱི་རྒྱལ་དུ་ཕྱིར་ཚོང་བྱེད་རྒྱ་ཆེ་རུ་བཏང་ནས་ལོ་ཧྲིལ་པོར་ཕྱི་རྒྱལ་དུ་ཕྱིར་ཚོང་བྱེད་ཚད་ཁྲི104(འགྲུལ་སྐྱེལ་རླངས་འཁོར་དང་ཕི་གཱ་རླངས་འཁོར་ཚུད་པ)ལས་བརྒལ་ནས2024ལོ་ཧྲིལ་པོར་ཕྱི་རྒྱལ་དུ་ཕྱིར་ཚོང་བྱེད་ཚད་སྡོམ་འབོར་ལས་ཆེས་ཆེར་བརྒལ་ཡོད་པ་རེད། ཡོ་རོབ་ཀྱི་ཁྲོམ་རར་གྲུབ་འབྲས་ཆེན་པོ་བླངས་ནས་ལ་ཏིང་མེ་གླིང་དང་ཨེ་ཤེ་ཡ་ཤར་ལྷོའི་ཁྲོམ་ར་གསར་འབྱེད་ཧུར་ཐག་བྱས་པ་དང་། ཕྱི་ཕྱོགས་སུ་སྐྱོད་ཚད་རིམ་རྩིས་བྱས་ན་རྒྱལ་ཁབ་དང་ས་ཁུལ110ལྷག་ཙམ་ལ་ཁྱབ་ནས་ཕྱིར་གཏོང་འཕར་ཚད་མགྱོགས་ཤོས་ཀྱི་ཀྲུང་གོའི་རླངས་འཁོར་ཁེ་ལས་ཀྱི་གྲས་ཤིག་ཏུ་གྱུར་ཡོད།

དེ་དང་ཆབས་ཅིག པི་ཡ་ཏིས་ཀྱང་ས་གནས་དེ་གའི་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་བཏང་ཡོད། མིག་སྔར་པི་ཡ་ཏི་ཐེ་ལན་དང་། ཨུ་ཟ་བྷེ་ཁི་སི་ཐན། པར་ཙིར་བཅས་ཀྱི་འགྲུལ་སྐྱེལ་རླངས་འཁོར་བཟོ་གྲྭ་ལས་མཇུག་འགྲིལ་ནས་ཐོན་སྐྱེད་བྱེད་མགོ་ཚུགས་པ་དང་། ཧང་ག་རིར་གནས་པའི་ཡོ་རོབ་ཀྱི་བཟོ་གྲྭ་དང་པོ་དེའང་ཐོན་སྐྱེད་བྱེད་མགོ་ཚུགས་ཉེར་ཡོད་པ་རེད།

2025ལོའི་ཟླ12པའི་ཟླ་སྟོད་དུ་འཚོགས་པའི་པི་ཡ་ཏི2025ལོའི་གནས་སྐབས་མ་རྐང་འཇོག་མཁན་ཚོགས་འདུ་ཐེངས་གཉིས་པའི་ཆ་འཕྲིན་ལས་མངོན་པར། པི་ཡ་ཏིས་དེའི་ལག་རྩལ་གྱི་སྔོན་ཐོན་ལེགས་ཆར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་འབྱུང་འགྱུར་ལོ་ཤས་ནང་ལག་རྩལ་དེ་བས་མང་བའི་ཐོག་ནས་ལས་རིགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུའི་ཡིད་ཆེས་ཡོད་པ་རེད།

ཀོང་ཏུང་ཞིང་ཆེན་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་མཐུན་ཚོགས་ཀྱི་དྲུང་ཆེ་ཀྲོའུ་ཧྥ་ཐའོ་ཡིས་ལྷུ་ལག་ཉོ་སྒྲུབ་བྱེད་ནུས་ཆེ་རུ་བཏང་ནས་རིན་གོང་གི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་ཕྱི་རྒྱལ་གྱི་ཁྲོམ་རར་ཞིབ་ཚགས་ཅན་གྱི་ཕྱིར་ཚོང་ཐབས་ཇུས་སྤྱད་པ་དེ་ནི་པི་ཡ་ཏི་ཕྱི་རྒྱལ་དུ་ཕྱིར་ཚོང་བྱེད་ཚད་ཆེས་ཆེར་འཕར་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད། དེའི་ཕྱིར་ཚོང་བྱེད་ཚད་དང་ཁྲོམ་རའི་མཚོན་ཚུལ་ཐོག་ནས་གོ་ལ་ཧྲིལ་པོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་ཁྲོད་ཀྱི་ཀྲུང་གོའི་གནས་བབ་སྔར་བས་གལ་ཆེན་དུ་གྱུར་ནས་གོ་ལ་ཧྲིལ་པོའི་གློག་སྒུལ་རླངས་འཁོར་གྱི་འཛད་སྤྱོད་པར་དེ་བས་སྤུས་ལེགས་དང་སྣ་མང་གི་གདམ་ག་མཁོ་འདོན་བྱས་ཡོད་པ་མཚོན་ཡོད།


མཉམ་སྤྱོད།