དེ་རིང་ནི2026ལོའི་ཟླ01པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2025ལོར་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་མི3763ལ་ཆད་པ་བཅད་པ།

2026-01-22 09:06:31   |   79

སྒྲིག་སྒྱུར།   སངས་དོན།      ཡོང་ཁུངས།   ཞིན་ཧྭ་དྲ་བ།      བཤེར་འབེབས།   རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ1པོའི་ཚེས22ཉིན་འབྱོར་བའི་གློག་འཕྲིན། ཚེས་22ཉིན། ཀྲུང་དབྱང་སྒྲིག་ཨུའི་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས2025ལོར་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་ལྟ་སྐུལ་ཞིབ་བཤེར་བརྟག་དཔྱད་བྱས་ཚུལ་བརྡ་ཁྱབ་བཏང་བ་རེད། བརྡ་ཁྱབ་ལས་མངོན་པ་ལྟར་ན། 2025ལོར་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་མི4119ལ་གྱོད་གཞི་ཐོ་འགོད་བྱས་པ་དང་། མི3763ལ་ཆད་པ་བཅད་ཡོད།

བརྡ་ཁྱབ་ལས་མངོན་པར། 2025ལོར་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་གནད་དོན་དང་འབྲེལ་བ་ཡོད་པའི་ཁུངས་སྣེའམ་ཡང་ན་བསམ་འཆར་ཐེངས་གྲངས་ཁྲི4.02ལྷག་ཙམ་བསྡུ་ལེན་བྱས་པ་དང་། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་གནད་དོན་དང་འབྲེལ་བ་ཡོད་པའི་ཁུངས་སྣེ་ཁྲི3.50ལྷག་ཙམ་ཐག་གཅོད་བྱས། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་མི་ཐེངས10840ལ་ཁ་བརྡ་དང་ཡིག་ཐོག་འདྲི་རྩད་བྱས། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་མི4119ལ་གྱོད་གཞི་ཐོ་འགོད་བྱས་ཡོད། དེའི་ནང་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་མི4དང་། ཐིང་དང་ཅུ་རིམ་པའི་ལས་བྱེད་པ116དང་། རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་མི746བཅས་ལ་ཆད་པ་བཅད་ཡོད།

བརྡ་ཁྱབ་ལ་གཞིགས་ན། 2025ལོར་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“རྣམ་པ་རིགས་བཞི”སྤྱད་དེ་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་མི་ཐེངས་ཁྲི1.39ལྷག་ཙམ་ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པ་རེད། དེའི་ནང་། རྣམ་པ་དང་པོ་སྤྱད་དེ་མི་ཐེངས9937ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པ་དང་། རྣམ་པ་གཉིས་པ་སྤྱད་དེ་མི་ཐེངས3217ཐག་གཅོད་བྱས། རྣམ་པ་གསུམ་པ་སྤྱད་དེ་མི་ཐེངས465ཐག་གཅོད་བྱས། རྣམ་པ་བཞི་པ་སྤྱད་དེ་མི282ཐག་གཅོད་བྱས་ཡོད།


མཉམ་སྤྱོད།