དེ་རིང་ནི2026ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་འཕར་བ།

2026-03-10 09:36:59   |   161

སྒྲིག་སྒྱུར།   སངས་དོན།      ཡོང་ཁུངས།   ཞིན་ཧྭ་དྲ་བ།     བཤེར་འབེབས།    རིན་ཆེན་ཚེ་རིང་།


01000.jpg

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ3པའི་ཚེས9ཉིན་འབྱོར་བའི་གློག་འཕྲིན། ཚེས9ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ3པའི་ཚེས9ཉིན་སྔོན་གྱི་ལས་ཀའི་ཉིན་གྲངས་བཅུའི་བར་གྱི་ཆ་སྙོམས་རིན་གོང་དང་དེ་གོང་རིན་གོང་ལེགས་སྒྲིག་མ་བྱས་གོང་གི་སྔོན་གྱི་ལས་ཀའི་ཉིན་གྲངས10ཡི་ཆ་སྙོམས་རིན་གོང་བསྡུར་ཚད་དང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་བཅོས་སྣུམ་གྱི་རིན་གོང་ལམ་སྲོལ་གཞིར་ལྟར་ན། ཟླ3པའི་ཚེས9ཉིན་གྱི་ཆུ་ཚོད24ནས་བཟུང་རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་ཏུན་རེར་སོ་སོར་སྒོར695དང་སྒོར670རུ་འཕར་ཡོད།

རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ཀྲུང་གོ་རྡོ་སྣུམ་དང་། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས། ཀྲུང་གོ་མཚོ་ཐོག་སྣུམ་བཅས་ཀུང་སི་ཆེ་གྲས་གསུམ་དང་དེ་བཞིན་མ་བཅོས་རྡོ་སྣུམ་ལས་སྣོན་ཁེ་ལས་གཞན་དག་གིས་བཅོས་སྣུམ་ཐོན་སྐྱེད་དང་གཏོང་འདྲེན་སྒྲིག་འཛུགས་ཡག་པོ་བྱས་ནས་ཁྲོམ་རར་མཁོ་སྤྲོད་བརྟན་པོ་ཡོང་བའི་འགན་ལེན་དང་རྒྱལ་ཁབ་ཀྱི་རིན་གོང་སྲིད་ཇུས་ལག་བསྟར་ནན་པོ་བྱེད་དགོས་ཞེས་བཤད་པ་རེད། ས་གནས་ཁག་གི་འབྲེལ་ཡོད་སྡེ་ཚན་གྱིས་ཁྲོམ་རར་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་རིན་གོང་སྲིད་ཇུས་ལག་བསྟར་མི་བྱེད་པའི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་རྒྱུན་གཏན་གྱི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། འཛད་སྤྱོད་པས12315ལས་སྟེགས་བརྒྱུད་ནས་རིན་གོང་ཁྲིམས་འགལ་གྱི་བྱ་སྤྱོད་ཐེར་འདོན་བྱེད་ཆོག

རེས་སྐོར་འདིའི་བཅོས་སྣུམ་གྱི་རིན་གོང་སྙོམས་སྒྲིག་བྱེད་པའི་དུས་འཁོར་ནང་རྒྱལ་སྤྱིའི་སྣུམ་རིན་ཆེས་ཆེར་འཕར་ཡོད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་རིན་གོང་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། དབུས་ཤར་ས་ཁུལ་གྱི་དུས་བབ་འགྱུར་ལྡོག་ནི་རྗེས་ཕྱོགས་རྒྱལ་སྤྱིའི་སྣུམ་རིན་འཕེལ་ཕྱོགས་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད།


མཉམ་སྤྱོད།