དེ་རིང་ནི2026ལོའི་ཟླ03པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ཚོང་ར་ལྟ་སྐུལ་དོ་དམ་ཅུའི་ཤའི་ཐོན་རྫས་རྫུན་མ་དང་སྤུས་ཞན་གྱི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་ཡོངས་བསྒྲགས་སུ་བསྡུ་རུབ་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ།

2026-03-27 09:24:05   |   12

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མཚོ་བྱང་ཁུལ་ཚོང་ར་ལྟ་སྐུལ་དོ་དམ་ཅུ།  བཤེར་འབེབས། རིན་ཆེན་ཚེ་རིང་


བཟའ་བཅའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བཟོ་བ་དང་། མི་དམངས་མང་ཚོགས་ཀྱི“བཟའ་བཅའི་བདེ་འཇགས”སྲུང་སྐྱོབ། ཤའི་ཐོན་རྫས་རྫུན་མ་དང་སྤུས་ཞན་བཟོ་འཚོང་གི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་ཏུ་གཏོང་ཆེད། མཚོ་བྱང་ཁུལ་ཚོང་ར་ལྟ་སྐུལ་དོ་དམ་ཅུས་ཁུལ་སྤྱི་བདེ་ཅུ་སོགས་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ། ཤའི་ཐོན་རྫས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་ནས་བཟའ་བཅའི་བདེ་འཇགས་ཀྱི་སྤྱི་ཚོགས་མཉམ་བཅོས་ཀྱི་རྣམ་པ་ཞིག་ཧུར་ཐག་གིས་གཏོད་རྒྱུ་ཡིན། ད་ལྟ་སྤྱི་ཚོགས་ལ་ཕྱོགས་ནས་ཁྲིམས་འགལ་ཉེས་གསོག་གི་འབྲེལ་ཡོད་ཁུངས་སྣེ་ཡོངས་བསྒྲགས་ངང་བསྡུ་རུབ་བྱ་རྒྱུ་དང་། ཞིབ་ཕྲའི་དོན་ཚན་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ་ལྟར།

གཅིག ཁུངས་སྣེ་བསྡུ་རུབ་ཀྱི་ཁྱབ་ཁོངས།

(གཅིག)ཤའི་ཐོན་རྫས་རྗུན་མ་དང་སྤུས་ཞན་བཟོ་འཚོང་བྱེད་པའི་ཐད། 

1.ཆོག་འཐུས་སམ་ཡང་ན་ཐོ་འགོད་སྙན་སེང་མ་ཐོབ་པར་རང་དགར་ཤའི་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན་བྱེད་པའི་ནག་ཚང་དང་བཟོ་ཁང་ངན་པ། དེ་བཞིན་ཡོང་ཁུངས་གསལ་པོ་མེད་པའི་བཟའ་བཅའ་བཙོས་མ་དང་ཚྭ་སྦྱངས་བྲོ་བ་སོགས་ཤའི་ཐོན་རྫས་བཟོ་འཚོང་བྱེད་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད། 

2.བཟའ་བཅའ་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཁན་གྱིས་སྲོག་ཆགས་ཀྱི་ནད་ཡམས་བརྟག་ཞིབ་ཚད་ལོན་དཔང་ཡིག་དང་ཤའི་ཐོན་རྫས་ཀྱི་སྤུས་ཀའི་བརྟག་ཞིབ་ཚད་ལོན་དཔང་ཡིག ཤ་རིགས་ནང་འདྲེན་བྱས་པའི་ནད་ཡམས་བརྟག་ཞིབ་ཚད་ལོན་དཔང་ཡིག་བཅས་གཏན་འབེབས་ལྟར་ཞིབ་དཔྱད་བྱས་མེད་པ་དང་། ནད་ཀྱིས་ཤི་བ་དང་དུག་གིས་ཤི་བ། ཤི་རྐྱེན་གསལ་པོ་མེད་པ་བཅས་ཀྱི་ཕྱུགས་བྱའི་ཤ་བེད་སྤྱོད་བྱེད་པ། ཆུ་བསྣན་ཤ་དང་སྨན་རྫས་ཀྱིས་ཆེར་བསྐྱེད་པའི་ཤ། ནད་ཡམས་བརྟག་དཔྱད་ཚད་ལོན་གྱི་དཔང་རྟགས་མེད་པའི་ཤ་བཅས་རྒྱུ་ཆ་བྱས་ཏེ་ལས་སྣོན་བཟའ་བཅའ་བྱེད་པའི་བྱ་སྤྱོད་དང་། ཤའི་ཐོན་རྫས་ཐོན་སྐྱེད་བྱེད་རིང་ལྷད་བསྲེས་པ་དང་རྫུན་མ་བསྲེས་པ། སྤུས་ཞན་སྤུས་ལེགས་སུ་བརྫུས་པ། བྱ་དང་བྱ་གག་གི་ཤ་སོགས་ཀྱིས་ནོར་ལུག་གི་ཤ་ལ་བརྫུས་པའམ་ཡང་ན་ཤ་སྙོམས་སྒྲིག་བྱས་པའི་ཐོན་རྫས“མ་བཅོས་གཏུབ་ཤ”དང“གསར་གཏུབ་ཤ”“ཤ་ལྷད་མེད”སོགས་སུ་བརྫུས་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད།

3.ཤའི་ཐོན་རྫས་ཐོན་སྐྱེད་གཉེར་སྐྱོང་ཚན་པའི་ཐོན་སྐྱེད་ཁོར་ཡུག་དང་བཟོ་རྩལ་བཀོད་སྒྲིག བརྒྱུད་རིམ་བཅས་ལ་དོ་དམ་ཚོད་འཛིན་བྱེད་པ་དེ་བཟའ་བཅའི་བདེ་འཇགས་ཚད་ལྡན་གྱི་བླང་བྱ་དང་མི་མཐུན་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད།

4.ནང་འདྲེན་ནམ་ཡང་ན་ལྐོག་འཚོང་བྱེད་པའི་ཤ་རིགས་འཁྱག་གཏོང་ཐོན་རྫས་ཀྱི་ཐུམ་སྒྲིལ་བརྗེ་བ་དང་དབང་གནོད་རྫུན་བཟོ། ཁྲིམས་འགལ་ངང་ཕྱིར་འཚོང་སོགས་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ།

5.རྒྱ་ཁོག་ཟ་ཁང་དང་བསྲེགས་ཟས་ཟ་ཁང་སོགས་བཟའ་བཏུང་ཚན་པས་ཁུངས་གསལ་པོ་མིན་པ་དང་ནད་ཡམས་ཞིབ་བཤེར་མ་བྱས་པའམ་ཡང་ན་ཚད་གཞི་མ་ལོན་པའི་ཤ་རིགས་དང་ལྐོག་འཚོང་འཁྱག་ཤ་ཉོ་སྒྲུབ་དང་བེད་སྤྱོད་བྱེད་པ་དང་། ནོར་ལུག་གི་ཤའི་ཐོན་རྫས་རྫུན་མ་དང་སྤུས་ཞན་བཟོ་འཚོང་བྱེད་པ། ཤ་སྙོམས་སྒྲིག་བྱས་ནས“མ་བཅོས་ཤ་གཏུབ”སོགས་སུ་བརྫུས་པའི་བྱ་སྤྱོད། ཁྲིམས་འགལ་གྱིས་ཟེ་སྐྱུར་ཚྭ་སྤྱད་པའམ་ཡང་ན་ཁྱབ་ཁོངས་ལས་བརྒལ་བ་དང་ཚད་བཀག་ལས་བརྒལ་བའི་སྒོ་ནས་ཟས་རིགས་སྦྱོར་རྟ་སྤྱོད་པ་སོགས་ཀྱི་ཁྲིམས་འགལ་ཁུངས་སྣེ།

6.ཤའི་ཐོན་རྫས་རྗུན་མ་དང་སྤུས་ཞན་བཟོ་འཚོང་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་གཞན་དག 

གཉིས། ཡོངས་བསྒྲགས་སུ་བསྡུ་རུབ་བྱེད་པའི་དུས་ཚོད། 

བརྡ་ཁྱབ་འདི་ཁྱབ་བསྒྲགས་བྱས་ཉིན་ནས2026ལོའི་ཟླ12ཚེས20ཉིན་བར་ཡིན།

གསུམ། ཁུངས་སྣེ་བདག་སྤྲོད་སྡེ་ཁག་དང་འབྲེལ་གཏུག་བྱེད་སྟངས། 

ཆུ་ཚོད24རིང་གི་ཐེར་འདོན་ཁ་པར། 12315

རྒྱལ་ཡོངས་བཟའ་བཅའི་བདེ་འཇགས་ཐེར་འདོན་ལས་སྟེགས། https://spjb.samr.gov.cn

མཚོ་བྱང་ཁུལ་ཚོང་ར་ལྟ་སྐུལ་དོ་དམ་ཅུའི་ལས་ཀའི་ཉིན་གྲངས་ཀྱི་ཐེར་འདོན་ཁ་པར།

གཞུང་ལས་ཁང་། 0970-8642739

ཟས་རིགས་ཚན་ཁག0970-8644991

བཞི། དོ་སྣང་བྱེད་དགོས་པའི་དོན་གནད་དང་ཁུངས་སྣེ་བསྡུ་རུབ་ཀྱི་གསལ་བཤད། 

(གཅིག) དངོས་མིང་ཐོག་ནས་ཐེར་འདོན་བྱེད་པར་སྐུལ་མ་གཏོང་བ། 

ཐེར་འདོན་བྱེད་མཁན་གྱིས་གང་ཐུབ་ཅི་ཐུབ་ཀྱིས་ཁུངས་སྣེ་ཞིབ་ཕྲའི་ཆ་འཕྲིན་མཁོ་འདོན་བྱེད་དགོས་པ་དང་། དེའི་ནང་ཁྲིམས་འགལ་བྱ་སྤྱོད་བྱུང་བའི་དུས་ཚོད་དང་ས་གནས། འབྲེལ་ཡོད་ཚན་པའམ་མི་སྒེར། ཞིབ་ཕྲའི་ཁྲིམས་འགལ་དོན་དངོས་དང་དེ་བཞིན་འབྲེལ་ཡོད་དཔང་རྟགས་དཔྱད་གཞི(པར་དང་བརྙན། འཛིན་ཡིག་སོགས)། རུས་མིང་ངོ་མ་དང་འབྲེལ་གཏུག་བྱེད་སྟངས་མཁོ་འདོན་བྱ་རྒྱུར་སྐུལ་ལྕག་བྱས་ཏེ། ཞིབ་བཤེར་ཐག་གཅོད་བྱེད་བདེ་ཡོང་བ་བྱ་རྒྱུ། 

(གཉིས།) གནས་ཚུལ་ཇི་མ་ཇི་བཞིན་ཞུ་བ། 

ཐེར་འདོན་བྱེད་མཁན་གྱིས་མཁོ་འདོན་བྱས་པའི་ཁུངས་སྣེའི་བདེན་དངོས་རང་བཞིན་ལ་འགན་འཁུར་དགོས་པ་ལས་དོན་དངོས་རྫུན་བཟོ་དང་། སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁག་གཡོགས་བྱེད་མི་ཆོག སེམས་ངན་བཅངས་ནས་ཐེར་འདོན་དང་ཚོང་རའི་སྒྲིག་ལམ་ཟང་ཟིང་བཟོ་བའི་བྱ་སྤྱོད་ལ་ཁྲིམས་ལྟར་འབྲེལ་ཡོད་འགན་འཁྲི་བདའ་འདེད་གཏོང་རྒྱུ། 

(གསུམ།) ཁྲིམས་ལྟར་ཐག་གཅོད་དང་གསང་སྡོམ་བྱེད་པ། 

བསྡུ་རུབ་ཐུབ་པའི་ཁུངས་སྣེ་དག་གོ་རིམ་ལྟར་ཞིབ་བཤེར་ཐག་གཅོད་ནན་མོ་བྱ་རྒྱུ་མ་ཟད། ཐེར་འདོན་བྱེད་མཁན་གྱི་ཆ་འཕྲིན་གསང་བ་ནན་མོ་སྲུང་ནས་ཐེར་འདོན་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱ་རྒྱུ། ཁུངས་སྣེ་རྩད་ཞིབ་བྱས་པ་བརྒྱུད་དོན་དངོས་ཡིན་ན་གྱོད་ཐག་བཅད་རྗེས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བྱ་དགའ་སྤྲོད་རྒྱུ། 

མཚོ་བྱང་ཁུལ་ཚོང་ར་ལྟ་སྐུལ་དོ་དམ་ཅུ། 

2025ལོའི་ཟླ3ཚེས25ཉིན། 


མཉམ་སྤྱོད།