དེ་རིང་ནི2026ལོའི་ཟླ04པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《མི་ཚེའི་གངས་རི་ཐོག་མ》ཞེས་པའི་དངོས་བྲིས་གློག་བརྙན་གྱི་མི་སྣ་གཙོ་བོ་འཚོལ་བའི་བརྡ་སྦྱོར།

2026-04-08 16:09:24   |   85

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


མདོ་ལ་རིང་མོའི་མེ་ལྷ་གངས་དཀར་ནི་གྲོང་ཁྱེར་དང་བར་ཐག་ཆེས་ཉེ་བའི་གངས་རི་ཡིན་ཏེ། མཚོ་འཕགས་ལ་སྨི5254.5ཡོད། རི་འཛེག་ལུས་རྩལ་ལ་དགའ་མོས་བྱེད་མཁན་རྣམས་ཀྱི་ཕུགས་འདུན་གྱི་མགོ་རྩོམ་ས་ཡིན།

མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས《མི་ཚེའི་གངས་རི་ཐོག་མ》ཞེས་པའི་དངོས་བྲིས་གློག་བརྙན་ཞིག་ཕབ་སྐྲུན་བྱ་རྩིས་ཡོད་ཅིང་། ད་ལྟ་དངོས་བྲིས་གློག་བརྙན་གྱི་མི་སྣ་གཙོ་བོ་འཚོལ་བཞིན་ཡོད། མི་སྣ་གཙོ་བོར་ཕོ་མོ་དང་ལས་རིགས། ལོ་ཚོད་སོགས་ཀྱི་ཁྱད་པར་མེད་དེ། ཕལ་བའི་མི་ཚེའི་ཁྲོད་དུ་རང་བྱུང་ཁམས་ལ་བརྩི་བཀུར་དང་། འཚོ་བའི་གནོན་ཤུགས་ལ་མི་འཇིགས་པ། མི་ཚེའི་གངས་རི་ཐོག་མར་འགོས་ཏེ། རང་ཉིད་རང་ཉིད་ལས་བརྒལ་བ་དང་མི་ཚེའི་རིན་ཐང་འཚོལ་འདོད་པའི་ཕལ་བའི་མི་ཞིག་ཡིན་པས་ཆོག

1.jpg


མཉམ་སྤྱོད།