དེ་རིང་ནི2026ལོའི་ཟླ03པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཁབ་སྡོམ་རྩིས་ཅུ་མཚོ་བྱང་བརྟག་དཔྱད་རུ་ཁག་གི་བརྟག་དཔྱད་ལས་དོན་གཙོ་བོ་ཅི་ཞིག་ཡིན།

2026-03-09 15:20:12   |   522

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། རྒྱལ་ཁབ་སྡོམ་རྩིས་ཅུ་མཚོ་བྱང་བརྟག་དཔྱད་རུ་ཁག  བཤེར་འབེབས། རིན་ཆེན་ཚེ་རིང་།


གཅིག རྒྱལ་ཁབ་སྡོམ་རྩིས་ཅུ་མཚོ་བྱང་བརྟག་དཔྱད་རུ་ཁག་གི་འགན་ནུས་ངོ་སྤྲོད་མདོར་བསྡུས། 

རྒྱལ་ཁབ་སྡོམ་རྩིས་ཅུ་མཚོ་བྱང་བརྟག་དཔྱད་རུ་ཁག་ནི་རྒྱལ་ཁབ་སྡོམ་རྩིས་ཅུའི་ཆོག་མཆན་ཐོབ་པ་བརྒྱུད་ཁྲིམས་ལྟར་རང་ཚུགས་ངང་སྡོམ་རྩིས་བརྟག་དཔྱད་དང་སྡོམ་རྩིས་ལྟ་སྐུལ་གྱི་འགན་དབང་སྤྱོད་པའི་སྲིད་གཞུང་གི་སྡོམ་རྩིས་བརྟག་དཔྱད་སྒྲིག་གཞི་དང་སྡོམ་རྩིས་ཁྲིམས་འཛིན་སྒྲིག་གཞི་ཞིག་ཡིན་པ་དང་། རང་ཚུགས་ངང་རྒྱལ་ཁབ་སྡོམ་རྩིས་ཅུ་ལ་བརྟག་དཔྱད་གཞི་གྲངས་སྙན་སེང་ཞུ་བ་དང་འབྲེལ་བརྟག་དཔྱད་དཔྱད་ཡིག་གོང་ཞུ་བྱས་པའི་དོན་དངོས་རང་བཞིན་ལ་འགན་འཁུར་གྱི་ཡོད། 

2afb5755dc44bcf09906b8f13f013cac.jpg

མཚོ་བྱང་བརྟག་དཔྱད་རུ་ཁག་གིས་གཙོ་བོ་རྒྱལ་ཁབ་ཀྱིས་དོ་ཁུར་བྱེད་པའི་དམངས་ཚིས་བརྟག་དཔྱད་དང་དཔལ་འབྱོར་གྱི་གླེང་མང་བའི་གནད་དོན་ལ་དམིགས་ནས། ཟློས་མཐོ་དང་སྟབས་བསྟུན་གྱི་དཔེ་འདེམས་བརྟག་དཔྱད་དང་ཆེད་དོན་བརྟག་ཞིབ་དབྱེ་ཞིབ་གཙོ་བོར་བྱས་ཏེ། གཞི་གྲངས་རྒྱལ་ཁབ་སྡོམ་རྩིས་ཅུ་ལ་ཐད་ཀར་སྙན་སེང་ཞུས་ནས་ཆེ་མཐོང་ཐབས་ཇུས་ལ་ཞབས་འདེགས་ཞུ་བ་ཡིན། དེའི་ནང་སྡོད་ཁྱིམ་གྱི་གཏོང་ཡོང་དང་འཚོ་བའི་གནས་ཚུལ་ལ་བརྟག་དཔྱད་བྱས་ཏེ། མ་དཔེའི་དུད་ཚང་གི་ཡོང་འབབ་དང་འཛད་སྤྱོད་གཞི་གྲངས་ལ་རྗེས་འདེད་བྱས་པ་བརྒྱུད་སྡོད་དམངས་ཀྱི་འཚོ་བའི་ཆུ་ཚད་དང་འཛད་སྤྱོད་གྲུབ་ཚུལ་མཚོན་པ་དང་། ཞིང་ཕྱུགས་ལས་ཀྱི་བརྟག་དཔྱད་ནང་ཕྱུགས་བྱ་གཙོ་བོའི་རྟོག་འཇལ་དང་བརྟག་དཔྱད་ཚུད་ཡོད་ལ། གཙོ་བོ་མཚོ་བྱང་ས་ཁུལ་གྱི་ཕྱུགས་བྱ་གཙོ་བོ་བཤས་གཏོང་སོགས་སྡོམ་རྩིས་དམིགས་ཚད་ལ་རྟོག་འཇལ་བྱས་ནས་ཞིང་ཕྱུགས་ལས་ཐོན་སྐྱེད་ལ་ཞབས་འདེགས་ཞུ་བ་ཡིན། ཞིང་ལས་ཐོན་འབབ་བརྟག་དཔྱད་ནི་འབྲུ་རིགས་འདེབས་ཁྱོན་དང་ཐོན་འབབ་སྡོམ་རྩིས་བྱས་པ་བརྒྱུད་འབྲུ་རིགས་བདེ་འཇགས་ཐོན་སྐྱེད་ལ་སྡོམ་རྩིས་ཞབས་ཞུ་མཁོ་འདོན་བྱེད་པ་ཡིན། མི་འདྲ་ས་ནི་ས་གནས་སྡོམ་རྩིས་ཅུས་ཕྱོགས་ཡོངས་ནས་སྡོམ་རྩིས་བྱེད་འགན་འཁུར་ཅིང་། GDPཞིབ་རྩིས་དང་ཡོངས་བཤེར་ཆེ་གྲས་སོགས་ཀྱི་ལས་འགན་འཁུར་ཅིང་། གཞི་གྲངས་ཀྱིས་མང་ཆེ་བ་ས་གནས་འཕེལ་རྒྱས་ཀྱི་འཆར་འགོད་ལ་ཞབས་འདེགས་ཞུ་བ་དང་། བརྟག་དཔྱད་རུ་ཁག་དང་སྡོམ་རྩིས་ཅུ་གཉིས་ཀྱི་འགན་ནུས་གསབ་རེས་བྱས་ནས་ས་ཁོངས་སྡོམ་རྩིས་བརྟག་དཔྱད་ལས་དོན་གྱི་རྣམ་པ་ཐུན་མོང་ཐོག་བསྐྲུན་ཡོད། 

གཤམ་ནས་ང་ཚོས་སྡོད་ཁྱིམ་གྱི་གཏོང་ཡོང་དང་འཚོ་བའི་གནས་ཚུལ་ལ་བརྟག་དཔྱད་དང་། ཕྱུགས་བྱ་གཙོ་བོར་རྟོག་འཇལ་དང་བརྟག་དཔྱད་བྱ་རྒྱུ་ནང་དོན་གཙོ་བོར་བྱས་ནས་རྒྱལ་ཁབ་ཀྱི་སྡོམ་རྩིས་བརྟག་དཔྱད་ལས་དོན་སྤེལ་ཚུལ་ངོ་སྤྲོད་ཞིབ་ཕྲ་བྱ་རྒྱུ་ཡིན། 

གཉིས། སྡོད་ཁྱིམ་གྱི་གཏོང་ཡོང་དང་འཚོ་བའི་གནས་ཚུལ་བརྟག་དཔྱད་ལས་དོན་ངོ་སྤྲོད་མདོར་བསྡུས། 

སྡོད་ཁྱིམ་གྱི་གཏོང་ཡོང་དང་འཚོ་བའི་གནས་ཚུལ་ལ་བརྟག་དཔྱད་བྱེད་པ་ནི་རྒྱལ་ཁབ་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་དང་འཚོ་བའི་སྤུས་ཚད་སོགས་ཀྱི་གནས་ཚུལ་ཕྱོགས་ཡོངས་དང་ཡང་དག དུས་ཐོག་ཏུ་ཤེས་རྟོགས་བཅས་བྱས་ཏེ། གནས་ཚུལ་དངོས་དང་ཟུང་འབྲེལ་སྔར་ལས་ལེགས་པ་བྱས་ནས་དམངས་ཚིས་སྲིད་ཇུས་གཏན་འབེབས་བྱེད་པའི་རྒྱལ་ཁབ་ཀྱི་བརྟག་དཔྱད་རྣམ་གྲངས་གལ་ཆེན་ཞིག་ཡིན། 

9b643d1a8df25bb6ab73e4153e805770.jpg

དཔེར་ན། 2025ལོར་ཡོངས་བསྒྲགས་བྱས་པའི་མཚོ་བྱང་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་། མཁར་གྲོང་རྒྱུན་སྡོད་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར43889ཡིན་ཞིང་འཕར་ཚད4.1%ཡིན་པ། གྲོང་གསེབ་ཀྱི་རྒྱུན་སྡོད་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར21366ཡིན་ཞིང་འཕར་ཚད6.3%ཡིན། 

སྡོད་ཁྱིམ་གྱི་གཏོང་ཡོང་དང་འཚོ་བའི་གནས་ཚུལ་ལ་བརྟག་དཔྱད་བྱེད་པའི་དོན་སྙིང་ཧ་ཅང་གལ་ཆེན་ཡིན་ཞིང་། སྲིད་ཇུས་ཀྱི་ངོས་ནས་བརྗོད་ན། རྒྱལ་ཁབ་ཀྱི་ངོས་ནས་གླ་ཕོགས་ཆེས་དམའ་ཤོས་ཀྱི་ཚད་གཞི་དང་རྒན་གསོའི་དངུལ་ལེགས་སྒྲིག དབུལ་སྐྱོར་སྲིད་ཇུས་བཅས་བཟོ་བའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན་པས། ཐུན་མོང་ཕྱུག་འགྱུར་དང་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་འཕེལ་རྒྱས་ལ་ཚད་འཇལ་བྱེད་པར་གཞི་གྲངས་འདེགས་སྐྱོར་མཁོ་འདོན་བྱས་ཡོད། ས་ཁུལ་གྱི་ངོས་ནས་མཚོ་བྱང་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་འཕར་བ་དང་འཛད་སྤྱོད་གྲུབ་ཆའི་འགྱུར་ལྡོག་དངོས་འབྲེལ་མཚོན་ཐུབ་པ་དང་། སློབ་གསོ་དང་སྨན་བཅོས། རྒན་གསོ་སོགས་དམངས་ཚིས་ཐོན་ཁུངས་བརྩོན་ལེན་དང་། གྲོང་གསེབ་དར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོང་སོགས་ས་གནས་འཆར་འགོད་ལ་ཐབས་ཇུས་ཀྱི་དཔྱད་གཞི་མཁོ་འདོན་བྱེད་ཐུབ། རྩིས་ཐོ་དུད་ཚང་ལ་མཚོན་ན། སྡོམ་རྩིས་བརྟག་དཔྱད་ནང་ཞུགས་རྒྱུ་ནི་སྤྱི་དམངས་ཀྱི་འོས་འགན་ཡིན་པ་དང་། བརྟག་དཔྱད་གཞི་གྲངས་ཀྱིས་དམངས་ཚིས་ལེགས་གཏོང་ལ་གཞན་བརྒྱུད་སྐུལ་འདེད་གཏོང་བ་དང་། རྩིས་ཐོ་བཀོད་པའི་ཁ་གསབ་དང་དངོས་སྤྱོད་དངོས་ཟོག་ཐོབ་ཐུབ་ལ། ཆབས་ཅིག་ཚན་རིག་དང་མཐུན་པའི་རྒྱུ་ནོར་བདག་གཉེར་གྱི་གོམས་གཤིས་གསོ་སྐྱོང་བྱ་ཐུབ། 

1f7f7fcf0c45c8aaa8877a9724575208.jpg

གོང་དུ་ང་ཚོས་སྡོད་ཁྱིམ་གྱི་གཏོང་ཡོང་དང་འཚོ་བའི་གནས་ཚུལ་ལ་བརྟག་དཔྱད་བྱེད་པའི་དམིགས་ཡུལ་དང་དོན་སྙིང་སོགས་བཤད་ཡོད། གཤམ་ནས་ང་ཚོས་སྡོད་ཁྱིམ་གྱི་གཏོང་ཡོང་བརྟག་དཔྱད་བྱེད་པའི་ནང་དོན་ཅི་ཞིག་ཡིན་པར་ཤེས་རྟོགས་བྱ། 

སྟབས་བདེའི་སྒོ་ནས་བཤད་ན། སྡོད་ཁྱིམ་གྱི་གཏོང་ཡོང་དང་འཚོ་བའི་གནས་ཚུལ་བརྟག་དཔྱད་བྱེད་པ་ནི་སྡོད་ཁྱིམ་ཁོངས་མིའི་དངུལ་སྨར་རམ་དངོས་པོའི་ཡོང་འབབ་དང་འཚོ་བའི་འཛད་སྤྱོད་ཀྱི་གཏོང་སྒོ་ཐོ་འགོད་བྱེད་པ་ཞིག་ཡིན། དེའི་ནང་དངུལ་སྨར་རམ་ཡང་ན་དངོས་པོའི་ཡོང་འབབ་ཁག་ནི་གླ་ཕོགས་རང་བཞིན་གྱི་ཡོང་འབབ་དང་གཉེར་སྐྱོང་ཡོང་འབབ་ཁེ་གཙང་། རྒྱུ་ནོར་གྱི་ཡོང་འབབ་ཁེ་གཙང་། སྤོ་སྒྱུར་ཡོང་འབབ་ཁེ་གཙང་བཅས་ཡིན།  

b3e8479985009f86d010ac2cbee13c33.jpg

1.གླ་ཕོགས་རང་བཞིན་གྱི་ཡོང་འབབ་གཙོ་བོ་ནི་ལས་ཞུགས་མི་སྣར་ཟླ་རེར་དངོས་སུ་ཐོབ་པའི་གླ་ཕོགས་དང་། ཚན་པའམ་ཡང་ན་གླ་བདག་གིས་རིན་མེད་དམ་ཡང་ན་རིན་གོང་དམའ་བར་མཁོ་འདོན་བྱས་པའི་འབྲས་ཕྱེ་དང་འོ་མ། འཚོ་བའི་ཉེར་མཁོའི་དངོས་རྫས་སོགས་དངོས་རྫས་དང་སྡོད་ཁང་། ཟ་མ་སོགས་ཀྱི་ཞབས་ཞུ་བཅས་ཡིན། 

2.གཉེར་སྐྱོང་ཡོང་འབབ་ཁེར་གཙང་ཞེས་པ་ནི་སྡོད་ཁྱིམ་གྱི་ཁོངས་མིས་ཐོན་སྐྱེད་གཉེར་སྐྱོང་གི་བྱེད་སྒོ་སྤེལ་བ་ལས་ཐོབ་པའི་ཡོང་འབབ་ཁེར་གཙང་ལ་ཟེར་བ་དང་། ཐོན་སྐྱེད་གཉེར་སྐྱོང་གི་བྱེད་སྒོའི་ནང་ཞིང་ལས་དང་ཕྱུགས་ལས། ཟ་ཁང་གཉེར་སྐྱོང་། མགྲོན་ཁང་། ཚོང་ཁང་། མི་སྒེར་གྱིས་ལས་གྲྭ་འགན་གཙང་ལེན་པ་སོགས་ལས་ཐོབ་པའི་ཁེ་སྤོགས་ཚུད་ཡོད། 

3.རྒྱུ་ནོར་ཡོང་འབབ་ཁེར་གཙང་ནང་སྡོད་དམངས་ལ་དབང་བའི་རྩྭ་ས་དང་རྨོ་ཞིང་། འཕྲུལ་ཆས། ཁང་པ་བོགས་མར་བཏང་ནས་ཐོབ་པའི་ཡོང་འབབ་དང་། དངུལ་ཁང་གི་བཅོལ་དངུལ་སྐྱེད་ཀ སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཁེ་སྤོགས་བགོས་པའི་ཡོང་འབབ་སོགས་ཚུད་ཡོད། 

4.སྤོ་སྒྱུར་ཡོང་འབབ་ཁེ་གཙང་ནི་རྒྱལ་ཁབ་སོགས་ཀྱིས་སྡོད་ཁྱིམ་ལ་ཁ་གསབ་དང་ཁ་གསབ་རོགས་དངུལ་སྣ་ཚོགས་སྤྲོད་པ་སྟེ། དཔེར་ན་རྒན་གསོའི་དངུལ་དང་མ་མཐའི་འཚོ་བའི་འགན་སྲུང་མ་དངུལ། སྨན་བཅོས་རྩིས་ཞུའི་གྲོན་དངུལ་སོགས་ལྟ་བུ་ཡིན། 

འཚོ་བའི་འཛད་སྤྱོད་ཀྱི་གཏོང་སྒོ་ཚང་མ་ཟས་རིགས་དང་ཐ་མག་རིགས་དང་། ཆང་གི་རིགས། གྱོན་ཆས་ཀྱི་རིགས། སྡོད་ཁང་གི་རིགས། འཚོ་བའི་མཁོ་ཆས་དང་ཞབས་ཞུའི་རིགས། འགྲིམ་འགྲུལ་འཕྲིན་གཏོང་གི་རིགས། སློབ་གསོ་དང་རིག་གནས་རོལ་རྩེད་ཀྱི་རིགས། སྨན་བཅོས་བདེ་སྲུང་གི་རིགས། མཁོ་ཆས་གཞན་དག་དང་ཞབས་ཞུ་བཅས་སུ་སྙིང་བསྡུས་བྱས་ཡོད། དོན་དངོས་སུ་ཁྱིམ་ཚང་གི་ཟས་གོས་འགྲོ་སྡོད་དང་། སློབ་གྲྭར་འགྲོ་བ་དང་ནད་ལ་ལྟ་བ། གནས་སྐོར་རོལ་རྩེད་སོགས་ཕྱོགས་གང་ཅིའི་ཐད་ཀྱི་འཚོ་བའི་འཛད་སྤྱོད་ཀྱི་འགྲོ་སོང་ཡོད་ཚད་ཡིན་པ་དང་། ཆུང་ས་ནས་ཁབ་ཅིག་དང་ཆེ་ས་ནས་རླངས་འཁོར་ཉོ་བ་དང་ཁང་པ་ཉོ་བའི་འཚོ་བའི་འཛད་སྤྱོད་ཀྱི་འགྲོ་སོང་ཡིན། 

གལ་ཏེ་ཁྱེད་རང་རྒྱལ་ཁབ་ཀྱིས་འདེམས་བཤེར་བྱས་པའི་བརྟག་དཔྱད་དུད་ཚང་ཡིན་ན། ཁྱེད་ཀྱིས་ང་ཚོར་བརྟག་དཔྱད་ཡག་པོ་བྱེད་རོགས་གནང་ནས། ཁྱེད་ཀྱིས་ཉི་མ་རེར་ཁྱེད་ཀྱི་ཁྱིམ་ཚང་གི་འཚོ་བའི་འཛད་སྤྱོད་འགྲོ་སོང་དང་དངོས་ཡོད་ཡོང་འབབ་ཚང་མ་ཟིན་ཐོར་འགོད་དགོས། 

གསུམ། ཕྱུགས་བྱ་གཙོ་བོར་རྟོག་འཇལ་དང་བརྟག་དཔྱད་ལས་དོན་ངོ་སྤྲོད་མདོར་བསྡུས།

ཕྱུགས་བྱ་གཙོ་བོར་རྟོག་འཇལ་དང་བརྟག་དཔྱད་བྱེད་པ་ནི་རྒྱལ་ཁབ་རིམ་པའི་དམངས་ཚིས་བརྟག་དཔྱད་གལ་ཆེན་ཞིག་ཡིན་ཞིང་། དེས་ཕྱོགས་ཡོངས་དང་དོན་དངོས་དང་མཐུན་པའི་སྒོ་ནས་མཚོ་བྱང་ཁུལ་གྱི་ཕྱུགས་ལས་འཕེལ་རྒྱས་གནས་ཚུལ་མཚོན་ཐུབ། བརྟག་དཔྱད་བྱས་པ་བརྒྱུད་ཐོབ་པའི་གཞི་གྲངས་དེས་རྒྱལ་ཁབ་ཀྱིས་ཕྱུགས་ལས་ཀྱི་འབྲེལ་ཡོད་སྲིད་ཇུས་བཟོ་རྒྱུར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་ཐུབ་པ་མ་ཟད། ཏང་ཨུ་དང་སྲིད་གཞུང་གིས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་། གསོ་ཚགས་ཀྱི་བཀོད་པ་ལེགས་སུ་གཏོང་བ། རོང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་ལ་འགག་རྩའི་དཔྱད་གཞི་མཁོ་འདོན་བྱེད་ཐུབ། ཡང་དག་པའི་གཞི་གྲངས་རེ་རེས་མཚོ་བྱང་ཁུལ་གྱི་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་བསྣན་ཡོད་ཅེས་བརྗོད་ཆོག

fedacf140e764ef2ccca152665cc8c2f.jpg

2023ལོར་མཚོ་སྔོན་ཞིང་ཆེན་གྱིས་ཕྱུགས་ལས་སྡོམ་རྩིས་བརྟག་དཔྱད་མ་དཔེ་བརྗེ་རེས་ལས་དོན་སྤེལ་མགོ་བརྩམས། རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་མ་དཔེ་དེ་ལོ5སོང་རྗེས་བརྗེ་དགོས་ཤིང་། དེའི་དམིགས་ཡུལ་ནི་མ་དཔེའི་མཚོན་བྱེད་རང་བཞིན་ལ་འགན་ལེན་བྱས་ཏེ་བརྟག་དཔྱད་གཞི་གྲངས་བདེན་པ་དང་བློས་འགེལ་ཆོག་པ་འགན་ལེན་བྱ་རྒྱུ་དེ་ཡིན། རྒྱལ་ཁབ་སྡོམ་རྩིས་ཅུ་མཚོ་བྱང་བརྟག་དཔྱད་རུ་ཁག་གིས་མིག་སྔར་ཁུལ་ཡོངས་ཀྱི་ཕྱུགས་བྱ་གཙོ་བོར་རྟོག་འཇལ་དང་བརྟག་དཔྱད་ལས་དོན་སྒྲིག་འཛུགས་དང་གསོ་སྦྱོང་། མཛུབ་ཁྲིད་བཅས་བྱེད་འགན་འཁུར་བཞིན་ཡོད་པ་དང་། གཙོ་བོ་མདའ་བཞི་རྫོང་གི་ཕྱུགས་བྱ་གཙོ་བོར་རྟོག་འཇལ་དང་བརྟག་དཔྱད་བྱེད་པའི་ཞིབ་ཕྲའི་ལས་དོན་གྱི་འགན་འཁུར་བཞིན་ཡོད། དེ་ལས་ནོར་ལུག་ལ་དཔེ་འདེམས་བརྟག་དཔྱད་བྱེད་ཐབས་སྤྱོད་པ་དང་། ཕག་དང་ཁྱིམ་བྱར་སྡོམ་རྩིས་ཅུ་ཡིས་ཁྱོན་ཡོངས་ནས་སྡོམ་རྩིས་རྒྱག་བཞིན་ཡོད།

acd564366736305b7434fd6d70784f9f.jpg

fc48a4223147564a4a9d456f406de538.jpg

འོ་ན། ཕྱུགས་བྱ་གཙོ་བོར་རྟོག་འཇལ་དང་བརྟག་དཔྱད་བྱེད་སྐབས་གང་དག་ལ་བརྟག་དཔྱད་བྱ་དགོས་སམ་ཞེ་ན། ནང་དོན་གཙོ་བོ་ཁག་གཉིས་འདུས་ཡོད་དེ། ཁག་དང་པོ་ནི་ཕྱུགས་བྱ་གཙོ་བོར་རྟོག་འཇལ་དང་བརྟག་དཔྱད་བྱས་ཏེ་མཚོ་བྱང་ཁུལ་གྱི་ཕྱུགས་བྱ་གཙོ་བོའི(ནོར། ལུག བྱ་རིགས)ལག་ཡོད་དང་བཤས་གཏོང་། ཐོན་རྫས་ཀྱི་ཐོན་འབོར། ཕྱིར་འཚོང་རིན་གོང་སོགས་ཀྱི་གནས་ཚུལ་གཙོ་གནད་ཐོག་ཤེས་རྟོགས་བྱེད་དགོས། ལག་ཡོད་གྲངས་འབོར་གྱིས་མིག་སྔའི་ཕྱུགས་ལས་ཀྱི་གསོ་ཚགས་གཞི་ཁྱོན་མཚོན་པ་དང་བཤས་གཏོང་གྲངས་འབོར་གྱིས་ཕྱུགས་བྱའི་ཁྲོམ་རའི་མཁོ་སྤྲོད་ནུས་པ་མངོན་གྱི་ཡོད། ཐོན་རྫས་ཀྱི་ཐོན་འབོར་ནི་རོང་འབྲོག་མང་ཚོགས་ཀྱི་གསོ་ཚགས་ཕན་འབྲས་དང་ཐད་ཀར་འབྲེལ་བ་ཡོད། ཕྱིར་འཚོང་རིན་གོང་ནི་ཁྲོམ་རའི་མཁོ་སྤྲོད་འབྲེལ་བའི་ཐད་ཀའི་མཚོན་ཚུལ་ཞིག་ཡིན། གཞི་གྲངས་དེ་དག་འཚོལ་སྡུད་དང་དབྱེ་ཞིབ་བྱས་པ་བརྒྱུད་ཕྱུགས་ལས་ཐོན་སྐྱེད་ཀྱི་འགུལ་རྣམ་འགྱུར་ལྡོག་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱི་གསོ་ཚགས་འཆར་གཞི་ལེགས་སྒྲིག་བྱ་རྒྱུར་དཔྱད་གཞི་མཁོ་འདོན་བྱེད་ཐུབ།

ཁག་གཉིས་པ་ནི་ཕྱུགས་བྱ་གཙོ་བོའི་འདྲི་ཤོག་བརྟག་དཔྱད་ཡིན་ཞིང་། གཙོ་བོ་གསོ་ཚགས་ར་བ་ཆེ་གྲས་ཀྱི་དུད་ཚང་ལ་དམིགས་ནས་ཁོ་ཚོའི་གསོ་ཚགས་ཀྱི་འདོད་བློ་དང་འཕྲད་པའི་དཀའ་ངལ། ཁྲོམ་ར་རྗེས་མའི་བརྡར་གཅོད། གསོ་ཚགས་ཀྱི་ཕན་འབྲས་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་དགོས། གསོ་ཚགས་འདོད་བློ་ཡིས་གསོ་ཚགས་དུད་ཚང་གིས་འབྱུང་འགྱུར་ཁྲོམ་རར་བཅངས་པའི་ཡིད་ཆེས་མཚོན་པ་དང་། འཕྲད་པའི་དཀའ་ངལ་ནི་སྲིད་གཞུང་གིས་རོགས་སྐྱོར་སྲིད་ཇུས་བཟོ་བའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན། ཁྲོམ་ར་རྗེས་མའི་བརྡར་གཅོད་ཀྱིས་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྔོན་དཔག་བྱེད་ཐུབ་པ་དང་། གསོ་ཚགས་ཀྱི་ཕན་འབྲས་དེ་གསོ་ཚགས་དུད་ཚང་གི་ཐོན་སྐྱེད་ཧུར་སེམས་དང་ཐད་ཀར་འབྲེལ་བ་ཡོད། འདྲི་ཤོག་བརྟག་དཔྱད་བྱས་པ་བརྒྱུད་གསོ་ཚགས་དུད་ཚང་གི་བསམ་ཚུལ་ཤེས་རྟོགས་གཏིང་ཟབ་ཐུབ་པ་དང་། ཁོ་ཚོའི་དངོས་ཡོད་གནད་དོན་ཐག་གཅོད་བྱ་རྒྱུར་ཁ་ཕྱོགས་མཁོ་འདོན་བྱེད་ཐུབ།

བརྟག་དཔྱད་འདི་ནི་དུས་ཚིགས་རང་བཞིན་གྱི་སྙན་ཞུ་ཡིན་ཞིང་། དུས་ཚིགས་རེའི་དུས་མཇུག་གི་ཚེས25ཉིན་ལེགས་གྲུབ་ཟིན་ནས་དུས་ཚིགས་རྗེས་མའི་ཟླ་བ་མགོ་མའི་ཚེས10ཉིན་ཡས་མས་སུ་གཞི་གྲངས་ཁྱབ་སྒྲོག་བྱེད་དགོས། བརྟག་དཔྱད་བྱེད་རིང་བརྟག་དཔྱད་པས་ངང་རྒྱུད་རིང་པོས་གསོ་ཚགས་ར་བའི་དུད་ཚང་ལ་འབྲེལ་ཡོད་ཆ་འཕྲིན་འདྲི་རྩད་བྱེད་པ་དང་བརྟག་དཔྱད་འདྲི་ཤོག་ནན་ཏན་སྒོས་བྲིས་ནས་གཞི་གྲངས་ཚང་མའི་ཡང་དག་རང་བཞིན་དང་དོན་དངོས་རང་བཞིན་ལ་འགན་ལེན་བྱེད་དགོས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་ནས་མཚོ་སྔོན་གྱི་འཕེལ་རྒྱས་ལ་བརྗིད་ཆེའི་འཆར་གཞི་བཀོད་ཡོད། “ལོ་ལྔའི་འཆར་གཞི་བཅོ་ལྔ་པ”མགོ་རྩོམ་པའི་ལོར་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། མཚོ་སྔོན་གྱི“ཆེས་ཆེ་ཤོས་གསུམ”གྱི་ཞིང་ཆེན་གནས་ཚུལ་ངེས་གནས་དང“དེ་བས་གལ་འགངས་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ལ་གཞི་ཚུགས་ཏེ། ཐོན་ལས“ས་ཁུལ་བཞི”འཛུགས་སྐྲུན་དང“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་གསུམ”གྱི་དམིགས་ཚད་བཀོད་སྒྲིག་དང་སྐུལ་འདེད་བཏང་ཡོད། སྡོད་ཁྱིམ་གྱི་གཏོང་ཡོང་དང་འཚོ་བའི་གནས་ཚུལ་ལ་བརྟག་དཔྱད་དང་། ཕྱུགས་བྱ་གཙོ་བོར་རྟོག་འཇལ་དང་བརྟག་དཔྱད་སོགས་རྒྱལ་ཁབ་ཀྱི་དམངས་ཚིས་བརྟག་དཔྱད་ལས་དོན་གྱིས་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་དང་ཕྱུགས་ལས་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་མཚོན་པ་དང་། རྒྱལ་ཁབ་ཀྱིས་སྲིད་ཇུས་གཏན་འབེབས་དང་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག གསོ་ཚགས་བཀོད་པ་ལེགས་སྒྱུར། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བཅས་ལ་གཞི་གྲངས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་པ་ཡིན། འདིར་ང་ཚོས་རྒྱ་ཆེའི་མང་ཚོགས་ཀྱིས་སྡོམ་རྩིས་བརྟག་དཔྱད་ལས་དོན་ལ་གཞོགས་འདེགས་དང་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་སྙིང་ནས་ཞུ་ལ། ཁྱེད་ཀྱིས་ལྷག་བསམ་ཟོལ་མེད་ངང་ལན་བཏབ་པ་ཚང་མ་མཚོ་བྱང་གི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་ནུས་ལྡན་བྱས་པ་ཡིན། ཁྱེད་ཀྱིས་མཁོ་འདོན་བྱས་པའི་གཞི་གྲངས་ཡང་དག་ཚང་མ་མཚོ་བྱང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་འཆར་འགོད་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་འགྱུར་ངེས་ཤིང་། ང་ཚོས་མཐུན་སྒྲིལ་གྱི་ལག་གདང་སྦྲེལ་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་མཉམ་དུ་རྩོམ་པར་བྱ།


མཉམ་སྤྱོད།