དེ་རིང་ནི2026ལོའི་ཟླ01པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2026ལོའི་ཕྲུ་གུ་གསོ་བའི་ཁ་གསབ་དེ་རིང་ནས་རེ་ཞུ་བྱེད་མགོ་ཚུགས།

2026-01-05 15:32:02   |   74

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགོད་པས་དེ་རིང(ཚེས5ཉིན)རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2026ལོའི་ཕྲུ་གུ་གསོ་བའི་ཁ་གསབ་དེ་ཚེས26ཉིན་ནས་བཟུང་དངོས་སུ་རེ་ཞུ་བྱེད་མགོ་ཚུགས་པ་དང་། རེ་ཞུའི་ཆ་རྐྱེན་དང་མཐུན་པའི་ཕྲུ་གུའི་རེ་ཞུ་བྱེད་མཁན་གྱིས་དེ་རིང་ནས་བཟུང་གཏོང་སྤྲོད་འབོ་དང་སྐད་འཕྲིན་ལས་སྟེགས་ཀྱི་བྱ་རིམ་ཆུང་ངུ་། ཕྲུ་གུའི་ཐེམ་ཐོ་གནས་སའི་ཞིང་ཆེན་སྲིད་དོན་ཞབས་ཞུ་ལས་སྟེགས་ཀྱི་ཁ་གསབ་ལེན་ས་བཅས་སུ་དྲ་ཐོག་ནས་ཁ་གསབ་བླངས་ཆོག

ལོ་གསར་པའི་ནང་། ཕྲུ་གུ་གསོ་བའི་ཁ་གསབ་དྲ་ཐོག་ནས་རེ་ཞུ་བྱེད་པའི་འགྱུར་ལྡོག་ཆེ་ཤོས་ནི་ན་ནིང་གི་རྨང་གཞིའི་བྱེད་ནུས་སྟེང་མུ་མཐུད་ལེན་པའི་བྱེད་ནུས་བསྣན་ཡོད། དེའང་གསལ་པོར་བཤད་ན། 2025ལོའི་ཕྲུ་གུ་གསོ་བའི་ཁ་གསབ་རེ་ཞུ་བྱས་པ་མ་ཟད། ལོ་གསར་པའི་ནང་མུ་མཐུད་རེ་ཞུའི་ཆ་རྐྱེན་དང་མཐུན་པའི་ཕྲུ་གུའི་རེ་ཞུ་བྱེད་མཁན་གྱིས་མུ་མཐུད་དུ་རེ་ཞུ་བྱེད་ཆོག

གལ་ཏེ་ཆ་འཕྲིན་ལ་འགྱུར་བ་མེད་ན། ཐད་ཀར་མཐེབ་གཅིག་གིས་མུ་མཐུད་ལེན་པའི་བྱེད་ནུས་བཀོལ་སྤྱོད་བྱས་ཏེ། རེ་ཞུའི་གོ་རིམ་སྟབས་བདེ་རུ་བཏང་ཡོད། གལ་ཏེ་ཆ་འཕྲིན་ལ་འགྱུར་ལྡོག་བྱུང་སྟེ་བཟོ་བཅོས་རྒྱག་དགོས་ཚེ་མ་ལག་ཏུ་རེ་ཞུའི་ཆ་འཕྲིན་ཐེངས་དང་པོ་རང་འགུལ་ངང་ཤར་ཡོང་བ་དང་རེ་ཞུ་བྱེད་མཁན་གྱིས་འགྱུར་ལྡོག་ཡོད་པའི་ནང་དོན་ལ་བཟོ་བཅོས་བརྒྱབ་རྗེས་སྤྲད་ན་ཆོག

གལ་ཏེ་ཕྲུ་གུས་ད་ལོར་ཐེངས་དང་པོར་ཕྲུ་གུ་གསོ་བའི་ཁ་གསབ་རེ་ཞུས་པ་ཡིན་ཚེ་འབྲེལ་ཡོད་ཆ་འཕྲིན་སྔ་མོ་ནས་གྲ་སྒྲིག་ཡག་པོ་བྱེད་ཆོག་པ་དང་། ངས་ཁ་གསབ་རེ་ཞུ་བྱེད་པ་མནན་ཏེ་འབྲེལ་ཡོད་ཆ་འཕྲིན་བྲིས་ནས་ཡར་སྤྲད་ཚེ་ལས་དོན་མི་སྣས་ཞིབ་བཤེར་བྱ་རྒྱུར་སྒུག་ན་ཆོག

1.jpg


མཉམ་སྤྱོད།