དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-08-07 07:33:42   |   410

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

  • ཞི་ཅིན་ཕིང་གིས་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བེད་སྤྱོད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་གཅེས་ནོར་དང་རང་བྱུང་གཅེས་ནོར་སྲུང་སྐྱོང་ཡག་པོ་བྱས་ཏེ། དུས་རབས་གསར་པར་རིག་གནས་དང་རང་བྱུང་ཤུལ་བཞག་ལ་གསོན་ཤུགས་གསར་པ་དང་འོད་ཟེར་གསར་པ་རབ་ཏུ་འཕྲོ་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་། 

  • ཉེ་ཆར། རུ་འཁྱུར་དམག་མིའི་ལས་དོན་པུ་དང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུས་མཉམ་འབྲེལ་ཐོག་བསམ་འཆར་པར་འགྲེམས་བྱས་ཏེ། རུ་འཁྱུར་དམག་མིའི་ལས་དོན་པའི་ལས་རིགས་རྩལ་ནུས་རིམ་པ་གཏན་འཁེལ་བྱ་རྒྱུར་སྐུལ་འདེད་མགྱོགས་སུ་བཏང་བ་རེད། 

  • སྡོད་འཛུགས་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ6པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་འགན་སྲུང་རང་བཞིན་གྱི་སྡོད་ཁང་(ཁང་མིག)ཁྲི112.8བསྐྲུན་ནས་གྲབས་གསོག་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར1183བཏང་ཡོད་པ་རེད། 

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་གསུམ་གྱིས་མཉམ་འབྲེལ་ཐོག་ཡིག་ཆ་བཏོན་ནས2024ལོ་ནས་2027ལོ་བར་ཆེད་དོན་བྱ་སྤྱོད་ཁག9གཙོ་གནད་ཐོག་སྤེལ་རྒྱུ་རེད། དེའི་ནང་། གློག་ཤུགས་མ་ལག་གི་བརྟན་འཇགས་འགན་ལེན་བྱ་སྤྱོད་དང་། གཞི་ཁྱོན་ཆེ་བ་དང་བསྡུར་ཚད་མཐོ་བའི་ངང་ནུས་རྒྱུ་གསར་པ་ཕྱི་སྐྱེལ་འགག་སྒྲོལ་བྱ་སྤྱོད་སོགས་ཚུད་ཡོད་པ་རེད། 

  • བཟོ་ལས་དང་ཆ་འཕྲིན་པུས་ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་བསམ་འཆར་ཁྱབ་བསྒྲགས་བྱས་ནས་རིན་ཐང་འཕར་བའི་གློག་འཕྲིན་ལས་སྒོ་དེ་ཕྱི་རྒྱལ་གྱི་མ་དངུལ་ལ་སྒོ་མོ་འབྱེད་རྒྱ་སྔར་བས་ཚོད་ལྟའི་ངང་ཆེ་རུ་གཏོང་བ་དང་། གློག་འཕྲིན་ལས་སྒོ་དེ་དམངས་ཁྲོད་ཀྱི་མ་དངུལ་ལ་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཞེས་བཏོན་ཡོད། 

  • ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ7པར་རང་རྒྱལ་གྱི་གཞུང་ལམ་ཟོག་འགྲེམས་སྐྱེལ་འདྲེན་རིན་གོང་སྟོན་གྲངས103.2ཡིན། དེ་ཟླ་བ་གོང་མ་ལས0.99%འཕར་བ་དང་ན་ནིང་གི་དུས་མཚུངས་ལས0.65%འཕར་ཡོད་པ་རེད། 

0001.jpg

  • ས་གནས་དེ་གའི་དུས་ཚོད་ཟླ8པའི་ཚེས6ཉིན། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཆུ་མཆོང་བུད་མེད་ཀྱི་སྨི་བཅུའི་སྟེགས་བུའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་། ཆན་ཧུང་ཁྲན་གྱིས་གསེར་གྱི་རྟགས་མ་བླངས་པ་དང་ཀྲུང་གོའི་རུ་ཁག་གིས་རྣམ་གྲངས་དེའི་ཨང་དང་པོ་བསྟུད་མར་ལྔ་ལ་བླངས་པ་རེད། ཁྲིན་ཡུས་ཞི་ལ་དངུལ་གྱི་རྟགས་མ་ཐོབ། 

0002.jpg

  • ཚེས6ཉིན། རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་དྲུག་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་ཆན་ཧྥན་ཅི་ཀེ(千帆极轨)སྲུང་སྐར་ཚོགས་ཆུང01མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་རེད། 

  • ཚེས6ཉིན། བྷང་ག་ལའི་ཙུང་ཐུང་གཞུང་དོན་ཁང་གིས་ཏ་ཁ་རུ་གསལ་བསྒྲགས་སྤེལ་ནས་བྷང་ག་ལའི་ཙུང་ཐུང་གིས་ཉིན་དེར་རྒྱལ་དམངས་གྲོས་ཚོགས་མེད་པ་བཟོ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། 

སྤྱི་ཚོགས།

0003.jpg

  • ཀྲུང་དབྱང་གནམ་གཤིས་བརྟག་དཔྱད་ཁང་གིས་དེ་རིང་ཉིན་མོར་ཨན་ཧུའེ་དང་ཅང་སུའུ་། ཧྲང་ཧའེ། ཧུའུ་པེ། ཧུའུ་ནན། ཅང་ཤིས་སོགས་ས་ཁུལ་ཁག་གཅིག་གི་དྲོད་ཚད་མཐོ་ཤོས37℃ཡན་ཡིན་པ་དང་། ས་ཁུལ་ཁག་གཅིག་ཏུ40℃ཡན་སླེབས་པའི་སྔོན་ཚུད་ཉེན་བརྡ་བཏང་བ་རེད། 

  • མིག་སྔར། རང་རྒྱལ་གྱི་རྒྱལ་ཡོངས་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པའི་ལས་འགན་ཁག་བདེ་བླག་ངང་ལེགས་གྲུབ་བྱུང་ནས་སྐྱེ་དངོས་རིགས་གསར་པ196དང་། སྨན་རྫས་གསར་པའི་ཐོན་ཁུངས་རིགས་100ལྷག་ཙམ་ཤེས་རྟོགས་བྱུང་ཡོད། 

  • 2024ལོར། རང་རྒྱལ་གྱི་དྲ་རྒྱའི་སིལ་ཚོངTop100ཁེ་ལས་ཀྱི་དྲ་རྒྱའི་ཕྱིར་ཚོང་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི1.91ཡིན་ལ། དུས་མཚུངས་ལས2.7%འཕར་ཡོད་པ་རེད། 

  • ཚེས5ནས་ཚེས11ཉིན་བར། ཉིན་བརྒྱའི་གདན་ཞུའི་ཆེད་དོན་བྱ་སྤྱོད་ནང་རྨང་གཞིའི་འཛུགས་སྐྲུན་གསར་པ་དང་ཟོག་འགྲེམས། རླངས་འཁོར་བཟོ་ལས་ལས་རིགས་བཅས་ཀྱི་དྲ་ཐོག་གདན་ཞུའི་ཆེད་དོན་ཚོགས་ར3སྤེལ་བ་དང་། མི་བསྡུ་ལས་ཁུངས5900ལྷག་ཙམ་ཞུགས་པ་དང་གདན་ཞུའི་དགོས་མཁོ་མི་ཐེངས་ཁྲི7ཙམ་ལ་སླེབས་ཡོད། 

  • ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཡོངས་སྲིད་གྲོས་མི་འབོར་ཐོན་ཁུངས་དང་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་གཞོན་པ། ཧྲན་ཤིས(陕西)ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་ཧན་ཡུང་གིས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས་པ་རེད། 

  • ཚེས6ཉིན་གྱི་སྔ་དྲོར། ཀོང་ཤིས་ནན་ཉིང་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་དང་པོའི་ཐོག་ཀོང་ཏུང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའུ་ཁོངས་མི། ཀྲུའུ་རེན་གཞོན་པ་ཁྲེན་རུའུ་ཀུའེ་ལྐོག་རྔན་བླངས་པའི་གྱོད་གཞིར་ཡོངས་བསྒྲགས་ངང་བཅད་ཁྲ་ཁྱབ་བསྒྲགས་བྱས་ནས་ཁྲེན་རུའུ་ཀུའེ་ལ་ཚེ་བཙོན་གྱི་ཆད་པ་བཅད་པ་རེད། 

0004.png

  • ཉིན་ཤས་གོང་། ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་འབོད་ཚིག་དང་བཀྲ་ཤིས་མཚོན་རྟགས་ཁྱབ་བསྒྲགས་བྱས། 

  • ཞ་མོན་ཉེན་རྟོག་ཕྱོགས་ཀྱིས“སྦྲེལ་ཐག་ཡོངས་ཀྱིས”གློག་རྡུལ་ཚོང་ལས་སྟེགས་བུའི་ཐོག་བསམ་ངན་བཅངས་ནས་གླ་ཆ་གཡོ་ལེན་བྱེད་པའི་ཁ་བསླུས་ཚོགས་པ་ཞིག་མེད་པ་བཟོས་ནས་ཁྱོན་སྡོམ་ཉེས་གསོག་དོགས་ཅན75འཛིན་བཟུང་བྱས་པ་རེད། 

  • རང་རྒྱལ་གྱི་ཚན་ཞིབ་ཚོགས་པས2020ལོ་ནས2022ལོ་བར་གོ་ལ་ཧྲིལ་པོའི་སྐྱེ་དངོས་དངོས་རྫས་འབར་བའི་ཐཱན་འབུད་ཚད་དེ་གནད་ལ་འཁེལ་བའི་སྒོ་ནས་ཚད་འབེབས་བྱས་པས་གོ་ལ་ཧྲིལ་པོའི་ཐཱན་འཁོར་རྒྱུག་བརྒྱུད་རིམ་དང་ལམ་སྲོལ་ཞིབ་འཇུག་སོགས་ལ་ཚན་རིག་དང་མཐུན་པའི་གྲངས་གཞིའི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུ་ཡིན་པ་རེད། 

སྲིད་ཇུས།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་སོགས་སྡེ་ཚན་གསུམ་གྱིས《ལས་རིགས་མཐུན་ཚོགས་ཀྱི་གྲོན་བསྡུའི་བྱ་སྤྱོད་ཀྱི་ལུགས་མཐུན་ཕྱོགས་སྟོན》ཁྱབ་བསྒྲགས་བྱས་ནས་མཐུན་ཚོགས་ལ་གྲོན་བསྡུའི་ཡོངས་བསྒྲགས་ཡག་པོ་བྱས་ཏེ། སྡོད་གནས་སམ་ཡང་ན་ཞབས་ཞུའི་བྱ་ཡུལ་གྱི་མངོན་གསལ་དོད་པའི་གནས་སུ་གྲོན་བསྡུའི་རྣམ་གྲངས་དང་གྲོན་བསྡུའི་ངོ་བོ། ཞབས་ཞུའི་ནང་དོན་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས་པའི་བླང་བྱ་བཏོན།

  • ཧོ་ནན་གྱིས་བརྡ་ཐོ་བཏང་ནས་ཆ་རྐྱེན་དང་མཐུན་པའི2025ལོའི་སློབ་ཆེན་མཐར་ཕྱིན་སློབ་མས་ལས་འཚོལ་ཁ་གསབ་རེ་ཞུ་བྱེད་ཆོག་པ་དང་། མི་རེར་སྒོར2000གྱི་ཚད་གཞི་ལྟར་ཐེངས་གཅིག་ལ་སྤྲོད་རྒྱུ་ཁ་གསལ་བཏོན་ཡོད་པ་རེད། 

  • ཡུན་ནན་ཁུན་མིང་དུ་བརྡ་ཐོ་དཔར་འགྲེམས་བྱས་ནས་བྱིས་པ་གཉིས་པ་དང་གསུམ་པ་བཙའ་བའི་ཁྱིམ་ཚང་གིས་ཐོག་དང་པོའི་སྡོད་ཁང་ཉོ་སྐབས། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཏོང་བའི་ཆ་རྐྱེན་འཛོམས་ཚེ་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཏོང་ཚད་མཐོ་ཤོས་སོ་སོ20%དང30%བར་ལེགས་སྒྲིག་བྱས་ཡོད། 

དེ་རིང་གི་གནམ་གཤིས། 

0005.jpg

  • ཞིན་ཅང་ཐེན་ཧྲན་ས་ཁུལ་དང་ནན་ཅང་གཤོང་ས། ནང་སོག་གི་བྱང་ཤར་རྒྱུད། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། བོད་ལྗོངས་ཀྱི་དབུས་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་ལ་ཆར་བ་འབྲིང་ཙམ་ནས་ཆེ་བ་འབབ་དང་། ཀན་སུའུ་ཤར་རྒྱུད་དང་། ཉིང་ཞའི་ལྷོ་རྒྱུད། ཧྲའན་ཞི་དབུས་བྱང་རྒྱུད། ཧྲན་ཞིའི་ནུབ་རྒྱུད། ཧེ་ལུང་ཅང་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ཙམ་ནས་དྲག་ཆར་འབབ་པ་དང་། དེའི་ནང་། ཀན་སུའུ་ཤར་རྒྱུད་དང་ཧྲའན་ཞི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།