དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-08-12 07:27:55   |   322

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ8པའི་ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨོ་རྩལ་འགྲན་ཚོགས་སྐབས33པའི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་རྟེན་འབྲེལ་གློག་འཕྲིན་བཏང་བ་རེད།

  • ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་ལ་སྒྱུར་རྒྱུ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ་རེད། 

  • ཞིང་ལས་དང་གྲོང་གསེབ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ1པོ་ནས6པའི་བར། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི8.7ཟིན་པ་དང་། དུས་མཚུངས་ལས1.1%འཕར་ཡོད་པ་རེད།

  • རྒྱལ་ཁབ་ནུས་རྒྱུ་ཅུའི་གྲངས་གཞི་ལས་མངོན་པར། ཟླ7པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་གློག་སྡོང་ཁྲི1060.4ཟིན་པ་དང་། དུས་མཚུངས་ལས་53%འཕར་ཡོད་པ་རེད། 

  • རྒྱལ་ཁབ་སྡོམ་རྩིས་ཅུའི་གྲངས་གཞི་ལས་མངོན་པར། ཟླ7པར། རྒྱལ་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་དུས་མཚུངས་ལས0.5%འཕར་ཡོད་པ་རེད། 

  • རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བརྡ་ཐོ་བཏང་ནས། རྒྱུ་ནོར་འགན་བཅོལ་སྤྱི་གཉེར་གྱིས་དྲ་ཐོག་མིན་པའི་ལས་སྒོ་དྲ་སྦྲེལ་རྣམ་པའི་ཐོག་ནས་གཉེར་སྐྱོང་ས་ཁོངས་རྒྱ་སྐྱེད་གཏོང་རྒྱུ་གཏན་འགོག་བྱས་ཏེ། ས་ཁོངས་ཀྱི་ལྟ་སྐུལ་དོ་དམ་གཡོལ་ཐབས་བྱ་རྒྱུ་ཡིན། 

  • ལོ་སྟོད་དུ། རྒྱལ་ཡོངས་སུ་ཁྱོན་སྡོམ་རྒྱལ་ནང་གི་ཟོག་འདྲེན་མཁའ་ལམ16དང་རྒྱལ་སྤྱིའི་ཟོག་འདྲེན་མཁའ་ལམ74གསར་དུ་ཤར་གཏོང་ཐུབ་པ་རེད།

03.jpg

  • ཚེས11ཉིན། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ལྗིད་འདེགས་སྤྱི་རྒྱ81ཡན་གྱི་རིམ་པའི་འགྲན་བསྡུར་ནང་། ཀྲུང་གོའི་རུ་ཁག་གི་འགྲན་ཞུགས་པ་ལི་ཝུན་ཝུན་གྱིས་གསེར་གྱི་རྟགས་མ་བླངས་ནས་ཐེངས་སྔོན་མའི་ཨང་དང་པོ་མུ་མཐུད་དུ་སྲུང་འཛིན་ཐུབ་སོང་། 

  • ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཐོག་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ40དང་། དངུལ་གྱི་རྟགས་མ27 ཟངས་ཀྱི་རྟགས་མ24བཅས་ཁྱོན་སྡོམ་གཟི་བརྗིད་རྟགས་མ91ཐོབ་ནས་ཕྱི་ནས་འགྲན་བསྡུར་ནང་ཞུགས་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་བླངས་པ་རེད། 

  • ཚེས11ཉིན། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་འགྲིལ་མཛད་སྒོ་འཚོགས་པ་དང་། ལི་ཧྥ་པིན་དང་ཨོའུ་ཙེ་ཞ་གཉིས་ཀྱིས་མཇུག་འགྲིལ་མཛད་སྒོའི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་དར་ཆ་འཛིན་མཁན་གྱི་འགན་འཁུར་བ་རེད། 

  • ཚེས11ཉིན། རྒྱལ་སྤྱིའི་ཨོ་རྩལ་ཨུ་ལྷན་གྱི་སྐབས145པའི་ཚོགས་འདུ་ཐོག ད་ལྟའི་རྒྱལ་སྤྱིའི་ཨོ་རྩལ་ཨུ་ལྷན་གྱི་ཀྲུའུ་ཞི་པ་ཧེས་མུ་མཐུད་དུ་ཀྲུའུ་ཞི་ཡི་འགན་མི་འཁུར་བ་ཁྱབ་བསྒྲགས་བྱས་པ་རེད། 

སྤྱི་ཚོགས།

04.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲོད་ཚད་མཐོ་བའི་ཉེན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པར་གཞིགས་ན། དེ་རིང་ཉིན་མོར། ཅང་སུའུ་དང་ཀྲེ་ཅང་སོགས་རང་སྐྱོང་ལྗོངས་དང་གྲོང་ཁྱེར11གི་ས་ཁུལ་ཁག་གཅིག་གི་དྲོད་ཚད་མཐོ་ཤོས་ཏུའུ37ལས་བརྒལ་རྒྱུ་རེད། 

  • ཆུ་བེད་པུས་ཧོ་པེ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས6ལ་གནས་ཁེལ་སྔོན་བརྡའི་གསལ་ཐོ་བཏང་ནས། ཆར་པ་དྲག་པོ་འབབ་པར་དོགས་ཟོན་དང་ཆུ་ལོག་གི་གནོད་འཚེ་སྔོན་འགོག་བྱེད་པའི་པའི་ལས་དོན་ཡག་པོ་སྒྲུབ་རྒྱུར་མཛུབ་ཁྲིད་བྱས་པ་རེད།

03.jpg

  • ཚེས11ཉིན་གྱི་སྔ་དྲོར། རང་རྒྱལ་གྱིས་རང་འགུལ་ཞིབ་འཇུག་གསར་སྤེལ་བྱས་པའི་ཉིས་འཕེན་མི་མེད་སྐྱེལ་འདྲེན་གནམ་གྲུ་ཆེ་གྲས་དེ་སི་ཁྲོན་ཙེ་ཀུང་ཧྥེང་མིང་ཐུང་ཧང་གནམ་ཐང་དུ་འཕུར་སྐྱོད་ཚོད་ལྟ་ཐེངས་དང་པོ་ལེགས་འགྲུབ་བྱུང་། 

  • ཞི་ཨན་ནས་ཡན་ཨན་བར་གྱི་མྱུར་བགྲོད་ལྕགས་ལམ་ཧྲིལ་པོའི་ཕུག་ལམ་རིང་ཤོས་དེ་བདེ་བླག་ངང་ཤར་གཏོང་ཐུབ་པ་དང་། ལམ་ཐིག་བསྐྲུན་ཟིན་ནས་འཁོར་སྐྱོད་བྱེད་འགོ་ཚུགས་རྗེས། ས་གནས་གཉིས་དབར་གྱི་ལྕགས་ལམ་འཁོར་སྐྱོད་དུས་ཚོད་ཆུ་ཚོད1ཙམ་བར་ཐུང་དུ་འགྲོ་རྒྱུ་ཡིན་པ་རེད། 

  • ཞང་ཀང་རྒྱ་མཚོའི་སྤྱི་གླིང་ནས་གནས་ཚུལ་སྤེལ་བར་གཞིགས་ན། གོ་ལ་ཧྲིལ་པོའི་ཚེ་ཐག་རིང་ཤོས་ཀྱི་དོམ་ཁྲ“ཨན་ཨན”གྱི་ཚེ་མཇུག་གི་འཚོ་བའི་ཞིབ་འཇུག་གྲུབ་འབྲས་ཉེ་ཆར་རྒྱལ་སྤྱིའི་རིག་གཞུང་དུས་དེབ《སྲོག་ཆགས་སྐྱེ་དངོས་རིག་པ》ཞེས་པའི་ཐོག་སྤེལ་ཡོད་པ་རེད།

  • སྐབས་དང་པོའི་ཧྲང་ཧའེ་རྒྱལ་སྤྱིའི་སྦྲག་སྐྱེལ་གྲུ་གཟིངས་དུས་ཆེན་ཚེས་10ཉིན་གྱི་དགོང་མོར་དངོས་སུ་འགོ་ཚུགས་པ་དང་ཟླ8ཚེས31ཉིན་བར་རྒྱུན་མཐུད་བྱ་རྒྱུ་ཡིན་པ་རེད། 

  • ཉེ་ཆར། གནས་སྐོར་བས་ཀན་སུའུ་ཀྲང་ཡེ་ཡི་མགྲོན་ཁང་ཞིག་གི་མདུན་གྱི་སྤྱི་པའི་རླངས་འཁོར་འཇོག་སར་རླངས་འཁོར་བཞག་པར་འཇིགས་སྐུལ་ཕོག་པ་དང་། ས་གནས་དེ་གའི་བརྡ་ཁྱབ་བཏང་ནས་དོན་དག་དང་འབྲེལ་བ་ཡོད་པའི་མགྲོན་ཁང་ལ་སྐྱོན་བརྗོད་སློབ་གསོ་བཏང་བ་དང་སྒོ་བརྒྱབ་ནས་དག་ཐེར་བྱེད་དུ་བཅུག 

  • ཧྲན་ཏུང་ལིན་དབྱིའི་སྤྱི་བདེ་ཡིས“ངོ་གདོང་བཀབ་པའི་སྐྱེས་པ་གཉིས་ཀྱིས་ཐོ་རེངས་སུ་བྱང་བུ་སྤྱད་དེ་གཞན་གྱི་སྒོ་འབྱེད་རྩིས་བྱས་པར”བརྡ་ཁྱབ་བཏང་བ་དང་། མིག་སྔར། མི་དེ་གཉིས་འཛིན་བཟུང་བྱས་པ་དང་གྱོད་གཞི་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད། 

  • སི་ཁྲོན་སན་ཐའེ་རྫོང་གི་སྐྱེས་པ་ཞིག་སྟབས་མ་ལེགས་པར་ཆུ་བོའི་ནང་ལྷུངས་བ་དང་། ལོ72ཡིན་པའི་ལི་ལུང་ཤིང་འཆམ་འཆམ་དུ་འགྲོ་སྐབས་མི་དེའི་འབོད་སྐད་ཐོས་རྗེས་འཕྲལ་དུ་བཞུར་ཆུའི་ནང་ལྡིང་ནས་ཆུའི་ནང་གི་སྐྱེས་པ་དེ་བདེ་བླག་སྐྱོབ་ཐུབ་སོང་། 

སྲིད་ཇུས།

  • ཧྲང་ཧའེ་ཡིས་སྤྱི་པའི་རླངས་འཁོར་འཇོག་སའི་སྒྲིག་བཀོད་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་རྗེས་དུས་ཐོག་ཏུ་བེད་སྤྱོད་གཏོང་དགོས་པ་དང་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་གྱི་ཚོད་འཛིན་ཕུད་ཆུ་ཚོད་24རིང་སྤྱི་ཚོགས་ཡོངས་ཀྱི་རླངས་འཁོར་ལ་ཁྱད་མེད་པར་སྒོ་འབྱེད་དགོས་ཞེས་ཁ་གསལ་བཏོན་ཡོད་པ་རེད། 

  • ཧོ་ནན་གྱིས་བརྡ་ཐོ་པར་འགྲེམས་བྱས་ནས་ཁྲིམས་འགལ་སྒྲིག་འགལ་གྱི་ཟིན་ཐོ་མེད་པའི་དཔང་ཡིག་པར་གཞིའི་ཆེད་དོན་ཡིད་རྟོན་སྙན་ཞུ་ཡིས་ཁྱབ་ཁོངས་མང་པོའི་ཁྲིམས་འགལ་སྒྲིག་འགལ་གྱི་ཟིན་ཐོ་མེད་པའི་དཔང་ཡིག་གི་ཚབ་བྱེད་རྒྱུ་ཁྱབ་གདལ་བྱས་པ་རེད། 

  • ཧྲན་ཏུང་གིས་དམངས་གཉེར་མཐོ་རིམ་སློབ་གྲྭའི་སློབ་མས་ཕྱི་ནས་དངོས་སྦྱོང་བྱེད་པའམ་ཡང་ན་སློབ་སྦྱོང་འཚམས་འདྲིར་བསྐྱོད་ནས་སློབ་སྐབས་གཅིག་ཡན་འགོར་ནས་སློབ་གྲྭར་ལོག་ནས་ཞག་སྡོད་མི་བྱེད་པའི་སློབ་མས་ཞག་སྡོད་མི་བྱེད་པའི་འགྲོ་ལུགས་སྒྲུབ་ཚེ་སློབ་གྲྭས་ཞག་སྡོད་གྲོན་དངུལ་བསྡུ་མི་ཆོག་པ་ཁ་གསལ་བཏོན་ཡོད་པ་རེད། 

དེ་རིང་གི་གནམ་གཤིས།

04.jpg

  • ནང་སོག་གི་ཤར་ལྷོའི་རྒྱུད་དང་། ཧོ་པེའི་བྱང་རྒྱུད། ཐེན་ཅིན་གྱི་བྱང་རྒྱུད། ལེའོ་ཉིང་གི་ནུབ་བྱང་རྒྱུད་དང་དབུས་ཤར་རྒྱུད། ཅི་ལིན་གྱི་ཤར་རྒྱུད། ཧེ་ལུང་ཅང་གི་དབུས་རྒྱུད་དང་བྱང་ཤར་རྒྱུད། དེ་བཞིན་ཡུན་ནན་གྱི་ལྷོ་རྒྱུད་དང་། ཧུའུ་ནན་གྱི་ལྷོ་རྒྱུད། ཀོང་ཏུང་གི་དབུས་ནུབ་རྒྱུད། ཀོང་ཞིའི་དབུས་བྱང་རྒྱུད་དང་ཤར་ལྷོའི་རྒྱུད་ཀྱི་མཚོ་འགྲམ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།