དེ་རིང་ནི2026ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨེ་ཤེ་ཡའི་རྒྱལ་ཁབ་མང་པོས་འགག་སྒོའི་རིམས་འགོག་རིམ་སྤོར་བྱས་པ།

2026-01-29 10:08:07   |   340

སྒྲིག་སྒྱུར།    སངས་དོན།     ཡོང་ཁུངས།     ཞིན་ཧྭ་དྲ་བ།     བཤེར་འབེབས།    རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ1པོའི་ཚེས29ཉིན་འབྱོར་བའི་གློག་འཕྲིན། ཉེ་ཆར། རྒྱ་གར་གྱི་བྷང་ག་ལའི་མངའ་སྡེར་ཉི་ཕའི་ནད་དུག་གི་རིམས་ནད་ཐོན་རྗེས་མ་ལེ་ཞི་ཡ་དང་། ཝེ་ཐེ་ནམ། ཐེ་ལན་སོགས་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོས་འགག་སྒོའི་རིམས་འགོག་བྱ་ཐབས་རིམ་སྤོར་བྱས་ནས་ཉི་ཕའི་ནད་དུག་མཆེད་པར་བཀག་འགོག་བྱས་པ་རེད།

01.jpg

ཚེས28ཉིན་མ་ལེ་ཞི་ཡའི་འཕྲོད་བསྟེན་པུས་གསལ་བསྒྲགས་སྤེལ་ནས་ཉི་ཕ་ནད་དུག་རྒྱལ་མཚམས་ནང་འཛུལ་བའི་འགག་སྒོར་བདེ་ཐང་གྲལ་བཤེར་བྱ་བའི་གཙོ་གནད་ནི་ནད་དུག་ཉེན་ཁ་ཡོད་པའི་ས་ཁུལ་ནས་ཡོང་བའི་འགྲུལ་པ་ཡིན། དེ་དང་ཆབས་ཅིག་འབྲེལ་ཡོད་སྡེ་ཚན་གྱིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་ཡག་པོ་བྱས་ཏེ། ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་གཏོང་བ་དང་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་དགོས། འཕྲོད་བསྟེན་པུའུ་ཡིས་དུས་མཚུངས་སུ་མང་ཚོགས་དང་ལྷག་པར་དུ་ནད་དུག་ཉེན་ཁའི་ས་ཁུལ་དུ་འགྲོ་བའི་མི་རྣམས་ཀྱིས་མི་སྒེར་གྱི་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས་པ་མ་ཟད། ནད་ཕོག་པའི་སྲོག་ཆགས་ལ་རེག་པའམ་ཡང་ན་སྦགས་བཙོག་ཐེབས་པའི་ཟས་རིགས་ཟ་བར་སྔོན་འགོག་བྱེད་དགོས་པའི་གྲོས་མགོ་བཏོན།

ཝེ་ཐེ་ནམ་གྱི་སྨྱན་སྦྱོར་གྱིས་ཚེས28ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཝེ་ཐེ་ནམ་འཕྲོད་བསྟེན་པུས་ས་གནས་ཁག་གི་འཕྲོད་བསྟེན་ནད་ཡམས་སྔོན་འགོག་ཚོད་འཛིན་སྡེ་ཚན་ལ་བྲེལ་མྱུར་བརྡ་ཐོ་བཏང་ནས་མཐའ་མཚམས་འགག་སྒོ་དང་། སྨན་བཅོས་སྒྲིག་གཞི། དེ་བཞིན་སྡེ་ཁུལ་བཅས་སུ་ཉི་ཕའི་ནད་དུག་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་མཚམས་ནང་ཡོང་མཁན་ལ་ལྟ་ཞིབ་ཚད་ལེན་ནན་པོ་བྱས་ནས་དོགས་ཡོད་ནད་དཔེ་སྔ་ཙམ་ཤེས་རྟོགས་དང་མགྱོགས་མྱུར་ཐག་གཅོད་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཚེས27ཉིན་བར། ཝེ་ཐེ་ནམ་གྱིས་ཉི་ཕ་ནད་དུག་འགོས་པའི་ནད་པ་སྙན་ཞུ་བྱས་མེད།

ཧིན་རྡུ་ཉི་ཞི་ཡ་དང་ཐེ་ལན་གྱིས་ཀྱང་གནམ་ཐང་གཙོ་བོར་གྲལ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ས་མཚམས་ནང་ཡོང་མཁན་མི་སྣར་བདེ་ཐང་རེ་ཞུ་དང་ལུས་དྲོད་ཞིབ་དཔྱད་ཚད་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། འབར་མའི་འཕྲོད་བསྟེན་སྡེ་ཚན་གྱིས་མང་ཚོགས་ལ་རྒྱ་གར་གྱི་བྷང་ག་ལའི་མངའ་སྡེར་མི་བསྐྱོད་གང་ཐུབ་བྱེད་པ་དང་འབྲེལ་གནམ་ཐང་གིས་རྒྱ་གར་ནས་ཡོང་བའི་མི་སྣར་ལུས་དྲོད་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་གྲོས་མགོ་བཏོན་ཡོད།

ཉི་ཕ་ནད་དུག་ནི་འབྱར་གཤིས་ནད་དུག་ཕལ་བའི་ཁོ་ཧིན་ཉི་ཕ་ནད་དུག་གི་ཁོངས་སུ་གཏོགས་པ་དང་། RNAནད་དུག་ཅིག་ཡིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་ལས་ཁུངས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ཉི་ཕ་ནད་དུག་འགོས་པ་ནས་ནད་རྟགས་འབྱུང་བའི་བར་གྱི་ནད་རྟགས་མི་མངོན་པའི་དུས་ཡུན་ནི་སྤྱིར་བཏང་དུ་ཉིན4ནས14བར་ཡིན་པ་དང་། ཆེས་རིང་ན་ཉིན45ལ་སླེབས་ཀྱི་ཡོད། རིམས་ནད་བྱུང་བའི་ས་ཁུལ་གྱི་རིམས་ནད་རིག་པའི་ལྟ་ཞིབ་ཚད་ལེན་དང་ནད་ཐོག་སྨན་བཅོས་ནུས་པའི་ཁྱད་པར་གྱི་དབང་གིས་འགོས་ནད་འགོས་པའི་མི་ཤི་ཚད40%ནས75%བཅས་མི་འདྲ་བ་ཡིན།

མིག་སྔར། ཉི་ཕ་ནད་དུག་གི་ནད་ལ་དམིགས་པའི་ཕན་ནུས་ལྡན་པའི་སྨན་དང་རིམས་འགོག་སྨན་ཁབ་མེད། སྔོན་འགོག་བྱེད་ཐབས་ལ་སིལ་ཏོག་མ་ཟོས་གོང་རྩ་བ་ནས་གཙང་མར་བཀྲུས་ནས་པགས་པ་མེད་པར་བཟོ་དགོས། ནད་ཕོག་པའི་སྲོག་ཆགས་དང་དེའི་ཕུང་གྲུབ་ཐག་གཅོད་བྱེད་སྐབས་འགོག་སྲུང་གྱོན་ཆས་གྱོན་དགོས་པ་མ་ཟད། ལག་ཤུབས་ཀྱང་གྱོན་དགོས། འགོག་སྲུང་མེད་པའི་ནད་པ་དང་འབྲེལ་འདྲིས་དམ་པོ་བྱེད་པ་སོགས་སྔོན་འགོག་བྱེད་དགོས།


མཉམ་སྤྱོད།