དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-08-14 07:18:23   |   492

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུས་ཉེ་ཆར་གསར་དུ་བཟོ་བཅོས་བརྒྱབ་པའི《དམག་མིའི་གཟིགས་སྐྱོང་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་དང་། 2024ལོའི་ཟླ10ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད། 

  • ཟླ8ཚེས13ཉིན་བར། ད་ལོར་རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དུང་ཕྱུར1000ལས་བརྒལ་བ་དང་། ཟླ་རེའི་ཆ་སྙོམས་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དང་ཟླ་རེའི་ཆ་སྙོམས་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་གཉིས་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

  • ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུའི་སྡོམ་རྩིས་ལས་མངོན་པར། ད་ལོར་རང་རྒྱལ་གྱི་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་པའི་རེ་བ་ཡོད་པ་དང་། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར7རེད། 

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་ཞིང་ལས་ལ་རྒྱབ་སྐྱོར་དང་དངུལ་བུན་ཆུང་གྲས་ལ་རྒྱབ་སྐྱོར་བྱེད་པའི་དངུལ་བུན་བསྐྱར་མ་སྒོར་དུང་ཕྱུར་1000གསར་དུ་བཏང་ནས། ཞིང་ཆེན(ཆུས་དང་གྲོང་ཁྱེར)12ཀྱི་འབྲུབ་འགོག་དང་ཆུ་ལོག་འགོག་སེལ་དང་དེ་བཞིན་གནོད་སྐྱོན་རྗེས་ཀྱི་བསྐྱར་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད། 

  • 2024ལོའི་ཞབས་ཞུའི་ཚོང་དོན་ཚོགས་འདུ་དེ་ཟླ9ཚེས12ནས་ཚེས16ཉིན་བར་པེ་ཅིང་དུ་འཚོག་རྒྱུ་ཡིན་པ་དང་། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས72ཀྱིས་རྒྱལ་ཁབ་སྲིད་གཞུང་ངམ་ཡང་ན་སྤྱི་ཁྱབ་པུ་ཡི་མིང་ཐོག་ནས་དྲ་ཐོག་ཏུ་འགྲེམས་སྟོན་བྱ་རྒྱུ་གཏན་འཁེལ་བྱས་ཡོད་པ་རེད། 

  • ད་ལོའི་སྔོན་གྱི་ཟླ7པོར། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི9.1ཟིན་ནས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། དུས་མཚུངས་ཀྱི་རྒྱལ་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྡོམ་འབོར་གྱི36.7%བཟུང་ཡོད། 

  • རྒྱལ་ནང་གི་བར་རྡུལ་ཡོངས་ཀྱི་ཐོར་འཕྲོའི་དཔྱད་ཆས་ཐོག་མ་དེས་སྤྱོད་མཁན་གྱི་ཚོད་ལྟ300ལྷག་ཙམ་ལེགས་འགྲུབ་ཟིན་པ་དང་། འགག་རྩའི་ལག་རྩལ་གྱི་དམིགས་ཚད་མང་པོ་ཞིག་རྒྱལ་སྤྱིའི་རིགས་མཚུངས་དཔྱད་ཆས་ཀྱི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པ་རེད།

  • ཧྥུའུ་ཅན་གྱི་མཚོ་ཐོག་ཉེན་རྟོག་པས་ཁྲིམས་ལྟར་ཐའེ་ཝན་ཞིང་ཆེན་ནས་ཡིན་པའི་ཉ་གྲུའི་གྲུ་པ་4ཕྱིར་སྐྱེལ་བྱས་པ་རེད།

01.jpg 

  • ཚེས13ཉིན། “731རུ་ཁག”གི་དེ་སྔའི་རུ་མི་ཆིང་ཧྲུའུ་དབྱིན་ནན་གྱིས་ཧར་པིན་དུ་ཀྲུང་གོར་བཙན་འཛུལ་བྱེད་མཁན་འཇར་པན་དམག་གི་འབུ་ཕྲའི་དམག་འཐབ་ཀྱི་ནག་ཉེས་ཁས་ལེན་བྱས་པ་མ་ཟད། “དམག་འཐབ་མི་བྱེད་པའི་ཞི་བདེའི་རྡོ་རིང”མདུན་དུ་འགྱོད་བཤགས་ཞུས་པ་རེད། 

སྤྱི་ཚོགས།

02.jpg

  • རྨ་ཆུའི་དབུས་རྒྱུད་དང་སྟོད་རྒྱུད་ཀྱི་ཆུ་ལོག་ལ་ཁ་གཏད་གཅོག་ཆེད། ཞའོ་ལང་ཏིའི་ཆུ་བེད་ལྟེ་གནས་ཀྱིས་སླར་ཡང་ཆུ་སྒོ་ཕྱེ་ནས་བྱེ་ཆུ་སྙོམས་སྒྲིག་བྱས་ཏེ། ཚེས12ཉིན་བར། རིམ་རྩིས་བྱས་ན་བྱེ་མ་ཏུན་ཁྲི4000ཙམ་ཕྱིར་གཏོང་བྱས་ཡོད་པ་རེད། 

  • ཀུའེ་ཀྲོའུ་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ལི་ཙའེ་ཡུང་གིས་ལྐོག་རྔན་བླངས་པ་དང་འགན་དབང་གང་བྱུང་དུ་སྤྱོད་པའི་གྱོད་གཞིའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ལི་ཙའེ་ཡུང་ལ་སྲོག་ཆད་ཕྱིར་འགྱངས་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད།

  • ཚེས13ཉིན། གསར་དུ་བསྐྲུན་པའི་སི་ཁྲོན་དང་མཚོ་སྔོན་ལྕགས་ལམ་གྱི་ཀྲེན་ཅང་ཀོན་ནས་ཧོང་ཧྲེང་ཀོན་བར་གྱི་དུམ་བུ་མཉམ་འབྲེལ་སྙོམས་སྒྲིག་དང་མཉམ་འབྲེལ་ཚོད་ལྟ་ལེགས་འགྲུབ་བྱུང་ནས། རླངས་འཁོར་ཤར་གཏོང་ཐུབ་པའི་ལྡོག་རྩིས་དུས་ཚོད་ཀྱི་འགོ་ཚུགས། འགྲུལ་པ་མེ་འཁོར་ལ་བསྡད་ནས་ཧོང་ལུང་ཅིའུ་ཀྲའེ་ས་ཚིགས་སུ་ཐད་ཀར་བསྐྱོད་ཆོག 

  • ཧའེ་ནན་གྱིས་རླངས་འཁོར་ཆུང་གྲས་མཚོ་ཐོག་སྐྱོད་པའི་བརྒྱུད་རིམ་ལེགས་སུ་གཏོང་རྒྱུ་ཡིན་པ་དང་། བརྒྱུད་རིམ་གསར་པ་འཁོར་སྐྱོད་བྱེད་འགོ་ཚུགས་རྗེས། དུས་ཐོག་ཏུ་གྲུ་ཁར་སླེབས་པའི་ཁ་ཆད་རླངས་འཁོར100%ཁ་ཆད་གྲུ་གཟིངས་ཐོག་འགྲོ་ཐུབ་པ་ཡིན།

03.jpg

  • ཚེས12ཉིན་གྱི་མཚན་མོར། ཞིན་ཅང་ཨ་ལེ་ཐའེ་གྲོང་ཁྱེར་དང་ཐོ་ཁེ་ཤུན་རྫོང་སོགས་སུ་སྣེ་འོད་དང་སྐར་མདའ་མཉམ་གཅིག་ཏུ་བྱུང་བའི་མཐོང་དཀོན་པའི་སྣང་ཚུལ་བྱུང་པ་རེད། 

  • ནང་སོག་གིས་ནགས་ཚལ་དང་རྩྭ་ཐང་། འདམ་ར་བཅས་ཐང་རྒོད་ཅན་དུ་འགྱུར་བའི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྤེལ་འགོ་ཚུགས་པ་དང་། ཐོན་ཁུངས་ཀྱི་གཞི་གྲངས་ཁྱོན་ཡོངས་ནས་གསལ་རྟོགས་བྱས་ཏེ། “བྱང་གསུམ”ལས་གྲྭའི་འགག་སྒྲོལ་བྱེད་ཐབས་ལེགས་པོར་སྤྱོད་པར་རོགས་འདེགས་བྱེད་རྒྱུ་རེད། 

  • ལོ་ངོ་བཅུ་ཕྲག་ཁ་ཤས་རིང་འབད་བརྩོན་བྱས་པ་བརྒྱུད། ཧུའུ་ནན་མ་ཝང་ཏུའེ་ཧན་རྒྱལ་རབས་ཀྱི་བང་སོའི་ས་འོག་ནས་ཐོན་པའི་རིག་དངོས་གཙང་བཤེར་བྱས་ཚར་བ་དང་། ཁྱོན་སྡོམ་རིག་དངོས26937འཚོལ་སྒྲིག་བྱས་པ་རེད།

  • རང་རྒྱལ་གྱི་ཚན་རིག་པས་ལོ་ངོ་དུང་ཕྱུར7རིང་སའི་གོ་ལའི་རང་འཁོར་སྐས་རིམ་རྣམ་པའི་མྱུར་ཚད་དལ་དུ་གཏོང་བའི་བརྒྱུད་རིམ་གསལ་སྟོན་བྱས་པ་དང་། དེ་ལ་བསྐྱར་སྐྲུན་གནས་ཏེ་ཟླ་བའི་མ་ལག་གི་འཕེལ་འགྱུར་ལོ་རྒྱུས་ལ་རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

04.jpg

  • དྲག་ཆས་ཉེན་རྟོག་ཉིང་ཞ་སྤྱི་ཁྱབ་རུ་ཁག་གི་རུ་དཔུང་ག་གེ་མོའི་ཞ་ཧྲི་མེའོ་ཅན་ཡུང་གིས་ཁྲོན་པར་ལྷུང་བའི་བཟོ་པ་སྐྱོབ་སྐབས་སྟབས་མ་ལེགས་པར་རང་སྲོག་ཤོར་བ་དང་། ལོ24ཡིན། ཉེ་ཆར། ཁོ་སྔོན་གཤེགས་དཔའ་བོར་བསྐོས་པ་དང་། ཞབས་ཞུ་འགན་ལེན་གྱི་བྱས་རྗེས་རིམ་པ་དང་པོ་ཐོ་འགོད་བྱས་པ་རེད། 

སྲིད་ཇུས།

  • ཧོ་ནན་གྱིས་ཇུས་གཞི་ཁྱབ་བསྒྲགས་བྱས་ནས་དམའ་མཐོང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། 2025ལོར་སླེབས་སྐབས་དམའ་མཐོང་གི་རྨང་གཞིའི་སྒྲིག་བཀོད་བཀོད་སྒྲིག་ལེགས་སྒྲུབ་བྱས་ཏེ། ཐུན་མོང་དུ་སྤྱོད་པའི་གནམ་ཐང10ཙམ་བསྐྲུན་རྒྱུ་ཡིན་ཞེས་བཏོན་པ་རེད། 

  • ཀོང་ཏུང་གིས་གློག་སྒུལ་ལྕགས་རྟའི་གློག་གསོག་གྲོན་བསྡུ་ཚད་ལྡན་དུ་བཏང་ནས། གློག་གསོག་གློག་རིན་དང་ཞབས་ཞུའི་གྲོན་དངུལ་སོ་སོར་མཚོན་རྟགས་བཀོད་ནས་སོ་སོར་རྩིས་རྒྱག་དགོས་པ་ཁ་གསལ་བཟོས་ཡོད། 

  • ཧང་ཀྲོའུ་ཡིས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ལས་རིགས་དང་ཡོངས་ཁྱབ་སློབ་གྲྭའི་མཉམ་འདྲེས་ཚོད་ལྟ་བྱས་ནས། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མའི་སློབ་གྲྭའི་སློབ་ཁོངས་ཕན་ཚུན་སྒྱུར་རྒྱུར་སྐུལ་འདེད་བྱས་པ་རེད།

དེ་རིང་གི་གནམ་གཤིས།

05.jpg

  • ཨན་ཧུའེ་ཡི་ཤར་རྒྱུད་དང་དབུས་ལྷོ་རྒྱུད། ཅང་སུའུ་ཡི་ནུབ་རྒྱུད། ཀྲེ་ཅང་གི་ནུབ་རྒྱུད། ཅང་ཞིའི་དབུས་བྱང་རྒྱུད། ཧྥུ་ཅན་གྱི་དབུས་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་དང་། ས་ཆ་ལ་ལར་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། ཀྲུང་དབྱང་གནམ་གཤིས་ཁང་གིས་དྲག་ཆར་འབབ་པའི་སྔོན་མདོག་ཉེན་བརྡ་མུ་མཐུད་དུ་ཁྱབ་བསྒྲགས་བྱས།


མཉམ་སྤྱོད།