དེ་རིང་ནི2026ལོའི་ཟླ03པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཛམ་གླིང་གྲངས་གཞི་རྩ་འཛུགས་པེ་ཅིང་དུ་སྒྲིག་འཛུགས་ལེགས་འགྲུབ་བྱུང་བ།

2026-03-30 15:14:57   |   141

སྒྲིག་སྒྱུར།    སངས་དོན།       ཡོང་ཁུངས།   ཞིན་ཧྭ་དྲ་བ།     བཤེར་འབེབས།    རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ3པའི་ཚེས30ཉིན་གྱི་གློག་འཕྲིན། གསར་འགོད་པས་འཛམ་གླིང་གྲངས་གཞི་རྩ་འཛུགས་གྲ་སྒྲིག་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ3པའི་ཚེས30ཉིན་གྱི་སྔ་དྲོར་འཛམ་གླིང་གྲངས་གཞི་རྩ་འཛུགས་ཀྱིས་པེ་ཅིང་དུ་ཚོགས་མིའི་ཚོགས་ཆེན་ཐེངས་དང་པོ་འཚོགས་ནས་རྩ་འཛུགས་ཀྱི་སྒྲིག་ཡིག་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། སྐབས་ཐོག་མའི་ལས་འཛིན་དང་ལྟ་ཞིབ་པ་བདམས་ཐོན་བྱུང་།  གསར་དུ་བདམས་ཐོན་བྱུང་བའི་སྐབས་ཐོག་མའི་ལས་འཛིན་ལྷན་ཚོགས་ཀྱིས་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་རྩ་འཛུགས་ཀྱི་འགན་འཁུར་བ་འདེམས་བསྐོ་སྒོས་བདམས་ཐོན་བྱུང་བ་ཟད། རྩ་འཛུགས་ཀྱི་ལམ་ལུགས་དང་གཏན་འབེབས་གལ་ཆེན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། དེས་འཛམ་གླིང་གྲངས་གཞིའི་རྩ་འཛུགས་སྒྲིག་འཛུགས་ལེགས་འགྲུབ་བྱུང་ནས་དངོས་སུ་ལས་གཉེར་བྱེད་པ་མཚོན་ཡོད།


མཉམ་སྤྱོད།