དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-08-08 07:39:38   |   421

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

001.jpg

  • ད་ལོའི་ཟླ1པོ་ནས7པའི་བར། རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི24.83ཡིན་པ་དང་། དེ་དུས་མཚུངས་ལས6.2%འཕར་ཡོད་པ་རེད། 

  • ཆེས་མཐོའི་ཞིབ་དཔྱོད་ཁང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ1པོ་ནས6པའི་བར། ཞིབ་དཔྱོད་ལས་ཁུངས་ཀྱིས་ཉེན་ཁ་ཆེ་བའི་རླངས་འཁོར་གཏོང་བའི(危险驾驶罪)ནག་ཉེས་བདག་སྤྲོད་དང་ཞིབ་བཤེར་ཞུ་གཏུག་བྱས་པའི་མི་ཁྲི17.1ཡོད་པ་དང་། དེ་དུས་མཚུངས་ལས38.7%ཆག་ནས2021ལོ་ཚུན་གྱི་དུས་མཚུངས་དམའ་ཤོས་སུ་སླེབས་ཡོད་པ་རེད། 

  • ཚེས6ཉིན། ནོར་སྲིད་པུ་དང་འཕྲལ་སྡོམ་དོ་དམ་པུ་ཡིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེ་གེགས་སེལ་མ་དངུལ་སྒོར་དུང་ཕྱུར4.65སླར་ཡང་སྔོན་གཏོང་བྱས་ནས་ལེའོ་ཉིང་དང་ཅི་ལིན་སོགས་ཞིང་ཆེན(གྲོང་ཁྱེར)7གྱིས་འཕྲལ་སྡོམ་ཉེན་སེལ་གེགས་སེལ་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་པ་རེད། 

  • 2024ལོའི“ཆུས་གསུམ(三区)”གྱི་ཤེས་ལྡན་མི་སྣར་རྒྱབ་སྐྱོར་བྱེད་པའི་འཆར་གཞིའི་དགེ་རྒན་གྱི་ཆེད་དོན་འཆར་གཞིའི་བརྡ་ཐོ་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པར་གཞིགས་ན། རྒྱལ་ཡོངས་ནས་དགེ་རྒན15952“ཆུས་གསུམ”དུ་འདེམས་མངགས་བྱ་རྒྱུ་ཡིན་པ་རེད། 

  • སྡོད་འཛུགས་པུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ6པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཁྲི112.8བསྐྲུན་ནས་གྲབས་གསོག་བྱས་པ་དེས་ལོ་འཁོར་འཆར་གཞིའི66.2%ཟིན་པ་དང་། མ་དངུལ་སྒོར་དུང་ཕྱུར1183བཏང་ཡོད་པ་རེད། 

  • ཚེས7ཉིན། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ7པའི་ཟླ་མཇུག་བར། རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར32564ཡིན་པ་དང་། འཕར་ཚད1.06%ཡིན། 

0002.jpg

  • ས་གནས་དེ་གའི་དུས་ཚོད་ཟླ8པའི་ཚེས7ཉིན། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་ལྗིད་འདེགས་སྤྱི་རྒྱ་61རིམ་པའི་འགྲན་བསྡུར་ནང་། ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་ལི་ཧྥ་པིན་གྱིས་གསེར་གྱི་རྟགས་མ་བླངས་ནས་ཅོད་པན་སྲུང་སྐྱོང་ལེགས་གྲུབ་བྱུང་ནས་ཀྲུང་གོའི་ལྗིད་འདེགས་རུ་ཁག་ལ་མགོ་ཡག་པོ་བཙུགས་པ་རེད། 

0003.jpg

  • ས་གནས་དེ་གའི་དུས་ཚོད་ཟླ8པའི་ཚེས7ཉིན་བདམས་ཐོན་པ8ལས་གྲུབ་པའི་ཀྲུང་གོའི་རུ་ཁག་གིས་སྤྱིའི་སྐར་གྲངས་ཨང་དང་པོ་ཐོབ་པའི་གྲུབ་འབྲས་ཐོག་ནས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་སྣ་མང་ཆུ་རྐྱལ་མཉམ་སྡེབ་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་བླངས་པ་རེད། འདི་ནི་ཀྲུང་གོའི་སྣ་མང་ཆུ་རྐྱལ་རུ་ཁག་དེ་འགྲན་བསྡུར་ནང་ཞུགས་པའི་ལོ་རྒྱུས་ཐོག་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོག་མ་བླངས་པ་རེད། 

0004.jpg

  • ས་གནས་དེ་གའི་དུས་ཚོད་ཟླ8པའིཚེས7ཉིན། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ལྗིད་འདེགས་སྤྱི་རྒྱ49རིམ་པའི་འགྲན་བསྡུར་ནང་། ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་ཧོའུ་ཀྲི་ཧུའེ་ཡིས་གསེར་གྱི་རྟགས་མ་བླངས་ནས་ཅོད་པན་སྲུང་སྐྱོང་ལེགས་གྲུབ་བྱུང་བ་རེད། 

  • ཚེས7ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ལྷོ་རྒྱུད་འཐབ་ཁུལ་གྱིས་ལྷོ་རྒྱ་མཚོའི་ཧོང་ཡན་གླིང་ཕྲན་ཉེ་འགྲམ་གྱི་མཚོ་མཁའ་མངའ་ཁོངས་སུ་མཉམ་འབྲེལ་དམག་འཐབ་སྐོར་ཞིབ་སྒྲིག་འཛུགས་བྱས་པ་རེད། 

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་ཚུད་ཉེན་བརྡ་བཏང་ནས་སྔོན་དཔག་བྱས་ན་ཚེས8ཉིན་སི་ཁྲོན་དང་ཁྲུང་ཆིང་། ཧོ་ནན། ཨན་ཧུའེ། ཅང་སུའུ། ཧྲང་ཧའེ། ཀྲེ་ཅང་། ཧུའུ་པེ། ཧུའུ་ནན། ཅང་ཞི། ཧྥུའུ་ཅན། ཀོང་ཞི། ཀོང་ཏུང་སོགས་ས་ཁུལ་ཁག་གཅིག་གི་དྲོད་ཚད་མཐོ་ཤོས37℃ཡན་སླེབས་རྒྱུ་ཡིན་པ་རེད། 

  • ཚེས7ཉིན་གྱི་ཆུ་ཚོད15དང་སྐར་མ33བར། 2024ལོའི་དབྱར་ཁའི་དུས་ཚིགས་ཀྱི་གློག་བརྙན་སྤ་སེ་སྡོམ་འབོར(སྔོན་འཚོང་ཚུད་ཡོད)དུང་ཕྱུར85ལས་བརྒལ་ཡོད། 

  • ཉེ་ཆར། ཧུའུ་ནན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཀྲང་ཞིའུ་ལུང་གིས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས་པ་རེད། 

  • ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ཀྲུང་གོའི་གློག་རྡུལ་ཚོང་དོན་ཟོག་འགྲེམས་སྟོན་གྲངས་ཟླ་བ་གཉིས་ལ་བསྟུད་མར114ཡན་གྱི་གནས་གྲངས་མངོན་འགྱུར་བྱུང་ནས་གློག་རྡུལ་ཚོང་དོན་ཟོག་འགྲེམས་ཁྲོམ་ར་བརྟན་བརླིང་ངང་སླར་གསོའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད། 

  • དབྱར་དུས་སྐྱེལ་འདྲེན་བྱེད་མགོ་བརྩམས་ཚུན་ཏུ། རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར5.13སྐྱེལ་འདྲེན་བྱས་པ་དང་། དུས་མཚུངས་ལས5.4%འཕར་ཡོད་པ་རེད། 

  • ཚེས7ཉིན། ཧྲང་ཧའེ་གྲུ་ཁའི་ལུའོ་ཅིང་དོས་སྒམ་གྲུ་ཁའི(上海港罗静集装箱港)དུས་ཐེངས་དང་པོ་མགོ་བརྩམས། དེས་ལོ14བསྟུད་མར་གོ་ལ་ཧྲིལ་པོའི་དོས་སྒམ་འདོན་འཇུག་བྱེད་ཚད་ཨང་དང་པོར་སླེབས་པའི་ཧྲང་ཧའེ་གྲུ་ཁ་ཡང་བསྐྱར་རྒྱ་སྐྱེད་བཏང་བ་མཚོན་ཡོད། 

0005.jpg

  • ཀྲུང་གོ་མཚོ་སྣུམ་ཀུང་སིས་ཧའེ་ནན་ཤར་ལྷོའི་མཚོ་ཁོངས་ནས་ཤེས་རྟོགས་བྱུང་བའི་ལིང་ཧྲུའེ(陵水)36-1སོལ་རླངས་ཞིང་ཁའི་རང་བྱུང་སོལ་རླངས་ཀྱི་ས་གཤིས་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར1000ལས་བརྒལ་ཡོད་པ་རྩད་ཆོད། དེ་ནི་གོ་ལ་ཧྲིལ་པོའི་ཆུ་གཏིང་ཟབ་དང་གཏིང་ཟབ་པའི་རླངས་ཞིང་ཆེ་གྲས་ཐོག་མ་དེ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། 

  • ཉེ་ཆར། ཀན་སུའུ་ཅིན་ཁྲང་སྤྱི་བདེ་ཡིས་བརྒྱུད་འཚོང་གྱོད་གཞི་ཧ་ཅང་ཆེན་པོ་ཞིག་རྩད་ཆོད་ནས་བརྒྱུད་འཚོང་མི་སྣ200ལྷག་ཙམ་འཛིན་བཟུང་བྱས་པ་དང་། གྱོད་གཞི་དང་འབྲེལ་བ་ཡོད་པའི་དངུལ་གྲངས་སྒོར་ཁྲི3000ལྷག་ཙམ་ཡོད་པ་རེད། 

0006.jpg

  • ཉེ་ཆར། ཀུའེ་ཀྲོའུ་ཡི་བུད་མེད་ཅིག་འགྱིག་གྲུ་ལ་བསྡད་ནས་རྩེད་མོ་རྩེ་སྐབས་ཆུ་རུ་ལྷུང་བ་རེད། གུང་གསེང་གཏོང་བཞིན་པའི་དམག་མི་ཅང་ཧྥུང་ཁྲི་ཡིས་འབོད་སྐད་ཐོས་རྗེས། ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཆུའི་ནང་དུ་ལྡིང་ནས་བུད་མེད་དེ་བསྐྱབས་པ་རེད། 

སྲིད་ཇུས།

  • ཐེན་ཅིན་གྱིས་བྱེད་ཐབས་བཏོན་ནས་མཐོ་རིམ་སློབ་འབྲིང་དཀྱུས་མའི་ལུས་རྩལ་དང་བདེ་ཐང་སློབ་ཚན་རྒྱུགས་ལེན་གྱི་སྤྱིའི་སྐར་གྲངས་ནི་སྐར་མ100ཡིན་པ་ཁ་གསལ་བཟོས་ནས2024ལོའི་སྟོན་དུས་སུ་གསར་དུ་སློབ་ཞུགས་བྱེད་པའི་མཐོ་རིམ་སློབ་འབྲིང་ལོ་རིམ་དང་པོ་ནས་ལག་ལེན་བསྟར་མགོ་བརྩམས་རྒྱུ་རེད། 

  • ཀུའེ་ཀྲོའུ་ཡིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་ནས་སློབ་ཞུགས་གོང་གི་བྱིས་པ་བུ་བཅོལ་ཁང་དུ་སོང་ནས་སློབ་ཞུགས་གོང་གི་སློབ་གསོ་དང་ལེན་བྱེད་སྐབས། དགོས་ངེས་ཀྱི་གཟུགས་པོར་བརྟག་དཔྱད་བྱེད་པ་ཕུད། བུ་བཅོལ་ཁང་གིས་ཁོ་ཚོར་རྣམ་པ་གང་རུང་གི་ཡིག་རྒྱུགས་སམ་ཡང་ན་ཚད་ལེན་ཚོད་ལྟ་སྒྲིག་འཛུགས་བྱེད་མི་ཆོག་པའི་གཏན་འབེབས་བྱས་ཡོད། 

  • སི་ཁྲོན་གྱིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་ནས“ཁམས་དམར་ལེན་པའི་ལག་རྩལ”སོགས་སྨན་བཅོས་རང་བཞིན་གྱི་རམ་འདེགས་སྐྱེ་འཕེལ་རིགས་ཀྱི་སྨན་བཅོས་ཞབས་ཞུའི་རྣམ་གྲངས་ཁག13གཞི་རྩའི་སྨན་བཅོས་འགན་བཅོལ་གཏོང་སྤྲོད་ཁྱབ་ཁོངས་ནང་འཇུག་རྩིས་ཡོད་པ་རེད། 

དེ་རིང་གི་གནམ་གཤིས། 

0007.jpg

  • ཧོ་ནན་བྱང་ཤར་རྒྱུད་དང་། ཧྲན་ཏུང་ལྷོ་རྒྱུད། ཀན་སུའུ་ཤར་རྒྱུད། ཉིང་ཞའི་དབུས་བྱང་རྒྱུད། ནང་སོག་ཧོ་ཐའོ་ས་ཁུལ། ཧྲའན་ཤིས་ལྷོ་རྒྱུད། སི་ཁྲོན་གཤོངས་སའི་ནུབ་རྒྱུད། ཧེ་ལུང་ཅང་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་ཆེན་པོ་འབབ་པ་དང་། དེའི་ནང་། ཧྲན་ཏུང་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།