དེ་རིང་ནི2026ལོའི་ཟླ01པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་དུ་གནམ་ལོ་གསར་ཚེས་ཀྱི་རིག་གནས་གནས་སྐོར་གྱི་ཚ་རླབས་འཕྱུར།

2026-01-05 09:35:38   |   159

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


2026ལོའི་གནམ་ལོ་གསར་ཚེས་ཀྱི་སྐབས་སུ། མཚོ་བྱང་ཁུལ་གྱི་ས་གནས་སོ་སོར་གློག་སྒྲོན་གྱིས་བརྒྱན་པ་དང་དགའ་སྤྲོའི་རྣམ་པས་ཁེངས་ནས"རིག་གནས+སྐྱེ་ཁམས+ལུས་རྩལ+གནས་སྐོར"བཅས་མཉམ་འདྲེས་གཏིང་ཟབ་བྱེད་སྟངས་ལ་བརྟེན་ནས་རིགས་ཆེ་གྲས7གྱི་ཁྱད་ལྡན་རིག་གནས་གནས་སྐོར་བྱེད་སྒོ་ཁག63སྤེལ་བ་དང་རྫོང་བཞི་ཡིས་ཡུལ་བབ་དང་བསྟུན་ནས་ཁྱད་པར་ཅན་གྱི་ཆས་རྟགས་བཏོད་དེ། མང་ཚོགས་དང་གནས་སྐོར་བས་དགའ་སྤྲོའི་དགོད་སྒྲའི་ཁྲོད་ལོ་གསར་ལ་བསུས་ནས་དགུན་དུས་རིག་གནས་གནས་སྐོར་གྱི་འཛད་སྤྱོད་ཁྲོམ་རར་གསོན་ཤུགས་བསྩལ།

འཇུ་ལག་ཏུ། གངས་རིའི་ལུས་རྩལ་བྱེད་ནུས་ལ་བསྟེན། ལོ་སར་བསུ་བའི་གསོལ་སྟོན་གཟབ་རྒྱས་བཤམས།

2025ལོའི་ཟླ12པའི་ཚེས31ཉིན་ནས2026ལོའི་ཟླ1པོའི་ཚེས1ཉིན་བར་འཇུ་ལག་རྫོང་གིས་མདོ་ལ་རིང་མོའི་མེ་ལྷ་གངས་དཀར་ཕྱི་རོལ་ལུས་རྩལ་བྱ་ཡུལ་ལྟེ་བར་བཟུང་ནས། མཉམ་འགུལ་རྫོང་མཁར་གྱིས་དབྱིངས་ཞུགས་རྣམ་པའི་ལོ་སར་བསུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་རང་བྱུང་མཛེས་ལྗོངས་དང་རིག་གནས་ཀྱི་ཁྱད་ཆོས་དེ་ལུས་རྩལ་བྱེད་སྒོ་དང་མཉམ་འདྲེས་གཏིང་ཟབ་བྱས། ཟླ12པའི་ཚེས31ཉིན"ཀྲུང་གོའི་ལུས་རྩལ་རྒྱན་ཤོག"2026ལོའི་རྒྱལ་ཡོངས་ལོ་སར་གྱི་མཐོ་འཛེགས་ལུས་སྦྱོང་ཚོགས་ཆེན(མཚོ་སྔོན་ཡན་ལག་ཚོགས་ར)གཟབ་རྒྱས་ངང་མགོ་བརྩམས་ཏེ། ཞི་ཝང་མོ་བརྗོད་དོན་གྱི་སྐོར་སྐྱོད་དང་དམངས་སྲོལ་འཁྲབ་སྟོན། རྟ་བའི་འཁྲབ་སྟོན་བཅས་རེས་མོས་ངང་འཁྲབ་སྟོན་བྱས་ནས་ས་ཁོངས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས། ལོ་སར་བསུ་བའི་མེ་ཕུང་དགོང་ཚོགས་དང་འཕྲུལ་མི། མི་མེད་གནམ་གྲུའི་འཁྲབ་སྟོན། དར་བརྐོས་ལྟད་མོ་མཉམ་དུ་འདྲེས་ནས་སྤྲོ་སྣང་ལྡན་པ་དང་། ཚན་རྩལ་དང་དམངས་སྲོལ་ལས་མཆེད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན། མེ་ཁོག་གསོལ་སྟོན་དང་གངས་རིའི་སྒོང་སྤྲི་མཉམ་སྤྱོད་བྱས་པས་ལྕེ་རྩེ་དང་མཐོང་ཚོར་གཉིས་ཀྱི་ཆ་ནས་གནས་སྐོར་བའི་ཡིད་དབང་བཀུག་ཡོད། ཚོན་མདོག་སྣ་བདུན་གྱི་རྦབ་ཆུ་ནས་སྨི4324ཡི་སྒར་ས་ཆེ་མོའི་བར་གྱི་རྐང་ཐང་ལམ་ཐིག་ཏུ་མི་ཚོགས་ཀྱིས་ཁེངས་པ་དང་གནས་སྐོར་བས་གངས་རིའི་ལྗོངས་ཁུལ་ལ་ལྟ་སྐབས་རང་ཉིད་ལ་འགྲན་སློང་བ་དང་དགོང་མོར་གནམ་ལོ་གསར་བ་བསུ་བའི་རྣམ་པས་ཁེངས་བ་དང་། ལྗོངས་ཁུལ་དུ་ཉིན་དེར་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི1.2ལས་བརྒལ་ཡོད་པ་རེད། ཟླ1པོའི་ཚེས1ཉིན་རྐང་རྒྱུག་ལ་དགའ་མཁན་ཆིག་སྟོང་ཙམ་རྫོང་མཁར་གྱི་ལོ་སར་བསུ་བའི་རྒྱང་རྒྱུག་གྲོང་སྐོར་རྐང་བགྲོད་བྱེད་སྒོའི་ནང་ཞུགས་ཏེ་ལུས་རྩལ་གྱི་རྣམ་པའི་ཐོག་ནས་ལོ་སར་ལ་རོལ་བ་དང་། འཇུ་ལག་རྫོང་གི་དམངས་ཡོངས་ཀྱི་ལུས་སྦྱོང་གི་རྣམ་པ་ཟབ་མོ་མངོན་པར་བྱས་ཡོད་ལ་མེ་ལྷ་གངས་དཀར་ཕྱི་རོལ་ལུས་རྩལ་བྱ་ཡུལ་གྱི་མཚན་སྙན་སྔར་བས་ཆེ་རུ་བཏང་ཡོད།

1~1.jpg

མདོ་ལ་རུ། ལྷ་ཡུལ་ཡུལ་སྲོལ་གོམས་གཤིས་མཉམ་དུ་འདྲེས། སྣ་མང་བྱེད་སྒོའི་ཚོན་མདངས་རྣམ་པར་བཀྲ།

ལོ་སར་སྐབས་སུ། ཁ་བའི་གོས་དཀར་གྱོན་པའི་མདོ་ལ་རྫོང་གིས་ས་མཐོའི་ཡུལ་སྲོལ་གོམས་གཤིས་དང་སྣ་མང་བྱེད་སྒོ་མཉམ་འདྲེས་གཏིང་ཟབ་བྱས་ཏེ་རིགས་སོ་སོའི་མང་ཚོགས་ཀྱིས་དགའ་སྤྲོའི་ཁྲོད་ལོ་རྙིང་བ་ཕར་ལ་བསྐྱལ་ཞིང་ལོ་གསར་བ་ཚུར་ལ་བསུས། 

ཟླ12པའི་ཚེས31ཉིན་གྱི་དགོང་མོར་རྫོང་རིག་གནས་ཐང་ཆེན་དུ་གློག་འོད་ཆེམ་ཆེམ་འཕྲོ་བ་དང་མི་མེད་གནམ་གྲུ་ཆེ་གྲས་གཉིས་ཀྱིས་བཏེགས་པའི་བརྙན་ཡོལ་ཆེན་པོའི་ངོས་སུ་མདོ་ལའི་ལུག་དང་གསའ། བར་དམ་གངས་དཀར་སོགས་ཁྱད་ལྡན་པར་རིས་དང་ལོ་གསར་གྱི་སྨོན་འདུན་བརྗེ་རེས་ངང་མངོན་ནས། ཚན་རྩལ་གྱི་འོད་སྣང་དང་ས་མཐོའི་སྐར་ཚོམས་ཕན་ཚུན་གཅིག་ཏུ་འདྲེས་པའི་སྣང་བརྙན་མངོན། ཆུ་ཚོད་ཐུག་གི་ཅོང་སྒྲ་གྲགས་མ་ཐག མཚར་སྡུག་རྣམ་པར་བཀྲ་བའི་ཤོག་སྦག་མཁའ་དབྱིངས་སུ་བཞད་པ་དང་རིགས་སོ་སོའི་མང་ཚོགས་ཀྱིས་ལུས་ལ་མི་རིགས་ཀྱི་རྒྱན་གོས་གྱོན་ནས་མེ་ཕུང་སྐོར་བྲོ་འཁྲབ་པ་དང་། མིའི་གཟུགས་རྩེད་ཆས་ཡར་རྒྱུག་མར་རྒྱུག་བྱེད་སྐབས་བྱིས་དུས་ཀྱི་སྤྲོ་སྣང་བསྣན་ཡོད། ལོ་གསར་པ་ཐོན་མ་ཐག"མཐོ་འཛེགས་རྒྱང་ལྟའི་ཁྲོད་ནས་ལོ་གསར་བསུ། རྒྱང་སྐྱོད་ལམ་བུ་གསར་པ་མཉམ་དུ་གཏོད"ཅེས་པའི་བརྗོད་དོན་བྱེད་སྒོ་བཙུན་མོ་དམར་ཡག་མ་རུ་སྤེལ་བ་དང་མི་མང་པོ་རིམ་བཞིན་གནས་དེར་བསྐྱོད་དེ་རི་རྩེར་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་ནས"ལོ་གསར་གྱི་ཉི་ཟེར་ཐོག་མ་བསུ་བ"དང་། གངས་རི་དང་ནགས་ཀློང་ལས་གྲུབ་པའི་མཛེས་པའི་རི་མོ་ལྟ་བུའི་སྣང་བརྙན་ཞིག་ཆགས། དེ་དང་ཆབས་ཅིག་ཨ་མྱེས་སྟོང་སོ་ནགས་ཀློང་སྒར་འདེབས་རྟེན་གཞི་རུ་འཁྲུག་ཆ་དོད་ལ་ཐུན་མོང་མ་ཡིན་པའི་རྣམ་པས་ཁེངས་འདུག་ཅིང"གངས་འཁྱག་མཚར་སྣང་དོད། བྱིས་བློས་ཕུགས་འདུན་སྐྲུན"ཞེས་པའི་ལག་ཤེས་གསར་རྩོམ་གྱི་འགྲན་སློང་འགྲན་བསྡུར་ཐོག་སློབ་མས་རང་བྱུང་རྒྱུ་ཆ་སྤྱད་དེ་སྐྱེ་ཁམས་ལ་དགའ་བ་མངོན་པར་བྱས་པ་དང་། "གློག་རྩེད་འཕྲུལ་གྱིས་ཕུགས་འདུན་འཚོལ། འགྲུལ་བཞུད་གོམ་ཁ་མདོ་ལར་བསྒྱུར"ཅེས་པའི་གློག་རྡུལ་རྩལ་འགྲན་དགའ་ནེའུ་དུས་ཆེན་གྱི་བྱེད་སྒོ་མགོ་རྩོམ་བཞིན་པའི་སྒང་ཡིན་པས་ནགས་ཀློང་ལ་ལང་ཚོའི་གསོན་ཤུགས་བསྣན་ནས"ཞིང་ལས་དང་ལུས་རྩལ། རིག་གནས། གནས་སྐོར། ཚོང་ལས"མཉམ་འདྲེས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པར་བྱས་ཡོད།

རྐང་ཚ་རུ། མཚོ་དར་གྱི་ངོ་མཚར་གཞི་རྟེན་དུ་བཟུང་སྟེ། རིག་གནས་གནས་སྐོར་གསོལ་སྟོན་གྱི་སྤུས་ཚད་མཐོ་རུ་བཏང་།

མཚོ་སྔོན་པོའི་མཚོ་དར་གྱི་ངོ་མཚར་ཆེ་བའི་ཡུལ་ལྗོངས་དང་སྤུས་ལེགས་རང་བྱུང་ཐོན་ཁུངས་ལ་བརྟེན་ནས་རྐང་ཚ་རྫོང་གིས2025ལོའི་ཟླ12པའི་ཚེས31ཉིན་ནས2026ལོའི་ཟླ1པོའི་ཚེས1ཉིན་བར་ཁྱད་ལྡན་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། ལས་བྱེད་མང་ཚོགས1400ལྷག་དང་དེ་བཞིན་གནས་སྐོར་བ་མང་པོ་མཉམ་དུ་འཛོམས། བྱེད་སྒོའིབརྗོད་དོན་ཁག་ཆེན་པོ་གསུམ་དུ་དབྱེ་སྟེ་གངས་ཤུད་ར་བ་དང་དར་ཁང་། དར་བརྐོས་ཁངས་བཟོས་སོགས་སྒྲིག་བཀོད་ཁག10ལྷག་ཙམ་བསྐྲུན་ཡོད། འཁྱགས་བརྐོས་ལ་དགོ་དམར་དང་མཚོ་སྔོན་པོའི་གསེར་ཉ་སོགས་ས་གནས་ཀྱི་ཁྱད་ལྡན་ཐོན་ཁུངས་མ་དཔེ་བྱས་ཏེ། ཉིན་མོར་གངས་འཁྱག་གི་སྤྲོ་སྣང་ལོངས་སུ་སྤྱོད་ཐུབ་པ་དང་མཚན་མོར་གློག་འོད་དང་སྐར་མ་མཉམ་འཕྲོས་ཀྱིས་རྨི་ལམ་ལྟ་བུའི་ཡུལ་ལྗོངས་ཤིག་ཉུལ་ཐུབ། རྩྭ་ཐང་མེ་འགོག་གཏན་འབེབས་ལ་བརྩི་སྲུང་ནན་པོ་བྱ་ཆེད། བྱེད་སྒོའི་ནང་གློག་རྡུལ་མེ་ཕུང་གི་རྣམ་པ་གསར་གཏོད་བྱས་ནས་གནས་སྐོར་བ1000ལྷག་ཙམ་གྱིས་ས་གནས་དེ་གའི་འབྲོག་པ་དང་ལག་གདང་སྦྲེལ་ནས་སྐོར་བྲོ་འཁྲབ་སྟེ་དགའ་ལྷང་ལྷང་གི་དགོད་སྒྲའི་ཁྲོད་ལོ་སར་ལ་བསུ་མ་བྱས། ཞོགས་པར། མི་མང་པོ་ལྷ་ཆབ་ཁུག་ཏུ་འཛོམས་ནས་ཉི་ཤར་ལ་བལྟས་ཏེ་བརྙན་མིག་གིས་ཉི་ཟེར་མཚོ་ངོས་ལ་འཕྲོས་པའི་མཛེས་སྡུག་པར་དུ་བླངས་ནས་ཕུགས་འདུན་མཚོན་པར་བྱས། ཡུལ་དངོས་ཀྱི་མི་ཚང་མས་སྐད་གསེང་མཐོན་པོས《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་བ་མེད》ཅེས་པའི་གླུ་དབྱངས་བླངས་ནས་འབད་བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་བསྡུས། རྔམ་བརྗིད་འཁྲབ་སྟོན་དང་རྒྱན་སྤྲས་སྤུས་ལེགས་ཀྱི་རྟ་བ15ཡིས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྨང་གཞི་མངོན། མཚོ་སྔོན་ཟས་སྟོན“ལོ་སར་བརྩམས་ཆོས”ཡིན་པའི་ངོས་ནས་བྱེད་སྒོ་དེས་རིག་གནས་གནས་སྐོར་ངོ་སྤྲོད་ཟས་སྟོན་ནང་དྲངས་ནས་ཁྱད་ལྡན་བཟའ་བཅའ་དང་བརླན་སའི་མཛེས་ལྗོངས། གཟུགས་འདས་ཤུལ་བཞག་རིག་གནས་བཅས་ཀྱིས་སྐུ་མགྲོན་ཚོར་སེམས་འགུལ་ཐེབས་ཏེ“དུས་ཚིགས་བཞི་ལ་གནས་སྐོར་བྱེད་ཆོག་པའི”འདུན་པ་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་།

མདའ་བཞི་རུ། བཟོ་བོའི་བློ་ཡིས་ཕུགས་འདུན་བསྐྲུན། ཕྱོགས་མང་སྟོབས་ཀྱིས་ལོ་སར་བསུ།

མདའ་བཞི་རྫོང་གིས“ཕྱོགས་ཀུན་རྣམ་པ་གསར་བས་ཁེངས། བཟོ་བོའི་བློ་ཡིས་ཕུགས་འདུན་བསྐྲུན”བརྗོད་དོན་བྱས་ཏེ། 2025ལོའི་ཟླ12པའི་ཚེས31ཉིན་ནས2026ལོའི་ཟླ1པོའི་ཚེས1ཉིན་བར་ཕྱོགས་ཆེན་པོ་བཞི་ཡིས་གནམ་ལོ་གསར་པ་བསུ་བའི་བྱེད་སྒོ་སྤེལ་ནས་ལུས་རྩལ་དང་རིག་གནས། གསར་བརྗེའི་སློབ་གསོ་སོགས་གཞི་རྒྱུ་མཉམ་འདྲེས་བྱས། ཟླ12པའི་ཚེས31ཉིན་གྱི་སྔ་དྲོར་འགྲན་ཞུགས་མཁན170ལྷག་ཙམ་ཝང་ལོ་པིན་ཐང་ཆེན་ནས་ལམ་ལ་ཆས་ཏེ་སྤྱི་ལེ5.8ཡོད་པའི་གནའ་བོའི་ཅུན་བར་རྐང་ཐང་འགྲན་སྡུར་ནང་ཞུགས་པ་དང་འགྲན་ལམ་དུ“མདའ་བཞིའི་རིག་གནས་འགྲེམས་སྟོན་ས་ཚུགས”བཙུགས་ནས་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་སྟོན་དང་ཁྱད་ལྡན་ཐོན་རྫས་ཉམས་ལེན་བྱེད་སྒོའི་ཁྲོད་བཞག་ནས“རིག་གནས་ཁྱམས་རིང”དུ་གྱུར། དེའི་རྗེས་སུ“མདའ་བཞིའི་བཟོ་བོའི”ལག་རྟགས་སྤྲོད་པའི་མཛད་སྒོ་དང་སྔོན་ཐོན་མི་སྒེར་གྱི་འཚམས་འདྲིའི་བྱེད་སྒོ་འཚོགས་ཏེ་ལག་ཁྱེར་སྤྲོད་པ་དང་གྲུབ་འབྲས་བརྙན་ཐུང་ལ་ལྟ་བ། ལག་རྩལ་འགྲེམས་སྟོན་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་ངལ་རྩོལ་དཔེ་སྟོན་སྙིང་སྟོབས་དང་བཟོ་བའི་སྙིང་སྟོབས་དར་སྤེལ་གཏོང་བ། སྔོན་ཐོན་སློབ་སྦྱོང་བྱེད་པའི་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྡུས། སྲོད་ལ་ཁེ་ཐུའུ་གྲུ་ཁར“མཚོ་འགྲམ་གྱི་ལོ་སར་ཤིས་ཚིག་ཉམས་ཞིབ་བྱེད་སྒོ”སྤེལ་བ་དང་། ལས་བྱེད་པ་དང་མང་ཚོགས་ཀྱིས་ལོ་རྒྱུས་ལ་ཕྱིར་མིག་བལྟས་ནས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ“2026ལོར་བྲིས་པའི”ཤིས་ཚིག་ལས་བརྩེ་བའི་རང་མདངས་མངོན་པར“བྱས་ཏེ་རྗེས་ཤུལ་མེད་པའི་ཡུལ་ལྗོངས་ལ་ལྟ་བའི”ཁོར་ཡུག་སྲུང་སྐྱོབ་ཀྱི་གྲོས་མགོ་ལག་བསྟར་བྱས། 2026ལོའི་ལོ་སར་གྱི་ཞོགས་པར་སྨོན་ལམ་མཐོན་པོའི་ལྗོངས་གཟིགས་སྟེགས་བུའི་ཐོག་མང་ཚོགས་མང་པོ་བསུ་མ་བྱས་ཏེ་མཉམ་དུ་གསར་བརྗེའི་གླུ་དབྱངས་ལེན་པ་དང་སྨོན་འདུན་ཡག་པོ་ཞུས་ཏེ“ཉི་ཟེར་དང་པོ”པར་དུ་ལེན་པའི་བྱེད་སྒོར་ཞུགས། བྱེད་སྒོ་དེ་སྤྱི་སྟེགས་མང་པོས་དྲིལ་སྒྲོག་བྱས་པ་བརྒྱུད་རིག་གནས་གནས་སྐོར་ཆས་རྟགས་བདེ་བླག་ངང་བསྐྲུན་ནས་རྫོང་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིག་གནས་ཀྱི་སྒུལ་ཤུགས་བསྣན། གྲོང་སྐོར་རྐང་བགྲོད་འགྲན་སྡུར་ནས་གངས་འཁྱག་གསོལ་སྟོན་རྒྱས་འཛོམས། མཐོ་འཛེགས་བྱ་འགུལ་ནས་ཉི་ཟེར་ལ་ལྟ་བའི་བྱེད་སྒོ་རེ་རེ་ཡིས་མཚོ་བྱང་ཁུལ་གྱི་སྣ་མང་ཕུན་ཚོགས་ཀྱི་ལོ་སར་རིག་གནས་གནས་སྐོར་བྱེད་སྒོའི་སྤྲོ་སྣང་དང་ཞི་བདེ་ཡི་དུས་ཆེན་གྱི་རྣམ་པ་མངོན་པར་མ་ཟད།“རྫོང་རེ་ལ་ཆས་རྟགས་རེ་དང་ས་ཁོངས་ཡོངས་ལ་ངོ་མཚར་གྱིས་ཁེངས་པའི”དགུན་དུས་རིག་གནས་གནས་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ནས་ལོ་གསར་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྲོ་སྣང་ཆེན་པོ་བྱུང་།


མཉམ་སྤྱོད།