དེ་རིང་ནི2026ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཛེས་པའི་ཀྲུང་གོ—ནང་སོག་ཝུའུ་ལན་ཁྲ་པུའི་ཧུང་ཡ་ཐེ་ཏིའི་མཛེས་ལྗོངས།

2026-01-29 10:30:32   |   487

སྒྲིག་སྒྱུར།   སངས་དོན།      ཡོང་ཁུངས།   ཀྲུང་གོ་གསར་འགྱུར་དྲ་བ།     བཤེར་འབེབས།   རིན་ཆེན་ཚེ་རིང་།


ཧུང་ཡ་ཐེ་ཏི་ནི་ནང་སོག་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་སི་ཙི་ཝང་ཆིའི་བྱང་རྒྱུད་དུ་གནས་པ་དང་། རི་བོའི་ས་རྒྱུད་དམར་པོ་ཡིན་ལ། དུས་ཚིགས་ཀྱི་འགྱུར་ལྡོག་དང་བསྟུན་ནས་རི་མདོག་ཀྱང་འགྱུར་ལྡོག་བྱུང་ཞིང་། དཔེ་མཚོན་གྱི་ཏན་ཞའི་ས་དབྱིབས་ཡིན་པ་དང་། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ15ཙམ་ཡོད་པ་དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ10ཙམ་ཡོད། ས་གནས་དེ་གའི་མི་རྣམས་ཀྱིས“རི་བོ་དམར་པོ”ཞེས་འབོད་ཀྱི་ཡོད། དེ་ནི་སི་ཙི་ཝང་རྒྱལ་ཁབ་ས་གཤིས་སྤྱི་གླིང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། དགུན་གྱི་དུས་སུ། ཁ་བའི་འོག་གི་ཧུང་ཡ་ཇེ་ཏིའི་ཚོན་མདངས་བཀྲ་ཞིང་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད། འདི་ནི2026ལོའི་ཟླ1པོའི་ཚེས27ཉིན་པར་བླངས་པའི་ཧུང་ཡ་ཐེ་ཏིའི་མཛེས་ལྗོངས་ཡིན།


མཉམ་སྤྱོད།