དེ་རིང་ནི2026ལོའི་ཟླ01པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཝུན་ཀྲོའུ་ཡིGDPསྒོར་དུང་ཕྱུར་ཁྲི་ལས་བརྒལ་ནས“སྒོར་དུང་ཕྱུར་ཁྲི་ཡི་གྲོང་ཁྱེར”28བར་མང་དུ་ཕྱིན་པ།

2026-01-21 10:10:48   |   312

སྒྲིག་སྒྱུར།    སངས་དོན།     ཡོང་ཁུངས།   ཞིན་ཧྭ་དྲ་བ།    བཤེར་འབེབས།    རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་ཧང་ཀྲོའུ་ནས་ཟླ1པོའི་ཚེས20ཉིན་འབྱོར་བའི་གློག་འཕྲིན། ཟླ1པོའི་ཚེས20ཉིན། གསར་འགོད་པས་ཝུན་ཀྲོའུ་གྲོང་ཁྱེར་གྱི་ཚོགས་འདུ་གཉིས་ཀྱི་ཐོག་ནས་ཤེས་རྟོགས་བྱུང་བར། 2025ལོར་ཝུན་ཀྲོའུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲིའི་འགག་སྒོ་ཆེན་པོ་ལས་བརྒལ་ནས་ཀྲེ་ཅང་གི་ཧང་ཀྲོའུ་དང་ཉིང་པོའི་རྗེས་ཀྱི“གྲོང་ཁྱེར”ཨང་གསུམ་པར་གྱུར་ཡོད། མིག་སྔའི་བར“སྒོར་དུང་ཕྱུར་ཁྲི་ཡི་གྲོང་ཁྱེར”28བར་མང་དུ་ཕྱིན་ཡོད་པ་རེད།

དམངས་གཉེར་དཔལ་འབྱོར་གྱི་གྲོང་རྡལ་གལ་ཆེན་ཞིག་ཡིན་པའི་ཆ་ནས་དམངས་གཉེར་དཔལ་འབྱོར་ནི་ཐོག་མཐའ་བར་གསུམ་དུ་ཝུན་ཀྲོའུ་འཕེལ་རྒྱས་ཀྱི་ལྟེ་བའི་འདེགས་སྐྱོར་ཏུ་གྱུར་ཡོད། 2025ལོའི་ཟླ11པའི་བར་ཝུན་ཀྲོའུ་ཡི་དམངས་གཉེར་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ཁྱོན་སྡོམ་ཁྲི156.4ཡོད་པ་དང་། དམངས་གཉེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་འཕར་ཐང་གིས་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་བསྡུར་ཚད་ཀྱི90.8%ཟིན་ནས་གསོན་ཤུགས་ཆེན་པོ་མངོན་ཡོད་པ་རེད།

ཝུན་ཀྲོའུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི་ལས་བརྒལ་བ་དེ་ཐོན་ལས་ཀྱི་ནུས་རིམ་བརྟན་པོའི་ངང་འཕར་བ་དང་ཁ་འབྲལ་ཐབས་མེད། ཉེ་བའི་ལོ་ཤས་རིང་། ཝུན་ཀྲོའུ་ཡིས“བཟོ་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི”འཐབ་ཇུས་མཐའ་འཁྱོངས་བྱས་ནས་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་དང་། གསར་དར་ཐོན་ལས་སྐྱེད་སྲིང་ལ་སྐུལ་འདེད་བཏང་ནས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སུ་བཏང་ཡོད། 2025ལོར་གྲོང་ཁྱེར་ཡོངས་ཀྱི་སྲོལ་རྒྱུན་ལེགས་ཆའི་ཐོན་ལས་ཆེན་པོ་ལྔ་དང་གསར་དར་གཙོ་ཁྲིད་ཐོན་ལས་ཆེན་པོ་ལྔའི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སོ་སོ11.4%དང་12.66%འཕར་ཡོད། བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི1.5ལས་བརྒལ་ཡོད་པ་རེད།


མཉམ་སྤྱོད།