དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-08-13 07:13:23   |   535

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཚེས12ཉིན། “སྤྱི་མཐུན་རྒྱལ་ཁབ་ཀྱི་གཟེངས་རྟགས”དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གྱི་གྲོས་འགོའི་འོས་མི་ཡོངས་བསྒྲགས་བྱས་པ་དང་། ཁྱོན་སྡོམ་མི14བདམས་ཐོན་བྱུང་ཡོད།

  • གཞི་གྲངས་ལས་མངོན་པར། ད་ལོའི་ཟླ1པོ་ནས7པའི་བར། རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་འགྲུལ་པ་མི་ཐེངས་དུང་ཕྱུར25.22སྐྱེལ་འདྲེན་བྱས་པ་དང་། དེ་དུས་མཚུངས་ལས15.7%འཕར་ཡོད། 

  • ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་ཞིང་ལས་སོན་རྒྱུའི་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་། ཞིང་ལས་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་ཁྲི13.9དང་། སྒོ་ཕྱུགས་དང་ཁྱིམ་བྱ། ཆུ་ཐོན་རྒྱུད་འཛིན་རྒྱུ་ཆ་ཁྲི119གསར་དུ་བསྡུ་རུབ་བྱས་ཡོད། 

  • ཀྲུང་གོའི་ཡང་བའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོའི་ལོ་སྟོད་དུ་གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཀྱི་རིན་ཐང་འཕར་ཚད་དུས་མཚུངས་ལས5.3%འཕར་ཡོད།

  • རྒྱལ་ཁབ་སྦྲག་སྲིད་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ7པར། རང་རྒྱལ་གྱི་མྱུར་སྐྱེལ(快递)གྱི་འཕེལ་རྒྱས་སྟོན་གྲངས393.9ཟིན་པ་དང་། དེ་དུས་མཚུངས་ལས11.8%འཕར་ཡོད།

  • ད་ལོའི་ཟླ1པོ་ནས6པའི་བར། རྒྱལ་ཡོངས་སུ་གསར་དུ་བཙུགས་པའི་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཁྲི2.7ཙམ་ཟིན་པ་དང་། དེ་དུས་མཚུངས་ལས14.2%འཕར་ཡོད།

01.jpg

  • ཚེས12ཉིན། རང་རྒྱལ་གྱིས་བསྐྲུན་པའི་ལྗིད་ཚད་ཆེ་ཤོས་ཀྱི་རྒྱལ་སྤྱིའི་རྒྱ་མཚོའི་སྣུམ་རླངས་ལས་སྟེགས་སྟེ། མ་ཙན་སྣུམ་རླངས་བསྡུ་འདྲེན་ལས་སྟེགས་དེ་ཧྲན་ཏུང་ཆིང་ཏའོ་རུ་ལས་མཇུག་འགྲིལ་ནས་རྩིས་སྤྲོད་བྱས་པ་རེད། 

  • ད་ལོའི་སྔོན་གྱི་ཟླ7པོར། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་གྱི་མཚོ་ཁུག་ཆེན་པོའི་ནང་སའི་གྲོང་ཁྱེར་དགུའི་ཕྱི་ཕྱོགས་ཚོང་དོན་གྱི་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི4.96ཟིན་ལ། གཞི་ཁྱོན་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། དུས་མཚུངས་ལས14.3%འཕར་ཡོད།

02.jpg 

  • ཚེས11ཉིན། “མཚོ་གཏིང་ཨང་དང་པོ”ཞེས་པའི་རྒྱང་རིང་རྒྱ་མཚོ་ཆེན་པོའི་ཚན་རིག་རྟོག་ཞིབ་གྲུ་གཟིངས་ཚི་སྐུད་བཀྲོལ་ནས(解缆)མངའ་ཁོངས་ནས་ཁ་བྲལ་ཏེ། དུས་ཡུན་ཉིན45ཡི་ཞི་བདེ་རྒྱ་མཚོ་ནུབ་མའི་ཚན་རིག་རྟོག་ཞིབ་གནས་སྐོར་བྱེད་འགོ་ཚུགས་པ་རེད།

སྤྱི་ཚོགས།

03.jpg

  • རང་བྱུང་ཐོན་ཁུངས་པུ་དང་ཀྲུང་གོ་གནམ་གཤིས་ཅུ་ཡིས་མཉམ་འབྲེལ་ཐོག་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཁའི་ཉེན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་དེ་རིང་ཀོང་ཞིའི་དབུས་རྒྱུད་དང་ནུབ་རྒྱུད། ཡུན་ནན་གྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཁ་ཅུང་མཐོ། 

  • ཞིང་ལས་གྲོང་གསེབ་པུ་དང་། ཆུ་བེད་པུ། སྐྱེ་ཁམས་ཁོར་ཡུག་པུ། འགྲིམ་འགྲུལ་སྐྱེལ་འདྲེན་པུ་བཅས་ཀྱིས་མཉམ་འབྲེལ་ཐོག་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་པ་ལས་མངོན་པར། 2023ལོའི་འབྲི་ཆུའི་གཞུང་རྒྱུན་གྱི་རྩིས་གཞི་རེའི་རྒྱ་ཁྱོན་ཐོན་ཁུངས་དུས་མཚུངས་ལས16.7%འཕར་ཡོད།

  • 2024ལོའི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་མང་ཚོགས་ཚོགས་ཆུང་གི་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་ཁྲོད། ཀྲུང་གོའི་འགྲན་ཞུགས་པ་ཧོང་ཞུའེ་མའེ་ཆུ་ཚོད2དང་སྐར་མ41 སྐར་ཆ03ཡི་ནང་རྒྱུག་ཚར་ཏེ་བུད་མེད་འགྲན་ཞུགས་པ་ཚང་མའི་ནང་ཨང་དང་པོ་རེད།

  • ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་ཨེ་ཤེ་ཡའི་གླང་ཆེན་གྱི་ཁྱུ་ཚོགས་སྲུང་སྐྱོང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས། མིག་སྔར། རྒྱལ་ནང་གི་ཨེ་ཤེ་ཡའི་གླང་ཆེན་གྱི་གྲངས་འབོར300ཙམ་བར་འཕར་ཡོད། 

  • ཚེས12ཉིན་གྱི་དགོང་མོར། དེ་སྔའི་ཀྲུང་གོར་བཙན་འཛུལ་བྱེད་མཁན་གྱི་འཇར་དམག་གི་དཔུང་སྡེ731གྱི“ལོ་ཆུང་རུ་ཁག”གི་རུ་མི་ཆིང་ཧྲུའུ་དབྱིན་ནན་གནམ་གྲུར་བསྡད་དེ་ཧར་པིན་དུ་འབྱོར་ནས་དམག་འཁྲུག་གི་གནོད་འཚེ་ཕོག་མཁན་ལ་འགྱོད་བཤགས་དང་དགོངས་དག་ཞུ་རྒྱུ་རེད། 

  • ལུའི་ཏ21-2སྣུམ་ཞིང་གིས་རིམ་རྩིས་བྱས་ན་སྔོག་འདོན་མ་བཅོས་རྡོ་སྣུམ་ཏུན་ཁྲི་80ལས་བརྒལ་ནས། རང་རྒྱལ་གྱི་མཚོ་ཐོག་སྣུམ་གར་སྣུམ་ཞིང་གི་སྔོག་འདོན་མ་བཅོས་རྡོ་སྣུམ་གྱི་ཟིན་ཐོ་གསར་བ་བཏོད་པ་རེད། 

  • ཚེས11ཉིན། ཧོ་ནན་ཞིང་ཆེན་ཁྲང་ཡོན་གྲོང་ཁྱེར་གྱི་ཨར་ལས་བྱ་ཡུལ་ཞིག་ཏུ་བདེ་འཇགས་དོན་རྐྱེན་བྱུང་ནས་མི5རྐྱེན་ལམ་དུ་ཤོར། ཁེ་ལས་ཀྱི་འགན་འཁུར་བ་ཚོད་འཛིན་བྱས་ཟིན་པ་དང་། ལས་མཇུག་གི་བྱ་བ་དང་དོན་རྐྱེན་གྱི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་ཡོད། 

  • ཀོང་ཏུང་མཚོ་དོན་ཅུ་ཡིས་མཚོ་འགྲུལ་ཐ་ཚིག་བསྒྲགས་ནས། ཚེས13ཉིན་གྱི་ཆུ་ཚོད་6ནས་ཚེས14ཉིན་གྱི་ཆུ་ཚོད18བར་ལྷོ་རྒྱ་མཚོའི་མཚོ་ཁོངས་ཁག་གཅིག་ཏུ་དམག་དོན་ནང་སྦྱོང་བྱེད་རྒྱུ་ཡིན་པས་མངའ་ཁོངས་སུ་བསྐྱོད་མི་ཆོག་ཅེས་བསྒྲགས་ཡོད།

04.jpg 

  • ཧོ་ནན་ཅི་ཡོན་གྱི་སྐྱེས་པ་གཉིས་སྟབས་མ་ལེགས་པར་ཆུའི་ནང་ལྷུང་བ་དང་། ཐག་ཉེ་ན་འགྲོ་བཞིན་པའི་ཀའོ་ཆིང་ཕིང་གིས་འབོད་སྐད་ཐོས་རྗེས། ཐེ་ཚོམ་མེད་པར་ཆུའི་ནང་མཆོང་ནས་མི་དེ་གཉིས་བསྐྱབ་པ་དང་། མཐར་མི་མང་པོ་དང་མཉམ་དུ་ཆུའི་ནང་ལྷུང་བའི་མི་དེ་གཉིས་སྐྱོབ་ཐུབ་སོང་། 

སྲིད་ཇུས།

  • ཧྲན་ཞི་ཡིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་ནས། སློབ་གྲྭས་རྒྱལ་ཁབ་ཀྱི་སློབ་མའི་གཟུགས་གཞི་བདེ་ཐང་གི་ཚད་གཞི་གཞིར་བཟུང་ལོ་ལྟར་སློབ་མའི་གཟུགས་གཞི་བདེ་ཐང་ཞིབ་བཤེར་ཐེངས་རེ་བྱེད་དགོས་པ་གཏན་འབེབས་བྱས། 

  • ཧུའུ་པེ་ཡིས་ཇུས་གཞི་པར་འགྲེམས་བྱས་ནས། དམའ་སའི་བར་ཁོངས་ཆ་འཕྲིན་གྱི་རྨང་གཞིའི་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་བཤེར་གཏན་འབེབས་ཀྱི་གན་རྒྱའི་གྲངས་འབོར་གྱི50%ལས་མི་བརྒལ་བའི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་དང་། རྣམ་གྲངས་རེར་ཁ་གསབ་རོགས་དངུལ་མཐོ་ཤོས་སྒོར་ཁྲི100སྤྲོད་རྒྱུ། 

  • སི་ཁྲོན་ཁྲེང་ཏུའུ་ཡིས་ཁང་པ་ཉོ་བའི་སྲིད་ཇུས་གསར་པ་བཏོན་ནས། ཁང་པ་ཉོ་མཁན་གྱིས་ཉོ་རྩིས་ཡོད་པའི་སྡོད་ཁང་གནས་སའི་ཁུལ་དེ་ན་ཁང་པ་ཉོ་མཁན་ལ་ཁང་པ་མེད་ན་དེའི་ཁང་པ་དང་པོར་ངོས་འཛིན་བྱེད་རྒྱུ། 

དེ་རིང་གི་གནམ་གཤིས།

05.jpg

  • ཅང་སུའུ་ལྷོ་རྒྱུད་དང་། ཨན་ཧུའེ་ལྷོ་རྒྱུད། ཀྲེ་ཅང་གི་ནུབ་རྒྱུད། ཧྥུ་ཅན་གྱི་ནུབ་རྒྱུད། ཅང་ཞིའི་ཤར་རྒྱུད། ཧུའུ་ནན་གྱི་དབུས་ལྷོ་རྒྱུད། ཀོང་ཏུང་གི་ལྷོ་རྒྱུད། ཀོང་ཞི་དང་ཡུན་ནན་གྱི་ལྷོ་རྒྱུད། ནང་སོག་གི་ཤར་ལྷོའི་རྒྱུད། ལིའོ་ཉིང་གི་དབུས་བྱང་རྒྱུད། ཧོ་པེའི་ཤར་རྒྱུད། ཐེན་ཅིན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་དང་དྲག་ཆར་འབབ་རྒྱུ་དང་། ས་ཆ་ལ་ལར་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།