དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-07-30 07:22:55   |   328

 སྒྲིག་སྒྱུར། ཀླུ་མོ་མཚོ།    ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས། རིན་ཆེན་ཚེ་རིང་། 


  གསར་འགྱུར་གལ་ཆེན།

f4c95e89ccf365eb0c22eec4423f80a.jpg

  • ཟླ7ཚེས29ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོ་རུ། ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཏུང་ཏི་ཝུན་གྱི་ཙུང་ཐུང་ཨོར་ཐ་དང་གྲོས་མོལ་གནང་། 

  • ཚེས29ཉིན། རྒྱལ་ཡོངས་ཀྱི་དམག་འཁྱུར་དམག་མིའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི།    ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དམག་འཁྱུར་དམག་མིའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ་མ་ཟད།    གཟེངས་བསྟོད་ཐོབ་པའི་དཔེ་བཟང་ཚན་པ་དང་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་དམག་འཁྱུར་དམག་མིའི་ལས་དོན་སྤེལ་མཁན་བློ་མཐུན་ཚོར་འཚམས་འདྲི་གནང་། 

    9fe2bcfc1957e1dfbb0668c0d86a2ec.jpg

  • ཟླ7ཚེས29ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་ཁབ་མགྲོན་ཁང་དུ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་དབྱི་ཐ་ལིའི་ཙུང་ལི་མའེ་ལུའོ་ཉི་དང་མཇལ་འཛོམས་གནང་། 

    ba5ebc14abbce830f07252b555af5cf.jpg

  • ས་གནས་དེ་གའི་དུས་ཚོད་ཚེས29ཉིན། ཀྲུང་གོའི་ཚན་སྒྲིག་སྦྱོང་ཅུན་ཅེའམ་དབྱང་ཧའོ་ཡིས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་མི་གཉིས་ཀྱི་སྨི་བཅུའི་སྟེགས་བུ་མཆོང་བའི་རྟིང་རྩོད་འགྲན་བསྡུར་ནང་གསེར་གྱི་རྟགས་མ་བླངས། 

    dfc01646d5b3cfa88b07880bffb8c40.jpg

  • ས་གནས་དེ་གའི་དུས་ཚོད་ཚེས29ཉིན། ཀྲུང་གོའི་བདམས་ཐོན་པ་ཧྲེང་ལི་ཧའོ་ཡིས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་སྨི་བཅུའི་རླུང་མདའ་འཕེན་པའི་རྟིང་རྩོད་འགྲན་བསྡུར་ནང་གསེར་གྱི་རྟགས་མ་བླངས། 

  • ཚེས29ཉིན། རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་གྱིས་ཀྲུང་དབྱང་སྔོན་རྩིས་ནང་མ་དངུལ་སྒོར་དུང་ཕྱུར5བྲེལ་མྱུར་ངང་བཏང་ནས་ཧུའུ་ནན་དང་ཧོ་ནན།    སི་ཁྲོན།    ཧྲའན་ཞི་བཅས་ཀྱི་དྲག་ཆར་དང་ཆུ་ལོག་དང་། ཧྥུ་ཅན་གྱི་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེ་བྱུང་རྗེས་འཕྲལ་བསྟུན་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་བྱས། 

  • རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་གནས་ཚུལ་སྤེལ་བར་གཞིགས་ན།    རང་རྒྱལ་གྱི་མི་འབོར་ཁྲི་རེའི་རིན་ཐང་མཐོ་བའི་གསར་གཏོད་ཆེད་ཁེ12.9ལ་སླེབས་ནས་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་སྔོན་དཔག་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་བྱུང་ཡོད།  

  • རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུའི་གྲངས་གཞི་ལས་མངོན་པ་ལྟར་ན།  ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་འགག་སྒོ་ཁག་ནས་རྒྱལ་ཁོངས་སུ་ཡོང་བའི་ཕྱི་རྒྱལ་བ་མི་ཐེངས་ཁྲི1463.5ཡིན་པ་དེ་དུས་མཚུངས་ལས152.7%འཕར་ཡོད། 

  • ཚེས29ཉིན་གྱི་ཐོ་རེངས་ཝེ་ནེ་ཙུའེ་ལའི་རྒྱལ་ཁབ་འདེམས་བསྐོ་ཨུ་ལྷན་གྱིས་ད་ལྟའི་ཙུང་ཐུང་མ་ཏུའུ་ལུའོ་ལ་ཙུང་ཐུང་འདེམས་བསྐོའི་རྒྱལ་ཁ་ཐོབ་པ་ཁྱབ་སྒྲོག་བྱས། 

    སྤྱི་ཚོགས། 

ad9d2b09ba2158707246637231af361.jpg

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུས་མཉམ་འབྲེལ་ཐོག་ཆུ་ལོག་གི་གནོད་འཚེའི་གནམ་གཤིས་ཉེན་བརྡ་བཏང་བ་སྟེ།    སྔོན་དཔག་བྱས་ན་དེ་རིང་ཧྲན་ཞི་དང་ཧོ་ནན།    སི་ཁྲོན།    ཁྲུང་ཆིང་།    ཧྲའན་ཞི་སོགས་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་གི་གནོད་འཚེ་སླེབས་ཉེན་ཆེན་པོ་ཡོད་པ་རེད། 

  • ཚེས29ཉིན། རྒྱལ་ཁབ་འགོག་སྲུང་སྤྱི་ཁྱབ་ཀྱིས་པེ་ཅིང་དང་ཐེན་ཅིན།    ཧོ་པེ་བཅས་ལ་དམིགས་ནས་འབྲུབ་འགོག་རིམ་པ་བཞིའི་འཕྲལ་བསྟུན་བྱེད་རྒྱུ་ཡིན་པ་རེད།

  • སྐྱེ་ཁམས་ཁོར་ཡུག་པུས་གནས་ཚུལ་སྤེལ་བར་གཞིགས་ན།    ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་ཆ་སྙོམས་82.8%ཡིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས1.4འཕར་ཡོད། 

  • རྒྱལ་ཁབ་ནགས་རྩྭ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན།    བྱང་ཤར་སྟག་གཟིག་རྒྱལ་ཁབ་སྤྱི་གླིང་གི་སྟག་ཁྱུ་ཚོགས70ཙམ་འཕར་ནས་རང་རྒྱལ་གྱི་སྟག་གི་རི་སྐྱེས་ཁྱུ་ཚོགས་སླར་གསོ་རང་བཞིན་གྱི་སྒོ་ནས་འཕར་ཡོད་པ་རེད། 

  • རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཝུའེ་ཝུའེ་ལ་སྒྲིག་ཁྲིམས་དང་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་ལ། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

  • ཚེས29ཉིན་གྱི་ཆུ་ཚོད15ཙམ་གྱི་སྟེང་། ཧུའུ་ནན་ཅོན་ཧྲུའེ་ཤང་ཐན་རྫོང་ཧྭ་ཧྲི་གྲོང་རྡལ་ལུང་ཐན་སྡེ་བའི་ལིའུ་ཧྲུའུ་མཚོ་ཁུག་གི་གས་སྲུབས་བསུབས་པ་དང་ཆུ་རགས་ནང་གི་བསགས་ཆུ་ཕལ་ཆེར་ཕྱིར་འབུད་བྱས་ཚར་ཡོད།    ཅོན་ཧྲུའེ་ཧྭ་ཧྲི་ཆུ་མཛོད་ས་ཚིགས་ཉེན་ཟོན་ཆུ་གནས་ནས་ཕྱིར་འཐེན་བྱས་པ་རེད། 

  • གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན།    ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་གསེར་ཐོན་ཚད་ཏུན179.634ཡིན་པ་དེ་དུས་མཚུངས་ལས0.58%འཕར་ཡོད། 

c57a7165cb7648cded4802bc8ec36d5.jpg

  • ཚེས29ཉིན་གྱི་ཕྱི་དྲོར། ཤར་ཕྱོགས་མཁའ་འགྲུལ་སྤྱི་གཉེར་གྱིས་རང་རྒྱལ་ནས་བཟོས་པའི་གནམ་གྲུ་ཆེ་གྲས7པའིC919དངོས་སུ་རྩིས་ལེན་བྱས་པ་རེད། 

    53346f4c02ebaaa9fd154badc605d19.jpg

  • རང་རྒྱལ་གྱི་ཚན་རིག་པས་ལོ་ངོ་དུང་ཕྱུར15.6གོང་གི“སྒོར་སྡེར་འགྱུར་རྡོའི”ཐོབ་ཐང་གི་གསང་བ་སེལ་བ་དང་འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་ཉེ་ཆར་རྒྱལ་སྤྱིའི་རིག་གཞུང་དུས་དེབ《ས་གཤིས་སློབ་ཚོགས་དུས་དེབ》ཐོག་བཀོད་ཡོད་པ་རེད།    

    སྲིད་ཇུས།

  • རྒྱལ་ཁབ་སྦྲག་སྲིད་ཅུ་སོགས་སྡེ་ཁག་གིས་མཉམ་འབྲེལ་ཐོག་བསམ་འཆར་དཔར་འགྲེམ་བྱས་ནས། 2027ལོར་སླེབས་སྐབས་རྒྱལ་ཁབ་སྦྲག་སྲིད་མྱུར་སྐྱེལ་ལྟེ་གནས30ཙམ་རགས་ཙམ་བསྐྲུན་རྒྱུ་ཡིན་ཞེས་བཏོན་པ་རེད། 

  • ལེའོ་ཉིང་གིས་བྱེད་ཐབས་དཔར་འགྲེམ་བྱས་པའི་ནང་། གཞུང་བཅད་རིན་གོང་ལྟར་འཚོང་བའི་ཚོང་ཟོག་གིས“་རིན་གོང་གསལ་པོ”ལག་བསྟར་བྱ་རྒྱུ་ཁ་གསལ་བཟོས་པ་དང་། དུས་མཚུངས་གཞུང་བཅད་ཚོང་ཟོག་རིན་གོང་དང་ཁྲོམ་རའི་སིལ་ཚོང་རིན་གོང་གསལ་པོར་བཀོད་ནས་གཞུང་བཅད་ཚོང་ཟོག་རིན་གོང་དེ་ཁྲོམ་རའི་སིལ་ཚོང་རིན་གོང་ལས10%ཡན་ལས་དམའ་བ་བྱེད་དགོས་པ་རེད། 

  • ཨན་ཧུའེ་ཧོ་ཧྥེས་སྤྱི་ཚོགས་ཞབས་ཞུའི་ལས་གཉེར་མི་སྣ་རྒྱལ་ཁབ་ཀྱི་སྤྱི་ཚོགས་ལས་དོན་པའི་ལས་རིགས་ཆུ་ཚད་རྒྱུགས་ལེན་ནང་ཞུགས་རྒྱུར་སྐུལ་མ་གཏོང་རྒྱུ་དང་། 2023ལོར་མཐོ་རིམ་དང་འབྲིང་རིམ།    དམའ་རིམ་བཅས་ཀྱི་ཆུ་ཚད་རྒྱུགས་ལེན་པ་དང་འབྲེལ་དེ་མཚུངས་ཀྱི་ལག་ཁྱེར་ལེན་མཁན་ལ་སོ་སོར་མི་རེར་སྒོར2000དང་སྒོར1000སྒོར་དང་། 500བཅས་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་ཡིན་ཞེས་ཁ་གསལ་བཏོན་ཡོད་པ་རེད། 

    དེ་རིང་གི་གནམ་གཤིས།

    dd5cc63de9754f218d4bdffb1d3c9d9.jpg

  • ཧྭ་བྱང་ས་ཁུལ་གྱི་ནུབ་རྒྱུད་དང་བྱང་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཧྭ་ལྷོ་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་ཙམ་འབབ་པ་དང་། ཀོང་ཏུང་གི་ལྷོ་རྒྱུད་དང་། ཀོང་ཞིའི་ལྷོ་རྒྱུད་དང་། ཡུན་ནན། ཀུའེ་ཀྲོའུ་ཡི་བྱང་རྒྱུད། སི་ཁྲོན་གྱི་ཤར་བྱང་རྒྱུད། ཁྲུང་ཆིང་། ཧུའུ་པེའི་ནུབ་རྒྱུད། ཧྲའན་ཞིའི་ཤར་ལྷོའི་རྒྱུད། ཧོ་ནན་ནུབ་རྒྱུད། ཧྲན་ཞི། ཧོ་པེའི་དབུས་རྒྱུད། པེ་ཅིང་། ཐེན་ཅིན། ལིའོ་ཉིན་གྱི་ནུབ་ལྷོ། ནང་སོག་གི་ཤར་ལྷོའི་རྒྱུད་བཅས་སུ་དྲག་ཆར་འབབ་རྒྱུ་ཡིན་ལ། ཁྲུང་ཆིང་གི་དབུས་བྱང་རྒྱུད་དང་། སི་ཁྲོན་གྱི་ཤར་བྱང་རྒྱུད། ཧྲའན་ཞིའི་ཤར་ལྷོ། ཧྲན་ཞིའི་དབུས་རྒྱུད། ཧོ་ནན་ནུབ་བྱང་རྒྱུད། ཧོ་པེའི་དབུས་རྒྱུད། པེ་ཅིང་གི་ལྷོ་ནུབ་རྒྱུད་དང་བྱང་རྒྱུད། ཡུན་ནན་གྱི་ཤར་ལྷོ། ཀོང་ཏུང་ལྷོ་རྒྱུད་ཀྱི་མཚོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་བཞིན་ཡོད་པ་དང་། ས་ཁུལ་ཁ་ཤས་སུ་དྲག་ཆར་ཤིན་ཏུ་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།