དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-08-15 07:20:36   |   770

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་ཐེངས་གཉིས་པ་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧུའུ་པེའི་ཧྲི་ཡན་ཏན་ཅང་ཁོའུ་ཁུལ(十堰丹江口库区)གྱི་ཁོར་ཡུག་སྲུང་སྐྱོང་དང་བླངས་པར་འཕྲིན་ལན་སྤྲིངས་ནས། ཁོང་ཚོར་བྱམས་བརྩེའི་སྐུལ་ལྕག་བྱས་པ་མ་ཟད། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་པ་དང་། དང་བླངས་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད། 

  • ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་གཟི་བརྗིད་གཟེངས་བསྟོད་ལས་དོན་ཨུ་ལྷན་གཞུང་ལས་ཁང་གི་འགན་འཁུར་བས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་དཔྱད་འདེམས་སྤྲོད་པའི་ལས་དོན་ཐད་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་བརྡ་ཐོ་བཏང་ནས་གཞུང་ལམ་སྐྱེལ་འདྲེན་གྱི་གློག་རྡུལ་ལག་ཁྱེར་ཁྱོན་ཡོངས་ནས་ཁྱབ་གདལ་དང་བེད་སྤྱོད་བྱ་དགོས་ཞེས་བསྟན། 

  • ཉེ་ཆར་དམངས་སྲིད་པུ་དང་ནོར་སྲིད་པུས་མཉམ་འབྲེལ་ཐོག་ཇུས་གཞི་པར་འགྲེམས་བྱས་ནས། རྒྱལ་ཡོངས་སུ་ཞབས་ཞུའི་རིགས་ཀྱི་སྤྱི་ཚོགས་རོགས་སྐྱོབ་ཚོད་ལྟ་བྱ་རྒྱུའི་བཀོད་སྒྲིག་བྱས་ཏེ། སྤྱི་ཚོགས་རོགས་སྐྱོབ་དེ་དངོས་པོ་རྐྱང་པའི་རོགས་སྐྱོབ་ནས“དངོས་པོ་+ཞབས་ཞུའི”ཕྱོགས་བསྡུས་རོགས་སྐྱོབ་བྱེད་སྟངས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་བ་རེད། 

  • རང་བྱུང་ཐོན་ཁུངས་པུས་བར་ཁོངས་བཀོད་པ་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ས་གནས་ཁག་གིས་གྲོང་གསེབ་ཀྱི་ས་ཆ་གསར་སྤེལ་བེད་སྤྱོད་བྱེད་སྟངས་ལ་ཆ་ཤས་ཀྱི་ཐོག་ནས་ལེགས་སྒྲིག་ཕྲན་བུ་དང་གཅིག་གྱུར་གྱིས་ལེགས་སྒྲིག་བྱས་ཆོག་ཅེས་བསྟན་ཡོད།

01.jpg 

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལྟའི་བར་དུ། རྒྱལ་ཁབ་ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས125དོན་ཐོག་ཏུ་འཁྱོལ་ནས། པེ་ཅིང་དང་། ཧྲང་ཧའེ། ཐེན་ཅིན་བཅས་ཐད་སྐྱོང་གྲོང་ཁྱེར་གསུམ་ཕུད་པའི་ཞིང་ཆེན་ཚང་མར་ཁྱབ་ཡོད་པ་རེད། 

  • རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུ་ཡིས་ད་ལོར་གསར་གཏོད་སྨན་བཅོས་ཡོ་བྱད38ཁྲོམ་རར་འདོན་རྒྱུའི་ཆོག་མཆན་སྤྲད་པའི་ནང་། ལུས་ཕྱིའི་བརྟག་དཔྱད་ཚོད་རྫས་སོགས་སྨན་བཅོས་ཡོ་བྱད་ཀྱི་རིགས་དབྱེའི་དཀར་ཆག10ཚུད་ཡོད་པ་རེད། 

  • ཉིན་ཤས་གོང་། བཟོ་བཅོས་བརྒྱབ་ཚར་བའི《ནུས་རྒྱུ་གསར་པའི་རླངས་འཁོར་གྱི་སྒུལ་ཤུགས་གློག་རྫས་རྙིང་པ་ཕྱོགས་བསྡུས་བེད་སྤྱོད་ལས་རིགས་ཀྱི་ཚད་ལྡན་ཆ་རྐྱེན(2024ལོའི་དེབ)》ཞེས་པ་སྤྱི་ཚོགས་སུ་ཡོངས་བསྒྲགས་བྱས་ནས་བསམ་འཆར་བསྡུ་ལེན་བྱས་པ་རེད། 

  • འཇར་པན་རླུང་འཕྲིན་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞུང་ཟླ9པར་འཚོགས་པའི་རང་དབང་དམངས་གཙོ་ཏང་གི་ཙུང་ཚའེ་འདེམས་བསྐོའི་ནང་ཞུགས་རྒྱུ་མིན་པ་ཐག་གཅོད་བྱས་པ་རེད། དེའི་ཐོག་ནས་རང་དབང་དམངས་གཙོ་ཏང་གི་ཙུང་ཚའེ་གསར་པ་བདམས་ཐོན་བྱུང་རྗེས་ཨན་ཐེན་གྱིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་གྱི་འགན་མི་འཁུར་པ་མཚོན་ཡོད། 

  • ཚེས14ཉིན། ཐའེ་གོའི་རྩ་ཁྲིམས་ཁྲིམས་ཁང་གིས་ཙུང་ལི་སའེ་ཐ་རྩ་ཁྲིམས་ལས་འགལ་བའི་ཁྲུན་ཐག་བཅད་པ་དང་། ཉིན་དེར་ལས་གནས་ནས་ཕྱིར་འཐེན་བྱས་པ་རེད། 

སྤྱི་ཚོགས།

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུ་ཡིས་ཉེན་བརྡ་བཏང་ནས། སྔོན་དཔག་བྱས་ན་ཚེས14ཉིན་གྱི་ཆུ་ཚོད20ནས་ཚེས15ཉིན་གྱི་ཆུ་ཚོད20བར། ཧྥུའུ་ཅན་དང་ཧུའུ་ནན། ཀོང་ཞི། སི་ཁྲོན། བོད་ལྗོངས། ཧྲའན་ཞི། ཀན་སུའུ་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་གི་གནོད་པ་བྱུང་སྲིད་ཀྱི་རེད།

  • ཚེས14ཉིན་གྱི་ཆུ་ཚོད13བར། ནང་སོག་ཁྲི་ཧྥུང་གྲོང་ཁྱེར་སུང་ཧྲན་ཆུས་ཐའེ་ཕིང་ཏི་གྲོང་རྡལ་པ་ཐའེ་ཡིང་ཙི་གྲོང་ཚོའི་ལའོ་ཧ་གཙང་པོའི་གཡོན་ངོགས་དུམ་བུའི་ཆུ་རགས་བསྐྲུན་ཚར་བ་རེད། 

  • ཚེས14ཉིན་གྱི་ཆུ་ཚོད19བར། 2024ལོའི་དབྱར་ཁའི་གུང་གསེང་དུས་ཚིགས་ཀྱི་གློག་བརྙན་སྤ་སེ་བཙོང་བའི་སྡོམ་འབོར་དུང་ཕྱུར95ལས་བརྒལ་ཡོད། 

  • ཚེས14ཉིན། ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པའི་འདྲི་གཅོད་དང་པོའི་ཁྲིམས་རས་ཡོངས་བསྒྲགས་ངང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རིན་ཨུ་ཡོན་གཞོན་པའམ་ཀུའེ་ཀྲོའུ་ཞིང་ཆེན་ཏང་ཨུའི་དེ་སྔའི་ཧྲུའུ་ཅི་སུན་ཀྲི་ཀང་གིས་ལྐོག་རྔན་བླངས་པའི་གྱོད་དོན་ལ་ཞིབ་གཅོད་བྱས་པ་རེད། 

  • ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པའི་ཀྲུང་གོའི་ཨོ་རྩལ་འགྲན་ཚོགས་ཀྱི་འཐུས་མི་ཚོགས་པའི་རུ་མི་སྐོར་གཞུག་མ་ཚེས13ཉིན་གནམ་གྲུར་བསྡད་དེ་པེ་ཅིང་དུ་ཕྱིར་ལོག་པ་རེད།

  • ཉིན་ཤས་གོང་། རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་སྭེལ་རྨང་འཁྱུག་གསོག་ལྷུ་ཆས(硅基闪存器件)ཀྱི་ཆེ་ཆུང་ཚད་བརྒལ་བྱུང་ནས་འབྲེལ་ཡོད་ཞིབ་འཇུག་གི་གྲུབ་འབྲས་རྒྱལ་སྤྱིའི་དུས་དེབ《རང་བྱུང·གློག་རྡུལ་རིག་པའི》ཐོག་བཀོད་ཡོད་པ་རེད།

02.jpg 

  • ཉེ་ཆར། ཏ་ཀང་སྣུམ་ཞིང་གིས་ཁོངས་གཏོགས་ཀྱི་པོ་ཧའེ་མཚོ་ཁུག་ཀྲའོ་ཏུང་སྣུམ་ཞིང་གསར་སྤེལ་བྱེད་པའི་བརྒྱུད་རིམ་ནང་རིང་ཚད་སྨི2645ཡི་ཐོག་ནས་རྒྱལ་ནང་གཞོགས་གསོར་ཁྲོན་པའི་མཇུག་སྦུག་འོག་སྦུག་རིང་ཤོས་ཀྱི་ཟིན་ཐོ་བཏོད་པ་རེད། 

  • ཧའེ་ནན་ཚ་ཁུལ་ཆར་ནགས་རྒྱལ་ཁབ་སྤྱི་གླིང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཧའེ་ནན་གྱི་སྤྲ་མི་དཔུང་རིང་ཁྱུ་ཚོགས་དེ་དུས་རབས20པའི་ལོ་རབས70པའི་ཁྱུ2ནང་གི་གྲངས་ཀ10ཡང་མེད་པ་ནས2024ལོར་ཁྱུ7ནང་གི་གྲངས་ཀ42བར་མང་དུ་ཕྱིན་ཡོད་པ་རེད།

03.jpg

  • ཡུན་ནན་ཀྲའོ་ཐུང་གི་གཞོན་ནུ་ཞིག་གཟབ་ནན་མ་བྱས་པར་ཆུའི་ནང་དུ་ལྷུང་བ་དང་། ལམ་བར་དུ་འགྲོ་བའི་ལོ22ལ་སླེབས་པའི་གཞོན་ནུ་ལུང་ཧྥ་ཡན་ཐེ་ཚོམ་མེད་པར་ཆུའི་ནང་དུ་ལྡིང་ནས་ན་གཞོན་དེ་བདེ་བླག་ངང་བསྐྱབས། 

སྲིད་ཇུས།

  • ཐེན་ཅིན་གྱིས་བརྡ་ཐོ་བཏང་ནས་འགན་བཅོལ་ནང་ཞུགས་མཁན་གྱིས་སྨན་བཅོས་འགན་བཅོལ་མི་སྒེར་གྱི་རྩིས་ཐོའི་ཐོག་ནས་དྲ་ཐོག་ནས་སྨན་རྫས་ཉོ་བའི་ཚོད་ལྟའི་ལས་དོན་སྤེལ་རྩིས་ཡོད་པ་རེད། 

  • ཨན་ཧུའེ་ཡིས་ཇུས་གཞི་ཁྱབ་བསྒྲགས་བྱས་ནས་ས་ཁུལ་རིམ་པའི་གྲོང་ཁྱེར་ཚང་མས་ཉུང་མཐར་ཡང་རྫོང་ཁོངས་རླངས་འཁོར་ལྷུ་ལག་ཐོན་ལས་ཁྱུ་ཚོགས་གཅིག་སྐྱེད་སྲིང་བྱེད་དགོས་པའི་བཏོན་པ་རེད། 

  • ཧུའུ་པེའི་བསམ་འཆར་ཁྱབ་བསྒྲགས་བྱས་ནས་ས་གནས་ཁག་གིས་སྐུལ་འོད་ཁྱབ་ཁོངས་ཀྱི་ཐོན་ལས་རྣམ་གྲངས་གལ་ཆེན་ནང་འདྲེན་ཤུགས་ཆེན་བྱ་རྒྱུའི་ལྕག་སྐུལ་བྱས་པ་དང་། ལོ་འཁོར་གྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར50དང་། སྒོར་དུང་ཕྱུར100 སྒོར་དུང་ཕྱུར200བཅས་ཐོག་མར་ལས་བརྒལ་བའི་ཁེ་ལས་ལ་ཐེངས་གཅིག་ལ་སོ་སོར་སྒོར་ཁྲི200དང་། སྒོར་ཁྲི500 སྒོར་ཁྲི1000བཅས་ཀྱི་བྱ་དགའ་སྤྲོད་རྒྱུ། 

དེ་རིང་གི་གནམ་གཤིས།

04.jpg

  • ཀན་སུའུ་ཡི་ཤར་རྒྱུད་དང་། ཧྲའན་ཞིའི་ལྷོ་ནུབ་རྒྱུད། ཁྲོན་ཞི་མཐོ་སྒང་གི་དབུས་བྱང་རྒྱུད། སི་ཁྲོན་གཤོངས་སའི་ལྷོ་རྒྱུད། ཧུའུ་ནན་གྱི་ལྷོ་རྒྱུད། ཅང་ཞིའི་ཤར་ལྷོ་རྒྱུད། ཧྥུའུ་ཅན་གྱི་དབུས་ལྷོ་རྒྱུད། ཀོང་ཞིའི་ཤར་རྒྱུད་དང་ལྷོ་རྒྱུད་ཀྱི་མཚོ་རྒྱུད། ཀོང་ཏུང་གི་ས་ཁུལ་མང་ཆེ་བ། ཧའེ་ནན་གླིང་ཕྲན་གྱི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།