དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-08-05 07:24:30   |   357

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་གློག་འཕྲིན་ལས་སྒོའི་ཡོང་འབབ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར8941ལ་སླེབས་པ་དང་། དུས་མཚུངས་ལས3%འཕར་ཡོད་པ་རེད། 

  • ཉེ་ཆར། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31ཚང་མས་ལོ་སྟོད་ཀྱི་དཔལ་འབྱོར་གཞི་གྲངས་གཅིག་རྗེས་གཉིས་མཐུད་ངང་ཁྱབ་བསྒྲགས་བྱས་པ་དང་། ཀོང་ཏུང་དང་ཅང་སུའུ། ཧྲན་ཏུང་བཅས་ཞིང་ཆེན་གསུམ་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྡོམ་འབོར་མདུན་གྲལ་གྱི་དང་པོ་དང་གཉིས་པ། གསུམ་པར་སླེབས་ཡོད། 

  • ནོར་སྲིད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོར་ཡུན་རིང་གི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་ཁྲི1བཀོད་སྒྲིག་བྱས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྱོང་རྣམ་གྲངས་ལ་རྒྱབ་སྐྱོར་བྱ་རྒྱུ་རེད། 

  • ཉེ་ཆར། རླུང་འཕྲིན་གློག་བརྙན་སྤྱི་ཁྱབ་ཅུ་ཡིས་བསམ་འཆར(ཚོད་ལྟའི་ལག་བསྟར)པར་འགྲེམས་བྱས་ནས་ཕུལ་བྱུང་དྲ་རྒྱའི་མུ་འབྲེལ་ཟློས་གར་དང་དྲ་རྒྱའི་གློག་བརྙན་སོགས་བརྙན་འཕྲིན་གྱི་བརྒྱུད་ལམ་ནས་གཏོང་རྒྱུ་རེད།

  • གྲངས་གཞི་ལས་མངོན་པ་ལྟར་ན། ལོ་སྟོད་དུ་རང་རྒྱལ་གྱི་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི4.9སླེབས་པ་དང་། དུས་མཚུངས་ལས5.6%འཕར་ཡོད་པ་རེད། 

  • ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམས་སྡོམ་འབོར་སྒོར་དུང་ཕྱུར་ཁྲི167.4ཡིན་པ་དང་། དུས་མཚུངས་ལས5.8%འཕར་ཡོད་པ་རེད། 

001.png

  • ས་གནས་དེ་གའི་དུས་ཚོད་ཟླ8པའིཚེས4ཉིན། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཕིང་ཕང་སྤོ་ལོའི་སྐྱེས་པའི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ནང་། ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་ཧྥན་ཀྲེན་ཏུང་ལ་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་གསེར་གྱི་རྟགས་མ་ཐོབ་པ་དང་། དུས་མཚུངས་སུ་འཛམ་གླིང་གི་ཕིང་ཕང་སྤོ་ལོ་ལས་རིགས་ཀྱི་ཐེངས11པའི“ཏ་མན་ཀོན”གྱི་འདམས་ཐོན་པར་གྱུར་ཡོད། 

002.jpg


  • ས་གནས་དེ་གའི་དུས་ཚོད་ཟླ8པའི་ཚེས4ཉིན། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་དཔྱང་གདུབ་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ཁྲོད། ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་ལིའུ་དབྱང་གིས་གསེར་གྱི་རྟགས་མ་བླངས་ནས་ཨང་དང་པོའི་མཚན་སྙན་རྒྱུན་མཐུད་མངོན་འགྱུར་བྱུང་ཡོད། 


003.jpg

  • ས་གནས་དེ་གའི་དུས་ཚོད་ཟླ8པའི་ཚེས4ཉིན། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་སྨི4×100ཡི་མཉམ་བསྲེས་ཆུ་རྐྱལ་མཐུད་རྒྱུག་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་། ཞུས་ཅ་ཡུས་དང་ཐན་ཧའེ་ཡང་། སུན་ཅ་ཅུན། ཕན་ཀྲན་ལེ་བཅས་ལས་གྲུབ་པའི་ཀྲུང་གོའི་རུ་ཁག་གིས་གསེར་གྱི་རྟགས་མ་བླངས་པ་རེད། འདི་ནི་ཀྲུང་གོའི་ཆུ་རྐྱལ་རུ་ཁག་ལ་ཐེངས་དང་པོར་རྣམ་གྲངས་འདིའི་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོབ་པ་རེད། 

སྤྱི་ཚོགས།

  • ཀྲུང་གོ་གནམ་གཤིས་ཅུ་ཡིས་སྔོན་དཔག་བྱས་པར་གཞིགས་ན། ཟླ8པར་ཐེངས1ནས3གྱི་རྒྱ་མཚོའི་རླུང་འཚུབ་ཀྱིས་རང་རྒྱལ་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་རེད། 

  • ཉེ་ཆར། རྒྱལ་ཁབ་རྩིས་འཁོར་ནད་དུག་འཕྲལ་སྡོམ་ཐག་གཅོད་ལྟེ་གནས་ཀྱིས་ལྟ་ཞིབ་ཚད་ལེན་བྱས་ནས་སྒུལ་བདེའིAppརིགས་སྣ15ནང་གསང་བའི་སྒྲིག་སྲོལ་དང་མི་མཐུན་པའི་བྱེད་སྤྱོད་ཡོད་པ་ཤེས་རྟོགས་བྱུང་བ་རེད། 

  • ཉིན་ཤས་གོང་དུ། 2024ལོའི་རྒྱལ་ཡོངས་ཀྱི་གློག་བརྙན་དམངས་ཕན་འཛད་སྤྱོད་དུས་ཚིགས་མགོ་བརྩམས་པ་དང་། བྱེད་སྒོ་དེ་དབྱར་ཁའི་གུང་གསེང་དང་རྒྱལ་སྟོན་དུས་ཆེན་སོགས་གློག་བརྙན་དུས་ཚིགས་གཙོ་བོར་ཁྱབ་ཅིང་། དེའི་རིང་གློག་བརྙན་ལ་ལྟ་བའི་གཟིགས་སྐྱོང་ཁ་གསབ་སྒོར་དུང་ཕྱུར3ལྷག་ཙམ་གཏོང་རྒྱུ་ཡིན་པ་རེད། 

  • ཀྲུང་གོའི་ཏ་ཐང་སྡེ་ཚོགས(大唐集团)ཀྱིས་ཞུང་ཨན་སྤྱི་ཁྱབ་པུའི་རྣམ་གྲངས་ཀྱི་ཇུས་གཞིའི་བསྡུ་རུབ་ཆ་འཕྲིན་ཁྱབ་བསྒྲགས་བྱས། དེ་ནི་སྐོར་ཁག་དང་པོའི་ཀྲུང་དབྱང་ཁེ་ལས4ཡི་རྗེས་སུ། ཞུང་ཨན་ཁུལ་གསར་གྱི་སྤྱི་ཁྱབ་འཛུགས་སྐྲུན་པུར་རུ་ཡོངས་བསྒྲགས་ངང་ཞུགས་པའི་ཀྲུང་དབྱང་ཁེ་ལས5བ་ཡིན་པ་རེད། 

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་རྒྱ་མཚོའི་ཁྲོད་ཀྱི་ཏི་ཚའི་གཏེར་མཛོད་གཙོ་བོ་གསར་དུ་ཤེས་རྟོགས་བྱུང་བ་དང་། འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་ཉིན་ཤས་གོང་རྒྱལ་སྤྱིའི་དབང་གྲགས་རིག་གཞུང་དུས་དེབ《ས་གཤིས་རིག་པ》ཐོག་བཀོད་ཡོད་པ་རེད། 

  • ཝུའུ་ཧན་དང་ནན་ཅིན། ཀྲེང་ཀྲོའུ་སོགས་ས་ཆ་མང་པོའི་གཉེན་སྒྲིག་ཐོ་འགོད་ཁྲུའུ་ཡིས་གཟའ་འཁོར་རྗེས་མའི་གཟའ་སྤེན་པར(ཟླ8པའི་ཚེས10ཉིན)རྒྱུན་གཏན་ལྟར་ལས་ཀ་བྱ་རྒྱུ་ཡིན་པ་ཁ་གསལ་བཟོས་ཡོད། 

004.jpg

  • ཉེ་ཆར། ཉིང་ཞའི་ཉེན་རྟོག་ཕྱོགས་ཀྱིས་གནའ་བོའི་སྒལ་ཚིགས་སྲོག་ཆགས་ཀྱི་འགྱུར་རྡོ་བརྐུས་པའི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན1འཛིན་བཟུང་བྱས་པ་དང“འབྲུག་རུས(龙骨)”ཏུན7.89གཞུང་བཞེས་བཏང་བ་རེད། 

  • སྐབས37པའི་མང་ཚོགས་གློག་བརྙན་པེ་ཧ་བྱ་དགའི(大众电影百花奖)བྱ་དགའ་སྤྲོད་པའི་མཛད་སྒོ་ཚེས་4ཉིན་འཚོགས་པ་དང་། ཀྲུའུ་དབྱི་ལུང་དང་མ་ལི་གཉིས་ལ་སོ་སོར་སྐྱེས་པ་གཙོ་འཁྲབ་མི་སྣ་ཡག་ཤོས་དང་བུད་མེད་གཙོ་འཁྲབ་མི་སྣ་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་རེད། 

  • ཉེ་ཆར། ཡུན་ནན་ཁྲུའུ་ཞུང་གིས་བཏོན་པའི《རི་སྐྱེས་ཤ་མོ་སྲུང་སྐྱོང་བེད་སྤྱོད་དོ་དམ་བྱ་ཐབས》དངོས་སུ་ལག་བསྟར་བྱས་པ་དང་། དེ་ནི་རྒྱལ་ཡོངས་ཀྱི་རི་སྐྱེས་ཤ་མོ་སྲུང་སྐྱོང་དོ་དམ་ཐད་ཀྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོག་མ་དེ་ཡིན་པ་རེད། 

005.gif

  • ཉེ་ཆར། ཀོང་ཤིས་ཀུའེ་ཕིང(广西桂平)དུ་སྐྱེས་པ་ཞིག་སེམས་ཆུང་མ་བྱས་པར་ཆུར་ལྷུང་བ་རེད། རུ་འཁྱུར་དམག་མི་ལི་ཧྲོང་ཡུས་མགྱོགས་མྱུར་ཆུའི་ནང་དུ་ལྡིང་ནས་སྐྱེས་པ་དེ་བདེ་བླག་ངང་བསྐྱབས་པ་རེད། 

སྲིད་ཇུས།

  • ཀོང་ཤིས་ཀྱིས་ཇུས་གཞིར་དཔར་འགྲེམས་བྱས་ནས2026ལོར་སླེབས་སྐབས། རིམ་པ་གཉིས་པ་དང་དེ་ཡན་གྱི་ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང་དུ་རྒན་རྒོན་གསོ་རིག་ཚན་ཁག་བཙུགས་པའི་བསྡུར་ཚད95%སླེབས་རྒྱུ་ཡིན་ཞེས་བཏོན་ཡོད་པ་རེད། 

  • ཀྲེ་ཅང་ཧང་ཀྲོའུ(浙江杭州)ཡིས་བྱ་ཐབས་བཏོན་ནས་ཁ་གསབ་རོགས་དངུལ་གྱི་ཆ་རྐྱེན་དང་མཐུན་པའི་རྒན་གསོ་ནད་གཡོག་པས་ལས་རིགས་རྩལ་ནུས་ཀྱི་རིམ་པ་གཞིར་བཟུང་ནས་མི་རེར་ཟླ་རེར་སྒོར300ནས1200བར་གྱི་ཁ་གསབ་རོགས་དངུལ་རེ་ཞུ་བྱེད་ཆོག་པ་ཁ་གསལ་བཏོན་ཡོད་པ་རེད། 

  • ཀོང་ཏུང་ཀོང་ཀྲོའུ(广东广州)ཡིས་བརྡ་ཐོ་བཏང་ནས་ཀོང་ཀྲོའུ་གྲོང་ཁྱེར་སྲིད་འཛིན་ས་ཁོངས་ནང་གསར་དུ་བསྐྲུན་པའི་ཚོང་ཟོག་སྡོད་ཁང་ཉོ་སྒྲུབ་བྱེད་པའི་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་མཁན་གྱིས་རང་ཉིད་དང་། དེ་བཞིན་བཟའ་ཟླའི་མིང་ཐོག་གི་སྡོད་ཁང་སྤྱི་གསོག་མ་དངུལ་བླངས་ནས་ཁང་པ་ཉོ་བའི་ཐོག་མའི་དངུལ་སྤྲོད་རྒྱུའི་རེ་ཞུ་བྱེད་ཆོག་པ་རེད། 

དེ་རིང་གི་གནམ་གཤིས། 

006.jpg

  • ཧེ་ལུང་ཅང་གི་དབུས་རྒྱུད་དང་ནུབ་རྒྱུད། ཅི་ལིན་དབུས་རྒྱུད། ལིའོ་ཉིང་དབུས་བྱང་རྒྱུད་དང་ཤར་རྒྱུད། ཧྲན་ཏུང་གི་ས་ཆ་མང་ཆེ་བ། ཧོ་ནན་བྱང་ཤར་དང་ལྷོ་རྒྱུད། སི་ཁྲོན་ཤར་རྒྱུད་དང་ལྷོ་རྒྱུད། ཁྲུང་ཆིང་བྱང་རྒྱུད་དང་ནུབ་རྒྱུད། ཡུན་ནན་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་པ་དང་། དེའི་ནང་ཧེ་ལུང་ཅང་དབུས་རྒྱུད་དང་། ལིའོ་ཉིང་ཤར་རྒྱུད། ཧྲན་ཏུང་བྱང་རྒྱུད་དང་ལྷོ་ནུབ་རྒྱུད། སི་ཁྲོན་གཤོང་སའི་ཤར་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།