དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-08-06 07:35:22   |   365

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།   རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན། 

  • ལོ་སྟོད་དུ། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་རིག་གནས་དང་འབྲེལ་ཡོད་ཐོན་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར64961ཡིན་པ་དང་། དེ་ལོ་གོང་མའི་དུས་མཚུངས་ལས7.5%འཕར་ཡོད། 

  • བཟོ་ལས་དང་ཆ་འཕྲིན་པུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ལོ་སྟོད་དུ་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་ཚད་དུས་མཚུངས་ལས13.3%འཕར་ཡོད། 

  • རྒྱལ་ཁབ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གེགས་སེལ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་སོགས་སྡེ་ཚན་མང་པོས་ཅི་ལིན་ཞིང་ཆེན་ལ་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི1.8མང་དུ་བཏང་ནས་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་དང་རོགས་སྐྱོབ་ལས་དོན་ཡག་པོ་སྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ཡོད། 

  • ལོ་སྟོད་དུ། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྱོན་སྡོམ་ཁོར་ཡུག་སྦགས་བཙོག་གི་ཉེས་གསོག668དང་མི1597ཞུ་གཏུག་བྱས་ཡོད། 

  • ཀྲུང་གོ་མི་དམངས་དངུལ་ཁང་སོགས་སྡེ་ཚན་ལྔ་ཡིས་མཉམ་འབྲེལ་ཐོག་ཆེད་དོན་བྱ་སྤྱོད་ཆེན་པོ་ལྔ་སྤེལ་བ་དང་། དངུལ་རྩའི་རྒྱབ་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བར་རོགས་སྐྱོར་བྱེད་རྒྱུ་རེད།  

  • ཟླ7པར། ཀྲུང་གོའི་ཐོན་འབོར་ཆེ་བའི་ཚོང་ཟོག་གི་རིན་གོང་སྟོན་གྲངས114.5ཡིན་པ་དང་། བསྟུད་མར་ཟླ3ལ་དུས་མཚུངས་ལས་འཕར་ཡོད་པ་རེད། 

  • ཟླ7པར། རྒྱལ་ཡོངས་ཀྱི་དུས་བཅད་ཚོང་ཟོག་ཁྲོམ་རའི་ཚོང་འགྲིག་གྲངས་འབོར་སྒོར་དུང་ཕྱུར་ཁྲི52.42ཡིན་པ་དང་། དུས་བཅད་ཚོང་ཟོག་ཁྲོམ་རའི་ཉོ་ཚོང་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད་པ་རེད། 

001.jpg

  • ས་གནས་དེ་གའི་དུས་ཚོད་ཚེས5ཉིན། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་སྨི25ཡི་དཀྲུམ་མདའ་མྱུར་འཕེན་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་། ཀྲུང་གོའི་བདམས་ཐོན་པ་ལི་གཡོད་ཧུང་ལ་གསེར་གྱི་རྟགས་མ་ཐོབ་པ་རེད། 

002.jpg

  • ས་གནས་དེ་གའི་དུས་ཚོད་ཚེས5ཉིན། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་རྒྱུག་ཤིང་གཉིས་ཀྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་། ཀྲུང་གོའི་བདམས་ཐོན་པ་ཙོའུ་ཅིང་ཡོན་གྱིས་ཨང་དང་པོ་བླངས། 

  • བྷང་ག་ལའི་སྐམ་དམག་ཚན་མོའུ་ཀྲང་གིས་གནས་སྐབས་སྲིད་གཞུང་བཙུགས་ནས་བྷང་ག་ལར་དོ་དམ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། དེ་གོང་། བྷང་ག་ལའི་ཙུང་ལི་ཞེ་ཧོ·ཧ་ཤིས་ན་ཡིས་ལས་ཁུར་དགོངས་ཞུ་བྱས་པ་རེད། 

སྤྱི་ཚོགས།

003.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲོད་ཚད་མཐོ་བའི་ལི་མདོག་གི་ཉེན་བརྡ་ཁྱབ་བསྒྲགས་བྱས་པར་གཞིགས་ན། སྔོན་དཔག་བྱས་ན་དེ་རིང་གི་ཉིན་གུང་ཤིན་ཅང་ཇུན་གར་གཤོང་ས་དང་། ཐུ་ལུའུ་ཕན་གཤོང་ས། ཤིན་ཅང་ལྷོ་མའི་གཤོངས་སའི་དབུས་ཤར་རྒྱུད། ནང་སོག་ནུབ་རྒྱུད། ཀན་སུའུ་དར་གོས་སྲང་ལམ་ནུབ་རྒྱུད། དེ་བཞིན་ཧོ་ནན་ཤར་ལྷོ་སོགས་ས་ཆ་མང་པོར35℃ཡན་གྱི་དྲོད་ཚད་མཐོ་བའི་གནམ་གཤིས་ཐོན་རྒྱུ་རེད། 

  • འཕྲལ་སྡོམ་དོ་དམ་པུས་གནས་ཚུལ་སྤེལ་བར་གཞིགས་ན། སྔོན་དཔག་བྱས་ན་ཟླ8པར་རྒྱ་མཚོའི་རླུང་འཚུབ་2ནས3བར་སྐམ་སར་འཛེགས་པའམ་ཡང་ན་རང་རྒྱལ་གྱི་མཚོ་རྒྱུད་ས་ཁུལ་ལ་ཤུགས་རྐྱེན་ཐེབས་རྒྱུ་རེད། དེ་ལོ་ལྟར་གྱི་དུས་མཚུངས་དང་ཧ་ལམ་ཉེ་བ་རེད། 

  • དྲ་རྒྱའི་ལས་སྟེགས་ཀྱི་གྲངས་གཞིར་གཞིགས་ན། ཚེས5ཉིན་གྱི་ཆུ་ཚོད16དང་སྐར་མ32བར། 2024ལོའི་ལོ་འཁོར་གྱི་གློག་བརྙན་སྤ་སེ་བཙོང་བའི(སྔོན་འཚོང་ཚུད་པ)རིན་གོང་སྒོར་དུང་ཕྱུར300ལས་བརྒལ་ཡོད་པ་རེད། 

  • ཚེས5ཉིན་ནས་བཟུང་། རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཆེ་གྲསC919ཡིས་མཁའ་ལམ་གསར་པ་སྟེ་ཤིས་ཨན་ཞན་དབྱང་གནམ་ཐང་ནས་པེ་ཅིང་ཏ་ཤིང་གནམ་ཐང་དུ་ཕར་འགྲོ་ཚུར་འོང་བྱེད་འགོ་བརྩམས་པ་རེད། 

  • ཞིབ་དཔྱོད་ལས་ཁུངས་ཀྱིས་ཅང་སུའུ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའུ་ཁོངས་མི། ཀྲུའུ་རེན་གཞོན་པ་ལིའུ་ཧན་ཏུང་གིས་ལྐོག་རྔན་བླངས་པ་དང་། འགན་དབང་གང་བྱུང་དུ་སྤྱད་པ། ཁྲིམས་འགལ་གྱིས་ས་ཆ་སྤྱོད་དབང་ལོག་འཚོང་བཅས་བྱས་པའི་གྱོད་གཞིར་གཞུང་གཏུག་བྱས།

  • སྐད་གྲགས་ཡོད་པའི་ཀྲུང་གོ་བའི་དངོས་ལུགས་རིག་པའི་མཁས་ཅན། ནོ་པེར་དངོས་ལུགས་རིག་པའི་བྱ་དགའ་ཐོབ་མཁན་ལི་ཀྲེང་ཏའོ་སྐུ་གཤེགས། དགུང་ལོ97ཡིན། 

  • ཚེས5ཉིན་གྱི་ཆུ་ཚོད14བར། སི་ཁྲོན་དར་རྩེ་མདོ་རུ་ཆུ་ལོག་དང་འདམ་རྡོའི་གནོད་འཚེའི་དབང་གིས་མི10རྐྱེན་ལམ་དུ་ཤོར་བ་དང་མི17ལ་འབྲེལ་གཏུག་ཆད་པ་རེད། 

004.jpg

  • ཉེ་ཆར། ཧྲན་ཤིས་ཧན་ཀྲུང་ཁྲེང་ཀུའུ་རྫོང(陕西汉中城固县)གི་རྡོ་ཐལ་བྲག་རྡོའི་བྲག་ཕུག་ཅིག་ནང་དོམ་ཁྲའི་འགྱུར་རྡོ་རྙེད་པ་དང་། ད་བར་དུ་ལོ་ཁྲི20ནས་ལོ་ཁྲི1བར་ཡོད་པའི་བརྡར་ཤ་བཅད་ཡོད།  

  • ཉེ་ཆར། གནས་སྐོར་བ་ཐང་ག་གེ་མོས་པ་ཏ་ལིང་ལྕགས་རི་རིང་པོར་ལྟ་སྐོར་བྱེད་སྐབས། ལྡེ་མིག་གིས་ལྕགས་རི་རིང་པོར་ཡི་གེ་བརྐོས་པས་གནས་སྐོར་བ་གཞན་གྱིས་ཐེར་འདོན་བྱས། མིག་སྔར། ཐང་ག་གེ་མོར་བདེ་འཇགས་བཀག་ཉར་བྱས་པ་མ་ཟད། དངུལ་ཆད་ཀྱང་བཅད་པ་རེད། 

005.jpg

  • ཧྲན་ཏུང་ཝུའེ་ཧའེ(山东威海)ཡི་མཚོ་འགྲམ་གྱི་མི་ཞིག་སེམས་ཆུང་མ་བྱས་པར་ཆུ་ནང་དུ་ལྷུང་བ་དང་། མཚོ་འགྲམ་དུ་ཞི་ཀྭ་འཚོང་བཞིན་པའི་ཝང་ཞུས་ཧྥུང་གིས་བྲེལ་འཚུབ་ངང་ལམ་འགྲོ་པ་གཞན་ཞིག་དང་མཉམ་དུ་མཚོ་ནང་དུ་མཆོངས་ཏེ་སྐྱེས་པ་དེ་བསྐྱབས་ཤིང་། མིག་སྔར་སྐྱེས་པ་དེར་གནོད་པ་ཆེན་པོ་མེད་པ་རེད། 

སྲིད་ཇུས།

  • ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་ཡིས་བརྡ་ཐོ་པར་འགྲེམས་བྱས་ནས་ས་གནས་ཁག་གིས་སྨན་ཁབ་ཀྱི་དྲ་རྒྱའི་ཚོང་ཁང་དུ་འགེལ་སྟངས་སྟབས་བདེ་རུ་བཏང་ནས་སྨན་སྦྱོར་ཚན་པ་ཆུང་ཤོས་ལྟར་དྲ་རྒྱར་འགེལ་ཏེ། སྨན་ཁབ་ཀྱི་དྲ་རྒྱའི་ཚོང་ཁང་གི་རིན་གོང་སྔར་བས་དོ་སྙོམས་དང་ཕྱི་གསལ་ནང་གསལ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། 

  • ཅི་ལིན་གྱིས་གློག་སྒུལ་རྐང་འཁོར་ཕྱི་རོལ་གྱི་གློག་གསོག་སྒྲིག་བཀོད་གཉེར་སྐྱོང་ཚན་པས་གློག་གསོག་བྱ་ཡུལ་དང་ལག་ཐོགས་ཁ་པར་གྱི་ཉེར་སྤྱོད་བྱ་རིམ་སོགས་མངོན་གསལ་དོད་པའི་གནས་ཡུལ་དུ་གློག་གསོག་གློག་རིན་དང་། ཞབས་ཞུའི་གྲོན་དངུལ་རྣམ་གྲངས། གྲོན་བསྡུའི་ཚད་གཞི་བཅས་སོ་སོ་གསལ་སྟོན་བྱེད་དགོས། གསལ་སྟོན་བྱས་མེད་པའི་གྲོན་དངུལ་གང་ཡང་བསྡུ་མི་ཆོག་ཅེས་ཁ་གསལ་བཏོན་ཡོད་པ་རེད། 

  • ཧྥུའུ་ཅན་གྱིས་བྱ་ཐབས་བཟོ་བཅོས་བརྒྱབ་ནས་ཁྲོམ་རའི་གཙོ་གཟུགས་སྡོད་གནས(གཉེར་སྐྱོང་གནས་ཡུལ)ཀྱི་ཐོ་འགོད་དཔྱད་གཞི་སྟབས་བདེ་རུ་བཏང་བ་དང་། དུས་མཚུངས་སུ་སྡོད་གནས(གཉེར་སྐྱོང་གནས་ཡུལ)སུ་བརྩི་མི་ཆོག་པའི་གནས་ཚུལ་ཡང་ཁ་གསལ་བཟོས་ཡོད་པ་རེད། 

དེ་རིང་གི་གནམ་གཤིས། 

006.jpg

  • ཧེ་ལུང་ཅང་ཤར་རྒྱུད་དང་། ཅི་ལིན་ཤར་རྒྱུད། ལེའོ་ཉིང་བྱང་ཤར་རྒྱུད། ཧྲན་ཏུང་ཤར་རྒྱུད་དང་ལྷོ་རྒྱུད། ཅང་སུའུ་དང་ཨན་ཧུའེ་བྱང་རྒྱུད། ཧོ་ནན་དབུས་ལྷོ་རྒྱུད། ཧུའུ་པེའི་དབུས་རྒྱུད། སི་ཁྲོན་ལྷོ་རྒྱུད། ཡུན་ནན་དབུས་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོ་རྒྱུད། ཀན་སུའུ་དར་གོས་སྲང་ལམ་ཤར་རྒྱུད། ཉིང་ཞ། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་ཙམ་ནས་ཆར་པ་ཆེན་པོ་འབབ་པ་དང་། ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད། 


མཉམ་སྤྱོད།