དེ་རིང་ནི2026ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀུ་ཤུ་ཀུང་སིས་ཀྲུང་གོའི་ཉེར་སྤྱོད་ཚོང་ཁང་གི་གླ་དངུལ་དམའ་རུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ།

2026-03-13 11:24:43   |   71

སྒྲིག་སྒྱུར།    སངས་དོན།    ཡོང་ཁུངས།   ཞིན་ཧྭ་དྲ་བ།    བཤེར་འབེབས།    རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ3པའི་ཚེས13ཉིན་འབྱོར་བའི་གློག་འཕྲིན། ཚེས13ཉིན། གསར་འགོད་པས་ཀུ་ཤུ་གསར་སྤེལ་བྱེད་མཁན་གཞུང་ཕྱོགས་དྲ་ཚིགས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་གོའི་ལྟ་སྐུལ་དོ་དམ་སྡེ་ཚན་དང་འབྲེལ་གཏུག་བྱས་པ་ལྟར། ཀུ་ཤུ་ཀུང་སིས་ཀྲུང་གོའི་ཉེར་སྤྱོད་ཚོང་ཁངApp Storeནང་གི་ལག་ཐོགས་ཁ་པར་དང་ངོས་ལེབ་གློག་ཀླད་བཀོལ་སྤྱོད་མ་ལག་གི་གླ་དངུལ་སྤྲོད་ཚད་དམའ་རུ་གཏོང་རྒྱུ་རེད།

ཀུ་ཤུའིAppནང་ཉོ་བ་དང་རིན་སྤྲོད་དགོས་པའིAppཡི་གླ་དངུལ་ཚད་གཞི་དེ་མིག་སྔའི30%ནས25%ལ་བསྒྱུར་རྒྱུ་རེད། ཀུ་ཤུའི་གསར་སྤེལ་ཆུང་གྲས་ཀྱི་འཆར་གཞིApp Store Small Business Programདང་དེ་བཞིན་གོ་རིམ་ཆུང་ངུའི་མཉམ་ལས་རོགས་ཟླའི་འཆར་གཞིའི(Mini Apps Partner Program)འོག་གི་ཆ་རྐྱེན་དང་མཐུན་པའི་ཀུ་ཤུAppནང་ནས་ཉོ་བའི་གླ་དངུལ་ཚད་གཞི་དང་དེ་བཞིན་ལོ་དང་པོའི་རྗེས་ཀྱི་རང་འགུལ་ངང་གླ་དངུལ་མཐུད་ཉོ་བྱེད་ཚད་མིག་སྔའི15%ནས12%བར་བསྒྱུར་རྒྱུ་རེད། 

ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་གླ་དངུལ་ལེགས་སྒྲིག་དེ2026ལོའི་ཟླ3པའི་ཚེས15ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་། གསར་སྤེལ་བྱེད་དགོས་མཁན་གྱིས་ཞབས་ཞུའི་དོན་ཚན་ལ་ཡང་བསྐྱར་མིང་རྟགས་འགོད་མི་དགོས་པ་རེད།

ཀུ་ཤུ་ཀུང་སིས་གསར་སྤེལ་བྱེད་མཁན་ཚང་མར་དྲང་སྙོམས་དང་ཕྱི་གསལ་ནང་གསལ་གྱི་དོན་ཚན་རྒྱུན་འཁྱོངས་བྱ་རྒྱུའི་ཁས་ལེན་བྱས་པ་དང་འབྲེལ། ཀྲུང་གོར་སྤྲད་པའིAppཡི་གསར་སྤེལ་པ་ཚོར་ཁྲོམ་རའི་སྤྱི་ཡོངས་ཀྱི་གྲོན་དངུལ་ཚད་གཞི་ལས་མི་མཐོ་བའི་འགྲན་རྩོད་ནུས་པ་ལྡན་པའིApp Storeགྲོན་དངུལ་ཚད་གཞི་མཁོ་འདོན་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཅེས་བཤད་པ་རེད།


མཉམ་སྤྱོད།