དེ་རིང་ནི2026ལོའི་ཟླ04པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས2026ལོའི་དུས་ཚིགས་དང་པོའི་བདེན་པའི་རྒྱབ་ལངས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ།

2026-03-30 15:58:02   |   217

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།   ཞིན་ཧྭ་དྲ་བ།    བཤེར་འབེབས།    རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ3པའི་ཚེས30ཉིན་གྱི་གློག་འཕྲིན། ཟླ3པའི་ཚེས30ཉིན་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་པེ་ཅིང་དུ2026ལོའི་དུས་ཚིགས་དང་པོའི་བདེན་པའི་རྒྱབ་ལངས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་རེད། དྲ་རྒྱའི་ཐོག་བདེན་པའི་རྒྱབ་ལངས་ཀྱི་དཔེ་མཚོན་ལ་དོ་ཁུར་བྱེད་ཚད་དང་ས་གནས་ཁག་གིས་ཁྲིམས་ལྟར་གཏན་འཁེལ་དང་སྙན་ཞུའི་བསམ་འཆར་ལྟར། ཕྱོགས་བསྡུས་ཞིབ་དཔྱད་དང་དཔྱད་མོལ་བྱས་པས་ཁྱོན་སྡོམ་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོ་མི64ལ་གཟེངས་བསྟོད་དང་བྱ་དགའ་གནང་། 

དུས་ཚིགས་འདིར་མིང་ཐོའི་ནང་ཚུད་པའི་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོ་ལིའུ་ཝུའེ་དང་། ཀྲང་སི་ཞི། ཅང་ཁྲེང་ཀེན། ཧྲེ་ཅན་ཀྲུང་། ལི་ཁྲོན། ཨའེ་མར·ཡ་ཁུའུ་ཧྥུའུ་སོགས་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་བྱ་ཆེད་དཔའ་ངར་ཆེན་པོས་ཡར་ལངས་ནས་ཉེས་གསོག་དོགས་ཅན་བཏུལ་བ་དང་།  ཧྥེང་ཏུང་ཞ་དང་། སུང་མིང་ཅེ།  ཆིན་ཞའོ་ཕེ། ཀྲང་ཞའོ་ཕིང་། ལིའུ་ཀུའེ་ཡོན། ཐན་ལེ། ཏེང་ཙི་ལུང་སོགས་ཀྱིས་གྲང་ངར་ཆེ་བའི་ཆུ་བོ་དང་འབར་གས་མེ་སྐྱོན་སོགས་ཤི་གསོན་གྱི་ཉེན་ཁའི་མདུན་དུ་ཞུམ་མེད་མདུན་སྐྱོད་བྱས་ཏེ། ཚེ་སྲོག་བསྐྱབས་པ་དང་ཉེན་ཁ་ལས་སེལ་བར་བྱས།  ཅིན་ཁྲེང་ལུང་དང་། ཀྲང་ཧྥུ་ཁྲེན། སུང་ཡུས་ཅུན། མའེ་མའེ་ཐི་ཨའེ་ལི·དབྱི་སྨི་ཐི། མའེ་ཐི་ཁ་ཏིར·མའེ་ཐི་ཡ་སེན་བཅས་ཀྱིས་མི་དམངས་མང་ཚོགས་སྲུང་སྐྱོབ་བྱེད་པའི་སྐབས་སུ་རང་སྲོག་བློས་བཏང་བ་རེད།  

བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི་མིང་ཐོ་ཡོངས་བསྒྲགས་བྱེད་སྒོ་དེ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་ཀྲུང་ཧྭ་བདེན་དཔངས་ཐེབས་རྩ་ལྷན་ཚོགས་ཀྱིས་གཉེར་འགན་འཁུར་བ་ཞིག་རེད། 2022ལོའི་ཟླ9པ་ནས་བཟུང་། བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི་མིང་ཐོ་ཐེངས13ལཁྱབ་བསྒྲགས་བྱས་པ་དང་། ཁྱོན་སྡོམ་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོ་མི721ལ་གཟེངས་བསྟོད་དང་བྱ་དགའ་གནང་།


མཉམ་སྤྱོད།