དེ་རིང་ནི2024ལོའི་ཟླ11པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-08-01 07:28:26   |   443

སྒྲིག་སྒྱུར། ཀླུ་མོ་མཚོ།    ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན། 

  • ཟླ7ཚེས30ཉིན། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་དྲུག་པ་གནང་སྐབས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། བསམ་ཕྱོགས་དང་བྱེད་ཐབས་གསར་གཏོད། ལས་དོན་དོན་འཁྱོལ་དམ་འཛིན་ནན་པོ་བཅས་བྱས་ནས་སྟོབས་ལྡན་དང་བརྟན་པོ་ཡིན་པའི་དེང་རབས་ཀྱི་མཐའ་མཚོ་མཁའ་སྲུང་འཛུགས་སྐྲུན་ཧུར་ཐག་བྱ་དགོས་ཞེས་ནན་གྱིས་བསྟན།  

  •  ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་དང་ལག་ལེན་མཐར་ཕྱིན་བསྟར་བའི་ཐད་གདོང་ལེན་པ་ཡག་པོ་བྱེད་པ་དང་། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ། དཔེ་བཟང་ལས་ཁུངས་འཛུགས་སྐྱོང་བཅས་བྱེད་དགོས་པ་ནན་གྱིས་བསྟན།

  •  ཞི་ཅིན་ཕིང་གིས་འཕྲིན་ལན་བཏང་ནས“དམག་སྟོབས་དྲག་ལྡན་དམར་དམག་བརྒྱ་ཤོག་བཞི་པའི”དཔོན་དམག་ཡོངས་ལ་རྩལ་ལྡན་དང་འཇོན་ཐང་། འཐབ་འཛིང་ཕོད་པ། རྒྱལ་ཁ་ཐོབ་ངེས་བཅས་ཀྱི་ཕུལ་བྱུང་བརྒྱ་ཤོག་འཛུགས་སྐྱོང་བྱས་ཏེ། དུས་རབས་གསར་པ་དང་འཐབ་ལམ་གསར་བའི་ཐོག་སླར་ཡང་གྲུབ་འབྲས་བཟང་པོ་གཏོད་ནས་བྱས་རྗེས་གསར་པ་འཇོག་དགོས་པའི་སྐུལ་ལྕག་གནང་བ།  

  • ཟླ8ཚེས1ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་ཐེངས15པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས2022ལོའི་ཟླ10ཚེས16ཉིན་གྱི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་གནང་བའི་སྙན་ཞུའི་ཆ་ཤས་ཤིག་སྟེ། 《དམག་དཔུང་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་རྣམ་པ་གསར་པ་གཏོད་དགོས》ཞེས་པ་འགྲེམ་སྤེལ་བྱས་ཡོད།  

  • ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《མི་རྩ་བར་འཛིན་པའི་མཁར་གྲོང་ཅན་གསར་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པའི་ལོ་ལྔའི་འགུལ་སྐྱོད་འཆར་གཞི》དཔར་འགྲེམ་བྱས།  

  • ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ97འཁོར་བའི་དུས་འདིར། ཀྲུང་དབྱང་དྲིལ་སྒྲོག་པུ་དང་ཀྲུང་དབྱང་དམག་ཨུ་ཆབ་སྲིད་ལས་དོན་པུས་མཉམ་འབྲེལ་ཐོག“ཆེས་མཛེས་སྡུག་ལྡན་པའི་དུས་རབས་གསར་པའི་གསར་བརྗེའི་དམག་མི”11ཁྱབ་བསྒྲགས་བྱས།  

    6954a1aeb572fb964e44bc8273d6b2d.jpg

  • ས་གནས་དེ་གའི་དུས་ཚོད་ཟླ7ཚེས31ཉིན། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཆུར་མཆོང་སྐྱེས་མ་གཉིས་ཀྱི་སྨི10ཡི་སྟེགས་བུའི་རྟིང་རྩོད་འགྲན་སྡུར་ནང། ཀྲུང་གོའི་བདམས་ཐོན་པ་ཁྲེན་ཡུས་ཞི་དང་ཆོན་ཧུང་ཁྲན་གྱིས་གསེར་གྱི་རྟགས་མ་བླངས།  

    52313141d48f863d6761b9895a28f1c.jpg

  • ས་གནས་དེ་གའི་དུས་ཚོད་ཟླ7ཚེས31ཉིན། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་མའི་རང་མོས་རྣམ་པའི་འཁོར་ལོ་ཆུང་བའི་སྤྱི་གླིང་འགྲན་བསྡུར་གྱི་རྟིང་རྩོད་འགྲན་སྡུར་ནང་། ཀྲུང་གོའི་བདམས་ཐོན་པ་ཏེང་ཡ་ཝུན་གྱིས་གསེར་གྱི་རྟགས་མ་བླངས།  

7f99d1e1f73b34eb82bf0bdc2a59879.jpg

  • ས་གནས་དེ་གའི་དུས་ཚོད་ཟླ7ཚེས31ཉིན། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་སྨི100ཡི་རང་མོས་ཆུ་རྐྱལ་རྟིང་རྩོད་འགྲན་སྡུར་ནང་། ཀྲུང་གོའི་བདམས་ཐོན་པ་ཕན་ཀྲན་ལེ་ཡིས་འཛམ་གླིང་གི་ཟིན་ཐོ་བརྒལ་ནས་གསེར་གྱི་རྟགས་མ་བླངས།  

  • ནོར་སྲིད་པུས་ཟླ7ཚེས31ཉིན་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་གནོད་འཚེ་སྔོན་འགོག་གེགས་སེལ་མ་དངུལ་སྒོར་དུང་ཕྱུར20.37གཤམ་སྤྲོད་གནང་།  

    སྤྱི་ཚོགས། 

  • རྒྱལ་ཁབ་སྨན་སྐྱོབ་ཅུས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས། 2024ལོའི་ལོ་མཇུག་སྔོན་ལ་ཆ་རྐྱེན་དང་མཐུན་པའི་སྡེ་བའི་འཕྲོད་བསྟེན་ཁང་སྨན་སྐྱོབ་ཀྱི་གནས་གཏན་འཁེལ་དོ་དམ་ནང་འཇུག་རྒྱུའི་འགན་ལེན་བྱ་རྒྱུ་རེད།  

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་ལོ་མཇུག་བར། རང་རྒྱལ་གྱི་སྤྱི་སྤྱོད་རླངས་འཁོར་ཁྲི68.25ལ་སླེབས་པའི་ནང་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་ཁྲི55.44ཡོད་པ་དེས81.2%ཟིན་ཡོད་པ་རེད།  

  • རྒྱལ་ཁབ་ནུས་རྒྱུ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ6པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་གློག་གསོག་ཕུར་པ་བསྡོམས་འབོར་ཁྲི1024.4ལ་སླེབས་པ་དེ་དུས་མཚུངས་ལས54%འཕར་ཡོད་པ་རེད།  

  • མི་སྤྱི་པུས་ཟླ7ཚེས31ཉིན་སྤྲིན་དྲའི་རིག་ནུས་སྐྱེལ་འདྲེན་སྲུང་སྐྱོང་པ་དང་གྲུབ་ཚུལ་རྣམ་པའི་མིས་བཟོས་རིག་ནུས་མ་ལག་ཉེར་སྤྱོད་པ། སྤྱོད་མཁན་འཕར་སྣོན་གཉེར་སྐྱོང་པ་སོགས་ལས་རིགས་གསར་པ19ཁྱབ་བསྒྲགས་བྱས་པ་རེད།  

  • བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཝང་ཡུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་ནས། ཏང་ཁོངས་དང་གཞུང་དོན་ལས་གནས་ནས་ཕྱིར་ཕུད་བྱས་པ་རེད།  

  • ཧྥུ་ཅན་ཞིང་ཆེན་དམངས་ཆེན་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་སུའུ་ཙེང་གིས་སྒྲིག་འགལ་དང་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་ཁོངས་ནས་ཕྱིར་ཕུད་བྱས། 

  • ཧུའུ་ནན་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་ཏའེ་ཏའོ་ཅིན་གྱིས་སྒྲིག་འགལ་དང་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་ཁོངས་ནས་ཕྱིར་ཕུད་བྱས། 1c9a883fb9a4f01368be6b7cec2132f.jpg


  • ཡུན་ནན་ཡུང་ཏེ་གངས་རི་བོ་ཆེན་པོས་ལུག་མིག་ཚན་གྱི་རྩི་ཤིང་གི་སྐྱེ་དངོས་རིགས་གསར་པ་སྟེ། ནུའུ་ཅང་གཙང་པོའི་ཞའོ་ཁུའུ་མེ(怒江小苦荬)གསར་དུ་རྙེད།

    640.gif

  •  ཧྲན་ཏུང་ཐའེ་ཨན་གྱི་བུད་མེད་ཅིག་ཆུར་ནུབ་སྐབས། མྱུར་སྐྱེལ་གཅེན་པོ་ཆུང་ཆུང་ཝང་ཆང་གིས་སྒྲ་ཐོས་ནས་མཐོ་ཚད་སྨི་གཉིས་ལྷག་ཙམ་ཡོད་པའི་ཆུ་རགས་ནས་ཆུ་ནང་དུ་ལྡིང་སྟེ་བུད་མེད་དེ་བསྐྱབས་པ་རེད། 

    སྲིད་ཇུས། 

  • པེ་ཅིང་གིས་དགོས་མཁོ་ཡོད་པའི་གྲོང་ཁྱེར་འདི་གའི་ཐེམ་ཐོའི་ཡོད་པའི་མཁར་གྲོང་གི་དཀའ་ངལ་ཧ་ཅང་ཆེ་བ་དང་མ་མཐའི་འཚོ་བ་འགན་ལེན་བྱེད་པ། ཡོང་འབབ་དམའ་བའི་རྒན་པ་བཅས་ཀྱི་ཁྱིམ་ཚང་ལ་ཁྱིམ་སྡོད་རྒན་པ་དང་འཚམ་པའི་སྒྱུར་བཀོད་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། དུད་ཚང་རེར་ཆེས་མཐོ་ཤོས་ཁ་གསབ་སྒོར5000ཐོབ་རྒྱུ་ཡིན་པ་ཁ་གསལ་བྱས། 

  • ཅང་ཞིས་མཐོ་རིམ་སློབ་གྲྭས་སློབ་མས་ཁྲག་འབུལ་བའམ་ཡང་ན་ཁྲག་འབུལ་སྤྱི་ཚོགས་ལག་ལེན་བྱེད་སྒོའི་ནང་ཞུགས་པ་དེ་ཀུན་སྤྱོད་སློབ་གསོའི་སློབ་སྐར་དཔྱད་ཞིབ་ནང་བཅུག་ནས་སྐར་མ་སྣོན་ཆོག་པ་གཏན་འབེབས་བྱས་ཡོད།  

  • སི་ཁྲོན་གྱིས་སློབ་གྲྭ་ནས་ཁ་བྲལ་ཏེ་ལས་ཞུགས་བྱས་མེད་པའི་མཐོ་སློབ་སློབ་ཐོན་སློབ་མར་ཆེད་མངགས་མི་སྣས་རྗེས་སྙེག་ཞབས་ཞུ་བྱས་ཏེ། ཉུང་མཐར་ཡང་ལས་རིགས་མཛུབ་ཁྲིད་ཐེངས1དང་། ལས་གནས་འོས་སྦྱོར་ཐེངས3དང་། ལས་རིགས་གསོ་སྦྱོང་ངམ་ཡང་ན་ལས་ཞུགས་ལྟ་སྦྱོང་གི་གོ་སྐབས་ཐེངས1བཅས་མཁོ་འདོན་བྱེད་པ་ཁ་གསལ་བཏོན།  

    དེ་རིང་གི་གནམ་གཤིས།  

    326688a26af364ae9a11f6112ed8820.jpg

  • ཧེ་ལུང་ཅང་གི་ཤར་རྒྱུད་དང་ཅི་ལིན་དབུས་རྒྱུད། ལེའོ་ཉིང་དབུས་རྒྱུད། ནང་སོག་ཤར་རྒྱུད་། ཧྲན་ཏུང་ལྷོ་རྒྱུད། ཅང་སུའུ་བྱང་རྒྱུད། ཧུའུ་ནན་བྱང་རྒྱུད། ཧུའུ་པེའི་ཤར་རྒྱུད།    ཡུན་ནན་ལྷོ་རྒྱུད། ཀོང་ཞིའི་ནུབ་རྒྱུད་དང་ལྷོ་རྒྱུད་མཚོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་ཅིང་། དེའི་ནང་ཅི་ལིན་དབུས་རྒྱུད་དང་། ལིའོ་ཉིང་དབུས་ལྷོ་རྒྱུད། ཀོང་ཞིའི་ལྷོ་རྒྱུད་མཚོ་རྒྱུད། ཡུན་ནན་ལྷོ་རྒྱུད་བཅས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།