དེ་རིང་ནི2026ལོའི་ཟླ03པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཛེས་པའི་ཀྲུང་གོ ——བོད་ལྗོངས་འཕྱོངས་རྒྱས་ཡུལ་གྱི་དཔྱིད་རྨོད།

2026-03-17 14:31:53   |   82

སྒྲིག་སྒྱུར།    སངས་དོན།      ཡོང་ཁུངས།     ཀྲུང་གོ་གསར་འགྱུར་དྲ་བ།     བཤེར་འབེབས།    རིན་ཆེན་ཚེ་རིང་།


ཟླ3པའི་ཚེས16ཉིན་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་བེ་རི་སྡེ་ཁུལ་གྱི་དཔྱིད་རྨོད་མཛད་སྒོ་འཚོགས་པ་རེད། གྲོང་མི་ཚོས་གཟབ་མཆོར་ལེགས་པར་སྤྲས་ཏེ་ལག་ཏུ་ཁ་བཏགས་དང་ནས་ཆང་ཁྱེར་ནས་ཞིང་ནང་དུ་འཛོམས། དར་ལྕོག་དང་དར་ཚོན་སྤྲས་པའི་འདྲུད་འཐེན་འཁོར་ལོ་རུ་བསྒྲིགས་ནས་རྨོ་ཞིང་དུ་བསྐྱོད་པ་དང་བུད་མེད་ཚོས་མཉམ་དུ་འདེབས་འཛུགས་བྱེད་ཀྱི་ཡོད། ཕན་ཚུན་ལ་ནས་ཆང་མཆོད་པ་དང་རྩམ་པ་གཏོར་བ་སོགས་ཀྱི་གནའ་བོའི་ཞིང་ལས་སྲོལ་རྒྱུན་དང་། དེང་རབས་ཀྱི་ཞིང་འཕྲུལ་ལས་ཀ་སོགས་གནས་འདི་རུ་གཞི་གཅིག་ཏུ་འདྲེས་ཡོད། གྲོང་མི་ཚོས་ཆར་ཆུ་དུས་སུ་འབབ་པ་དང་འབྲུ་རིགས་སྣ་ལྔ་ལོ་ལེགས་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད།  


མཉམ་སྤྱོད།