དེ་རིང་ནི2026ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རང་རྒྱལ་གྱིས་ཚོད་ལྟའི་སྲུང་སྐར་ཨང་སུམ་ཅུ་པའི་སྲུང་སྐར03དང04བདེ་བླག་ངང་འཕེན་གཏོང་བྱས་པ།

2026-03-13 08:59:34   |   166

སྒྲིག་སྒྱུར།   སངས་དོན།      ཡོང་ཁུངས།   ཞིན་ཧྭ་དྲ་བ།     བཤེར་འབེབས།   རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་ཤིས་ཁྲང་ནས་ཟླ3པའི་ཚེས13ཉིན་གྱི་གློག་འཕྲིན། ཟླ3པའི་ཚེས13ཉིན། རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ང་པ་སྤྱད་དེ་ཚོད་ལྟའི་སྲུང་སྐར་ཨང་སུམ་ཅུ་པའི་སྲུང་སྐར03དང04མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་དང་། དེ་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་བདེ་བླག་ངང་བསྐྱོད་དེ་འཕེན་གཏོང་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་རེད།

ཚོད་ལྟའི་ཨང་སུམ་ཅུ་པའི་སྲུང་སྐར03དང04ནི་གཙོ་བོ་ས་ངོས་ལྟ་ཞིབ་ཚད་ལེན་ལག་རྩལ་ཚོད་ལྟའི་ར་སྤྲོད་ལ་སྤྱོད་ཀྱི་ཡོད།

ཐེངས་འདིའི་ལས་འགན་ནི་རྒྱང་སྐྱོད་རིམ་སྤེལ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕུར་སྐྱོད་བྱེད་ཐེངས632པ་ཡིན་པ་རེད།


མཉམ་སྤྱོད།