དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-07-31 07:21:04   |   287

སྒྲིག་སྒྱུར། ཀླུ་མོ་མཚོ།    ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཟླ7ཚེས30ཉིན་ཚོགས་འདུ་འཚོགས་ནས། མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱས་ཤིང་། 《ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཆུང་དུ་གཏོང་རྒྱུའི་གཏན་འབེབས་འགའ་ཞིག》ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་གཙོ་སྐྱོང་གནང་།

  • ཟླ7པའི་ཚེས26ཉིན། མིག་སྔའི་དཔལ་འབྱོར་གནས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་སྐོར་ལ་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་།     

  • ཟླ7ཚེས30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉི་ཀུའུ་ལ་སི·མ་ཏུའུ་ལུའོ·མོ་ལུའོ་སིར་གློག་འཕྲིན་བཏང་ནས། ཁོང་ཝེ་ནེ་རུའེ་ལ་པོ་ལི་ཝར(委内瑞拉玻利瓦尔)སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

  • 2024ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དབུ་ཚོགས་དེ་ཟླ9ཚེས4ནས་ཚེས6ཉིན་བར་པེ་ཅིང་དུ་འཚོག་རྒྱུ་རེད།     

63235fbed67fb397b691ffb0cac9403.jpg

  • ཚེས30ཉིན། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཕིང་ཕང་སྤོ་ལོའི་མཉམ་བསྲེས་ཟུང་གི་རྟིང་རྩོད་འགྲན་བསྡུར་ནང་ཀྲུང་གོའི་སྡེབ་སྒྲིག་ཝང་ཁྲུའུ་ཆིན་དང་སུན་དབྱིང་ཧྲ་གཉིས་ཁྲའོ་ཞན་སྡེབ་སྒྲིག་ལི་ཀྲེང་ཀྲི་དང་ཅིན་ཆིན་དབྱིན་ལས་རྣམ་པར་རྒྱལ་ནས་ཨང་དང་པོ་ཐོབ།     

  • རྒྱལ་ཁབ་སྡོམ་རྩིས་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ལོ་སྟོད་དུ་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་རིག་གནས་དང་འབྲེལ་ཡོད་ཐོན་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར64961ཡིན་པ་དེ་ལོ་གོང་མའི་དུས་མཚུངས་ལས7.5%འཕར་ཡོད་པ་རེད།     

  • འགག་སྒོའི་སྡོམ་རྩིས་ལ་གཞིགས་ན། 2024ལོའི་ལོ་སྟོད་དུ་རང་རྒྱལ་གྱི་རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི1.22ཡིན་པ་དེ་དུས་མཚུངས་ལས10.5%འཕར་ཡོད་པ་རེད།     

  • ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེའི་གནས་ཚུལ་གྱིས་ཞིང་ལས་ཐོན་སྐྱེད་ལ་ཤུགས་རྐྱེན་ངན་པ་བཟོས་པར་དམིགས་ཏེ། ཉེ་ཆར་ནོར་སྲིད་པུས་ཞིང་ལས་དང་ཞིང་སྡེ་པུ་དང་མཉམ་དུ་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་གནོད་འཚེ་སྔོན་འགོག་གེགས་སེལ་མ་དངུལ་སྒོར་དུང་ཕྱུར2.38སྤྲད་པ་རེད།     

  • དངུལ་ཁང་ལས་རིགས་ཀྱི་དངུལ་དོན་དོ་དམ་ཐོ་འགོད་ཚབ་གཉེར་ལྟེ་གནས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ6པའི་ཟླ་མཇུག་བར་རང་རྒྱལ་དངུལ་ཁང་གི་དངུལ་དོན་དོ་དམ་ཁྲོམ་ར་རྒྱུན་མཐུད་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི28.52ལ་སླེབས་པ་དེ་ལོ་སྟོད་ལས6.43%འཕར་ཡོད་པ་རེད།    

    སྤྱི་ཚོགས། 

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུས་མཉམ་འབྲེལ་ཐོག་ཆུ་ལོག་གི་གནོད་འཚེའི་གནམ་གཤིས་ཉེན་བརྡ་བཏང་བ་སྟེ། སྔོན་དཔག་བྱས་ན། དེ་རིང་པེ་ཅིང་གི་བྱང་ཤར་རྒྱུད་དང་ཧོ་པེ་བྱང་རྒྱུད། ཧེ་ལུང་ཅང་གི་ལྷོ་རྒྱུད་བཅས་ས་ཁུལ་ཁ་ཤས་སུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཡོད་པ་རེད།     

  • མི་ཤུགས་དང་སྤྱི་ཚོགས་འགན་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ7ཚེས29ཉིན་ནས་ཟླ8ཚེས4ཉིན་བར། ཉིན་བརྒྱའི་མི་སྟོང་གདན་ཞུའི་ཆེད་དོན་བྱ་སྤྱོད་ནང་དངུལ་རྩ་དང་སྨན་བཅོས་བདེ་ཐང་སོགས་དྲ་ཐོག་གདན་ཞུའི་ཆེད་དོན་ཚོགས་ར4བཏོན་པ་དང་། གདན་ཞུའི་དགོས་མཁོ་མི་ཐེངས་ཁྲི9ལས་བརྒལ་ཡོད་པ་རེད།     

  • རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་སྤྱི་བསྒྲགས་བྱས་པ་ལྟར་ན། 2024ལོའི་ཟླ7ཚེས30ཉིན་ནས་བཟུང་ཤང་ཀང་དང་ཨའོ་མོན་ས་ཁུལ་གྱི་ཕྱི་རྒྱལ་གྱི་གནས་སྐོར་ཚོགས་པ་ཧའེ་ནན་དུ་ཆུ་ཚོད144ཡོང་རྒྱུར་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།     

  • ཀྲུང་གོའི་ཁེ་ལས་འབྲིང་ཆུང་གི་ཞབས་ཞུའི་དྲ་བ་ཟླ7ཚེས30ཉིན་དངོས་སུ་དྲ་ཐོག་ཏུ་མགོ་བརྩམས་ནས། ཁེ་ལས་འབྲིང་ཆུང་ལ“གཅིག་འཐུས་རྣམ་པའི”ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།     

  • རྒྱལ་ཡོངས་དཔེ་དེབ་ཉོ་ཚོང་དངོས་མང་སྟོན་ཚོགས་སྐབས32པ་ཉེ་ཆར་ཧྲན་ཏུང་ཅི་ནན་དུ་མཇུག་སྒྲིལ་བ་དང་། སྤྱིའི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར9.8ལ་སླེབས་ཡོད་པ་རེད།     

  • ཚེས30ཉིན་གྱི་ཆུ་ཚོད18དང་སྐར་མ35བར། 2024ལོའི་དབྱར་ཁའི་དུས་ཚིགས་ཀྱི་གློག་བརྙན་སྤ་སེ་སྡོམ་འབོར(སྔོན་འཚོང་ཚུད་ཡོད)དུང་ཕྱུར75ལས་བརྒལ་ཡོད།     

    78db59372f587dda86c19af3b26325f.jpg

  • ཚེས30ཉིན། ཧང་ཀྲོའུ་ནས་ཝུན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་དངོས་སུ་ཤར་གཏོང་བྱས་ཤིང་། ཤར་གཏོང་བྱས་རྗེས་ལམ་རྒྱུད་ཀྱི་ཞན་ཅུས་དང་ཕན་ཨན། ཏུང་དབྱང་། ཕུའུ་ཅང་སོགས་ས་ཁུལ་དུ“མྱུར་བགྲོད་ལྕགས་ལམ་གྱི་དུས་རབས”སུ་སླེབས་རྒྱུ་རེད།   

    840310017bbeff24eb39b72c39dac4a.jpg  

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་ཟླ7ཚེས31ཉིན་ནས་བཟུང་བྱང་ཤར་སྟག་གཟིག་རྒྱལ་ཁབ་སྤྱི་གླིང་གི་དྲན་གསོའི་དངུལ་ལོར་གཅིག་རྗེས་གཉིས་མཐུད་ངང་འགྲེམ་སྤེལ་བྱ་རྒྱུའི་གཏན་འཁེལ་བྱས་ཡོད།     

    640.gif


  • ཧུའུ་ནན་ལན་ཡོན་གྱི་བྱིས་པ་གསུམ་གཟབ་ནན་མ་བྱས་པར་ཆུ་ནང་དུ་ལྷུང་བ་ན། ལོ72ལ་སླེབས་པའི་ཀྲོའུ་སི་ཨན་གྱིས་སྒྲ་ཐོས་རྗེས་ཆུ་ནང་དུ་མཆོང་ནས་མི་བསྐྱབས་པ་དང་། ཉེ་འགྲམ་གྱི་ཆིའུ་ལི་ཞིན་གྱིས་མཚོ་འགྲམ་དུ་སྨྱུག་དབྱུག་གཅིག་གིས་ཡར་འཐེན་ཞིང་། ཁོང་གཉིས་ཀྱིས་མཉམ་ལས་བྱས་ནས་བྱིས་པ་གསུམ་བདེ་བླག་ངང་མཚོ་འགྲམ་དུ་སྐྱོབ་ཐུབ་པ་བྱུང་ཡོད།     

སྲིད་ཇུས། 

  • ནང་སོག་གིས་སྲིད་ཇུས་བཏོན་ནས་རིམ་པ3Aཡན་གྱི་མཛེས་ལྗོངས་ཁུལ་གྱིAEDའཕྲུལ་འཁོར་བཀོད་སྒྲིག་ཡོངས་སུ་ཁྱབ་དགོས་པའི་བླང་བྱ་བཏོན་ཡོད།     

  • སི་ཁྲོན་གྱིས་དྲོད་ཚད་མཐོ་བའི་ཕོགས་སྣོན་ཚད་གཞི་དེ་མི་རེར་ཉིན་རེར་སྒོར10ནས18བར་ནས་མི་རེར་ཉིན་རེར་སྒོར13ནས23བར་ལེགས་སྒྲིག་བྱ་རྒྱུ་ཡིན་པ་རེད།     

  • ཧུའུ་པེ་ཡིས་འོས་འགན་སློབ་གསོའི་ཉམས་ཞན་ལྷུ་ཚིགས་ལེགས་སུ་གཏོང་བ་དང་ནུས་པ་ཆེ་རུ་གཏོང་བའི་ལས་གྲྭ་ལག་བསྟར་བྱས་ཏེ། སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭའི་ཁང་པ་ཁ་སྨི་ཁྲི100གསར་དུ་བསྐྱར་སྐྲུན་བྱ་རྒྱུ་དང་། གཞུང་བཙུགས་བུ་བཅོལ་ཁང་གི་སློབ་གནས་ཁྲི1.5གསར་དུ་འཕར་སྣོན་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།

    དེ་རིང་གི་གནམ་གཤིས།     

    ac885efdb8a1e2b44ea87bfae39859c.jpg


  • ནང་སོག་གི་ཤར་ལྷོའི་རྒྱུད་དང་ཧེ་ལུང་ཅང་གི་ལྷོ་རྒྱུད། ཅི་ལིན་དབུས་ནུབ་རྒྱུད། ལིའོ་ཉིང་དབུས་ནུབ་རྒྱུད། པེ་ཅིན། ཐེན་ཅིན། ཧོ་པེ་ཤར་བྱང་རྒྱུད། ཁྲུང་ཆིང་བྱང་རྒྱུད། ཡུན་ནན་ནུབ་ལྷོ་རྒྱུད། ཀོང་ཞིའི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་པ་དང་། དེའི་ནང་ནང་སོག་ཤར་ལྷོའི་རྒྱུད་དང་ཧེ་ལུང་ཅང་གི་ཤར་ལྷོའི་རྒྱུད།    ཅི་ལིན་དབུས་ནུབ་རྒྱུད་དང་། ཧོ་པེའི་བྱང་ཤར་རྒྱུད། པེ་ཅིང་བྱང་ཤར་རྒྱུད། ཀོང་ཞིའི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་ཡིན་ལ། ཅི་ལིན་དབུས་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཧ་ཅང་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།