དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-08-02 07:31:11   |   283

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན། 

  • ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པའོ་ཕེ་ཆིང་དང་ཚའོ་ཆི་ཡུང་སོགས་ཕ་ཡུལ་ཉིང་པོའོ་ནས་ཡིན་པའི་ཞང་ཀང་གི་ཁེ་ལས་མཁས་ཅན་ལ་འཕྲིན་ལན་སྤྲིངས་ནས། ཁོང་ཚོར་བྱམས་བརྩེའི་སྐུལ་ལྕག་གནང་བ་རེད། 

  • ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུས《དམག་འཁྱུར་དམག་མིའི་བཀོད་སྒྲིག་སྲོལ་ཡིག》ཁྱབ་བསྒྲགས་བྱས་ཤིང་། ཟླ9ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད། 

  • ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《གཞི་རྩའི་སྨན་སྐྱོབ་ནང་ཞུགས་པའི་ཕུགས་ཕན་རྐྱེན་སྲོལ་འཐུས་ཚང་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》དཔར་འགྲེམ་བྱས། 

  • ཉེ་ཆར། ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་གིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དུས་ཡུན་ཟླ་བ་གཅིག་གི“དྭངས་གཙང་སྟེ་དྲ་རྒྱའི་ཐད་གཏོང་ཁྱབ་ཁོངས་ཀྱི་རྫུན་མ་དང་ཐ་ཤལ་ཟང་ཟིང་བཅོས་སྒྲིག་བྱེད་པའི”ཆེད་དོན་བྱ་སྤྱོད་བཀོད་སྒྲིག་བྱས་ནས་སྤེལ་བ་རེད། 

  • ཟླ7ཚེས31ཉིན། ནོར་སྲིད་པུ་དང་འཕྲལ་བསྟུན་དོ་དམ་པུས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར3.78བྲེལ་མྱུར་ངང་སྔོན་གཏོང་བྱས་ནས། ཧོ་པེ་དང་ལེའོ་ཉིང་སོགས་ཞིང་ཆེན9ཡིས་ཆུ་ལོག་དང་ཞོད་སྐྱོན་གྱི་ས་གཤིས་གནོད་འཚེའི་གེགས་སེལ་ལས་དོན་ཡག་པོ་སྒྲུབ་རྒྱུར་རྒྱབ་སྐྱོར་བྱས་པ་རེད། 

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་རྨང་གཞིའི་སྒྲིག་བཀོད་ཀྱི་འགྲན་རྩོད་རང་བཞིན་གྱི་ཁྱབ་ཁོངས་གཉེར་སྐྱོང་བྱེད་པོའི་ཕྱོགས་སུ་དྲང་གཞག་ངང་སྒོ་དབྱེ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད། 

    130d38ffd70a4070b36feb0006ef40b.jpg

  • ས་གནས་དེ་གའི་དུས་ཚོད་ཟླ8ཚེས1ཉིན། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་སྨི50ཡི་རིང་མདའི་བཟོ་ལྟ་གསུམ་གྱི་རྟིང་རྩོད་འགྲན་སྡུར་ནང་། ཀྲུང་གོའི་བདམས་ཐོན་པ་ལིའུ་ཡུས་ཁུན་གྱིས་གསེར་གྱི་རྟགས་མ་བླངས་པ་རེད། 

0571f3146861658f08e00d1f49cc9d9.jpg

  • ས་གནས་དེ་གའི་དུས་ཚོད་ཟླ8ཚེས1ཉིན། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་མའི་སྤྱི་ལེ20ཡི་འདུར་རྒྱུག་རྟིང་རྩོད་འགྲན་སྡུར་ནང་། ཀྲུང་གོའི་བདམས་ཐོན་པ་དབྱང་ཅ་ཡུས་ཀྱིས་གསེར་གྱི་རྟགས་མ་བླངས་པ་དང་། དབྱང་ཅ་ཡུས་རང་ཉིད་ཀྱིས་རྣམ་གྲངས་དེའི་ནང་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་དང་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་ཨང་དང་པོ། འཛམ་གླིང་གི་ཟིན་ཐོ་བཅས་གཞི་གཅིག་ཏུ་བླངས་པ་རེད། 

    e2e176a7214aeb81618403c2956d14c.jpg

  • ས་གནས་དེ་གའི་དུས་ཚོད་ཟླ8ཚེས1ཉིན། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཝང་ཆིའུ་སྤོ་ལོའི་སྐྱེས་མའི་རྐྱང་བའི་རྟིང་རྩོད་ཕྱེད་ཀའི་འགྲན་སྡུར་ནང་། ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་ཀྲེང་ཆིན་ཝུན་འཛམ་གླིང་གི་ཨང་དང་པོ་ཡིན་པའི་ཕོ་ལན་གྱི་ལུས་རྩལ་པ་གྲགས་ཅན་སི་ཝ་ཐའེ་ཁེ་ལས་རྣམ་པར་རྒྱལ་ནས།  ཐེངས་དང་པོར་ཨོ་རྩལ་འགྲན་ཚོགས་ནང་ཞུགས་རྗེས་རྟིང་རྩོད་འགྲན་སྡུར་ནང་ཚུད། 

  • ཚེས1ཉིན། རང་རྒྱལ་གྱིས་ཞི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་རྟགས་ཅན་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ། སྲུང་སྐར་དྲ་སྦྲེལ་གྱི་འཁོར་ལམ་མཐོ་བའི་སྲུང་སྐར་སྐར་མ02མཁའ་དབྱིངས་སུ་བདེ་བླག་ངང་འཕེན་གཏོང་བྱས། 

    སྤྱི་ཚོགས།

  • ཀྲུང་གོ་གནམ་གཤིས་ཅུས་སྔོན་དཔག་བྱས་པར་གཞིགས་ན། མ་འོངས་བའི་ཉིན10ཡི་ནང་། རང་རྒྱལ་གྱི་གནམ་གཤིས་སྤྱི་ཡོངས་ཀྱི་དུས་བབ་ནི་བྱང་ཕྱོགས་སུ་ཆར་ཆུ་འབབ་མང་བ་དང་ལྷོ་ཕྱོགས་སུ་རྒྱུན་མཐུད་ངང་དྲོད་ཚད་མཐོ་བ་རེད། 

  • ཟླ8ཚེས1ཉིན་གྱི་ཆུ་ཚོད12སྟེང་། ཧུའུ་ནན་ཙི་ཞིང་གི་རྒྱ་མཚོའི་རླུང་དམར“ཀེ་མེའི”ཤུགས་རྐྱེན་ཚབས་ཆེ་ཤོས་ཕོག་པའི་ཡུལ་ཚོ་དང་གྲོང་རྡལ8ཀྱི་བགྲོད་ལམ་དང་གློག་ཤུགས། འཕྲིན་གཏོང་བཅས་སྤྱིའི་ཆ་ནས་ཤར་གཏོང་ཐུབ་ཡོད་ལ། རྩད་ཆོད་རགས་ཙམ་བྱུང་ཡོད་པ་ལྟར་ན། ཁྱོན་མི30རྐྱེན་ལམ་དུ་ཤོར་བ་དང་མི35གར་སོང་ཆ་མེད་དུ་གྱུར་པ་རེད། 

  • དབྱར་སྐྱེལ་འདྲེན་གྱི་ཕྱེད་ཀ་བརྒལ་ཡོད་ལ། རྒྱལ་ཡོངས་ཀྱི་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར4.23སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས4.0%འཕར་ཡོད། 

  • ཧྲེན་ཀྲུང་བགྲོད་ལམ་ཤར་གཏོང་ཐུབ་པའི་ཟླ་དང་པོར། རླངས་འཁོར་འགྲོ་ཚད་ཐེངས་ཁྲི300ལས་བརྒལ་ནས་ཀྲུའུ་ཅང་གཙང་པོའི་མདོ་བརྒལ་བའི་རླངས་འཁོར་འགྲོ་ཚད་བསྡོམས་འབོར་གྱི་བཞི་ཆ་གཅིག་ཙམ་འགན་འཁུར་ཡོད། 

  • ཅང་ཞི་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཧུའུ་ཆང་གིས་སྒྲིག་འགལ་དང་ཁྲིམས་འགལ་ཚབས་ཆེན་བྱས་པས།  ཏང་ཁོངས་ནས་ཕྱིར་ཕུད་པ་རེད། 

  • ལྷོ་ཕྱོགས་གློག་དྲའི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཆུང་གི་ཚན་གཙོ་ལུང་ཧྥེས་སྒྲིག་འགལ་དང་ཁྲིམས་འགལ་ཚབས་ཆེན་བྱས་ནས། ཏང་ཁོངས་དང་གཞུང་དོན་ལས་གནས་ནས་ཕྱིར་ཕུད་པ་རེད།

  • རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་དེ་སྔའི་ཏང་ཨུའི་ཨུ་ཡོན་དང་ཧང་ཀྲང་གཞོན་པ་ལི་ཅི་ཕིང་གིས་སྒྲིག་འགལ་དང་ཁྲིམས་འགལ་ཚབས་ཆེན་བྱས་པས།  ཏང་ཁོངས་ནས་ཕྱིར་ཕུད་པ་རེད། 

    f0c253ac3d5e1106cafce7c7794656b.jpg

  • ཀྲུང་གོ་དང་ཧྥི་ལི་ཕིན་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛིན་སྡེ་ཁག་གིས་སླར་ཡང་མཉམ་ལས་བྱས་ནས། ཧྥི་ལི་ཕིན་དུ་རྒྱན་རྒྱག་མཁན་ཀྲུང་གོའི་སྤྱི་དམངས30ཙམ་ཕྱིར་ལོག་ཏུ་བཅུག

5b3e4c494309396f82f7db84a9bc065.jpg

  •  ཟླ8ཚེས1ཉིན། ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པས་རང་བརྟེན་ཞིབ་བཟོ་བྱས་པའི“ཞང་ཡན”(祥云)AS700མི་སྡོད་འཕུར་གྲུ་ཧུའུ་པེའི་ཅིང་མོན་དུ་དམའ་ས་གནས་སྐོར་བེད་སྤྱོད་རྣམ་པའི་འཕེལ་རིམ་གསལ་སྟོན་འཕུར་སྐྱོད་ཐེངས་དང་པོ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བ་རེད། 

640.gif

  • ཉེ་ཆར། ཅང་སུའུ་སུའུ་ཀྲོའུ་རུ་མ་བུ་གཉིས་གཟབ་ནན་མ་བྱས་པར་ཆུའི་ནང་ལྷུང་བ་ན། སྡེ་དམངས་མ་ཡ་ཆིང་གིས་རོགས་སྐྱོབ་ཀྱི་འབོད་སྐུལ་ཐོས་རྗེས། ཐེ་ཚོམ་སྤུ་ཙམ་ཡང་མེད་པར་གཙང་པོའི་ནང་ལྡིང་ནས་མ་བུ་གཉིས་བསྐྱབས་པ་རེད། 

    སྲིད་ཇུས།

  • ཧྲང་ཧའེ་ཡིས་སྲིད་གཞུང་གི་ཁྲིད་སྟོན་ཐེབས་རྩའི་ལག་རྩལ་འདུམ་འགྲིག་ཞིབ་དཔྱད་འཚོལ་ཞིབ་དང་ལག་བསྟར་བྱས་ནས། གཙོ་བོ་ཚན་རྩལ་མཁྲེགས་པོའི་ཁྱབ་ཁོངས་སུ་གཏོང་བའི་ཡན་ལག་ཐེབས་རྩ་ལ་སྲིད་གཞུང་གི་ཁྲིད་སྟོན་ཐེབས་རྩས་ཆ་རྐྱེན་འདྲ་མཚུངས་འོག་སྔོན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པའི་བསམ་འཆར་ཁྱབ་སྒྲོག་བྱས།། 

  • ཅི་ལིན་གྱིས་བརྡ་ཐོ་དཔར་འགྲེམ་བྱས་ནས། ཆ་རྐྱེན་འཛོམས་པའི་མཐོ་སློབ་སློབ་ཐོན་སློབ་མས་ལས་ཞུགས་ལས་གཏོད་ཀྱི་བོགས་གཏོང་ཁང་པའི་ཁ་གསབ་རེ་ཞུ་བྱེད་ཆོག་པ་དང་། རེ་ཞུ་བྱས་ཉིན་ནས་བཟུང་ཁ་གསབ་ཆེས་འགོར་ན་ཟླ་བ24ནང་ལོངས་སུ་སྤྱོད་ཆོག་པ་བྱས། 

  • ཀྲེ་ཅང་གིས2024ལོའི་སྤྱི་ཚོགས་ལས་དོན་སློབ་གྲྭའི་ནང་བསྐྱོད་པའི་མིང་ཐོ་དཀར་པོ་དཔར་འགྲེམ་བྱས་ནས། སློབ་གྲྭ་ཚང་མས་ལོ་རེར་མིང་ཐོ་དཀར་པོ་ཁག6ལས་མི་བརྒལ་བའི་སྤྱི་ཚོགས་ལས་དོན་སློབ་གྲྭའི་ནང་བསྐྱོད་ཆོག་པ་གཏན་འབེབས་བྱས་ཡོད། 

    དེ་རིང་གི་གནམ་གཤིས། 

680f9de138081cd6c509f3b9f263271.jpg

  • མཚོ་སྔོན་གྱི་བྱང་ཤར་རྒྱུད་དང་ལྷོ་རྒྱུད། ཀན་སུའུ་དབུས་ཤར་རྒྱུད། ཉིང་ཞའི་ས་ཆ་མང་ཆེ་བ། ཧོ་པེ་བྱང་རྒྱུད། བྱང་ཤར་ས་ཁུལ་གྱི་ཤར་རྒྱུད། ཅང་སུའུ་དང་ཨན་ཧུའེ་དབུས་བྱང་རྒྱུད། ཀུའེ་ཀྲོའུ་དབུས་ལྷོ་རྒྱུད། ཡུན་ནན་ནུབ་རྒྱུད་དང་ལྷོ་རྒྱུད། ཀོང་ཞིའི་མང་ཆེ་བ་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་ཙམ་ནས་ཆར་ཆེན་འབབ་པ་དང་། དེའི་ནང་ཅི་ལིན་ཤར་རྒྱུད་དང་ཅང་སུའུ་དབུས་རྒྱུད། ཀུའེ་ཀྲོའུ་ལྷོ་ནུབ་རྒྱུད། ཡུན་ནན་ལྷོ་ནུབ་རྒྱུད། ཀོང་ཞིའི་ནུབ་བྱང་རྒྱུད།  ཤར་ལྷོའི་མཚོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།