དེ་རིང་ནི2026ལོའི་ཟླ03པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ད་ལོའི་ཟླ་དང་པོ་དང་གཉིས་པར་ཀྲུང་གོའི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས6.1%འཕར་བ།

2026-03-17 16:06:05   |   137

སྒྲིག་སྒྱུར།   སངས་དོན།      ཡོང་ཁུངས།    ཀྲུང་གོ་གསར་འགྱུར་དྲ་བ།     བཤེར་འབེབས།      རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན། ཚེས17ཉིན། ཀྲུང་གོ་རྒྱལ་ཁབ་ནུས་རྒྱུ་ཅུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། 2026ལོའི་ཟླ་དང་པོ་ནས་གཉིས་པའི་བར་ཀྲུང་གོའི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་རིམ་རྩིས་བྱས་ན་དུས་ཚོད་རེར་ཆན་ཝ་དུང་ཕྱུར16546ཡིན་པ་དང་། དུས་མཚུངས་ལས6.1%འཕར་ཡོད།

ཐོན་ལས་ལྟར་དབྱེ་ན། ཐོན་ལས་དང་པོའི་གློག་སྤྱོད་ཚད་དུས་ཚོད་རེར་ཆན་ཝ་དུང་ཕྱུར223ཡིན་པ་དང་། དུས་མཚུངས་ལས7.4%འཕར་ཡོད། ཐོན་ལས་གཉིས་པའི་གློག་སྤྱོད་ཚད་དུས་ཚོད་རེར་ཆན་ཝ་དུང་ཕྱུར10279ཡིན་པ་དང་། དུས་མཚུངས་ལས6.3%འཕར་ཡོད། དེའི་ཁྲོད། བཟོ་ལས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས6.4%འཕར་བ་དང་། ལག་རྩལ་མཐོ་བ་དང་དེ་བཞིན་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས10.6%འཕར་ཡོད། ཐོན་ལས་གསུམ་པའི་གློག་སྤྱོད་ཚད་དུས་ཚོད་རེར་ཆན་ཝ་དུང་ཕྱུར3231ཡིན་པ་དང་། དུས་མཚུངས་ལས8.3%འཕར་ཡོད། དེའི་ཁྲོད། གློག་གསོག་ཞབས་ཞུའི་ལས་རིགས་དང་དྲ་སྦྲེལ་གྲངས་གཞིའི་ཞབས་ཞུའི་ལས་རིགས་ཀྱི་གློག་སྤྱོད་ཚད་སོ་སོར55.1%དང་46.2%སུ་སླེབས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་གློག་སྤྱོད་ཚད་དུས་ཚོད་རེར་ཆན་ཝ་དུང་ཕྱུར2813ཡིན་པ་དང་། དུས་མཚུངས་ལས2.7%འཕར་ཡོད།


མཉམ་སྤྱོད།