དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-08-16 07:15:01   |   559

སྒྲིག་སྒྱུར། ཀླུ་མོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ8ཚེས16ཉིན། པར་སྐྲུན་བྱེད་པའི《བདེན་འཚོལ》དུས་དེབ་ཐེངས16པའི་ནང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི《〈སྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན〉སྐོར་གྱི་གསལ་བཤད》སྤེལ་རྒྱུ་རེད།  

  • ཟླ8ཚེས15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་གཉིས་ཀྱིས་ཕན་ཚུན་དབར་རྟེན་འབྲེལ་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ50འཁོར་བར་རྟེན་འབྲེལ་ཞུས།  

  • ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་ཟླ8ཚེས18ནས་ཚེས20ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་རྒྱུ་རེད།  

  • རྒྱལ་ཁབ་སྡོམ་རྩིས་ཅུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ7པར་ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་པོའི་ཁྲོད་ཡར་རྒྱས་ཕྱིན་ཡོད་པ་རེད།  

3fc76a7e208cf593ddc56298eb2f455.jpg

  • ཚེས15ཉིན་ནི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་ཡིན་པ་དང་། རང་བྱུང་ཐོན་ཁུངས་པུས་སྡོམ་རྩིས་བྱས་པ་ལས་མངོན་པ་ལྟར་ན། རང་རྒྱལ་གྱི་སྐྱེ་ཁམས་མ་ལག་གལ་ཆེན་ཉམས་གསོ་བཅོས་སྐྱོང་རྒྱ་ཁྱོན་མུའུ་དུང་ཕྱུར1ལས་བརྒལ་ནས་རི་རྩེ་ནས་རྒྱ་མཚོའི་བར་གྱི་སྲུང་སྐྱོང་བཅོས་སྐྱོང་གི་རྣམ་པ་ཆེན་པོ་བཏོད་ཡོད་པ་རེད།  

  • སྐྱེ་ཁམས་ཁོར་ཡུག་པུས་གནས་ཚུལ་སྤེལ་བར་གཞིགས་ན། ལོ་སྟོད་དུ་རྒྱལ་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས82.8%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས1.4འཕར་ཡོད།  

  • དམངས་སྲིད་པུས་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་ཏེ། 《གཉེན་སྒྲིག་ཐོ་འགོད་སྲོལ་ཡིག》བཟོ་བཅོས་རྒྱག་རྒྱུ་ཡིན་པས། གཉེན་སྒྲིག་ཐོ་འགོད་བྱེད་པར་ད་ནས་བཟུང་ཁྱིམ་ཐོ་མི་དགོས་པ་ཡིན་ངེས་ཡིན།  

  • ཚོང་དོན་པུ་དང་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་སྤྱི་བསྒྲགས་བྱས་ནས། འཐི(锑)སོགས་དངོས་རྫས་ཕྱིར་གཏོང་དོ་དམ་བྱ་རྒྱུ་ཡིན་པ་དང་། ཟླ9ཚེས15ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

  • ཚེས15ཉིན། འཇར་ཕན་གྱི་ཆབ་སྲིད་མི་སྣ་གལ་ཆེན་མང་པོ་ཞིག་གིས་རྒྱལ་བདེ་ལྷ་ཁང་ལ་གུས་མཇལ་ཞུས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་འཇར་ཕན་ཕྱོགས་ལ་འབྲེལ་གཏུག་ནན་པོ་བྱས་ནས། འཇར་ཕན་ཕྱོགས་ལ་རྒྱལ་བདེ་ལྷ་ཁང་སོགས་ལོ་རྒྱུས་ཀྱི་གནད་དོན་ཐད་གཏམ་སྤྱོད་གཟབ་ནན་བྱེད་དགོས་པའི་སྐུལ་མ་བཏང་བ་རེད།  

  • འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྤྲེའུ་འབྲུམ་རིམས་ནད་དེས“རྒྱལ་སྤྱིའི་དོ་ཁུར་བྱེད་པའི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན”གྲུབ་ཡོད་ཅེས་ཁྱབ་བསྒྲགས་བྱས།  

    སྤྱི་ཚོགས།

  • དུས་ཡུན་ཟླ་བ་གསུམ་དང་ཕྱེད་ཀ་ཡིན་པའི2024ལོའི་ལྷོ་རྒྱ་མཚོའི་དུས་ཚིགས་ཀྱི་ཉ་འཛིན་མཚམས་འཇོག་དུས་ཚོད་དེ་རིང་ཆུ་ཚོད12ཐོག་མཇུག་སྒྲིལ་རྒྱུ་རེད།  

  • སྤྱི་བདེ་པུས་ལུས་རྩལ་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་དཔེ་མཚོན་གྱོད་དཔེ4ཁྱབ་བསྒྲགས་བྱས། 

  • པེ་ཅིང་གིས“སྤྱི་ཚོགས་དངུལ་ཁང་མཉམ་ལས”ཚོད་ལྟ་བྱས་ནས། སྟབས་བསྟུན་ལས་ཞུགས་མི་སྣ་གུན་སྐྱོབ་ནང་ཞུགས་པ་དང་ཐོ་འགོད་བྱེད་པ་སོགས་སྤྱི་ཚོགས་གུན་སྐྱོབ་ལས་སྒོ་ཁག41ཚོད་ལྟའི་དངུལ་ཁང་དུ་གཉེར་ཆོག་པ་རེད།

afc8b11afd5451585632eaf0b1231c0.jpg  

  • ཚེས15ཉིན། ཧའར་པིན་ནས་མོ་ཧོ་དང་། དེ་ནས་ཧྥུ་ཡོན་བར་གྱི་འཕུར་སྐྱོད་མཁའ་ལམ་ཤར་གཏོང་ཐུབ་ནས། རང་རྒྱལ་གྱི“བྱང་སྣེ”དང“ཤར་སྣེ”དབར་ཐད་ཀར་འཕུར་སྐྱོད་ཐེངས་དང་པོ་བྱས་པ་རེད།  

  • གོ་ལ་ཧྲིལ་པོའི་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་ལས་སྟེགས་ཞི་དབྱིན(希音)གྱིས་ཀོང་ཀྲོའུ་རུ་མཁོ་སྤྲོད་སྦྲེལ་ཐག་སྤྱི་ཁྱབ་པུ་འཛུགས་རྩིས་ཡོད་པ་རེད།  

  • རང་རྒྱལ་གྱི་རང་བྱུང་སོལ་རླངས་གསོག་མཛོད་ཆེས་ཆེ་ཤོས་སྟེ། ཧུའུ་ཐུའུ་པི(呼图壁)སོལ་རླངས་གསོག་མཛོད་དུ་ཉིན་རེར་རླངས་ལྡུག་ཚད་ཤོ་སྨི་ཁྲི2600ཡིན་ལ། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།  

8dab1bfb330a03e5861bda90cdd4abd.jpg

  • རང་འཕར་རྣམ་པའི་མཚོ་ཐོག་རླུང་གློག་སྒྲིག་སྦྱོར་གྲུ་གཟིངས་གསར་པ་ཅང་སུའུ་ཆི་ཏུང་དུ་བྱུང་བ་དང་ནུས་ལྡན་ཐེག་ཚད་ཏུན17600ལས་བརྒལ་ཡོད།  

  • རང་རྒྱལ་གྱི་ཚན་རིག་པས“ཚ་བའི་འཕྲོ་གཏོང་སྣེ”བདར་གཟུགས་སྦུ་གུ་གསར་པ་གསར་གཏོད་བྱས་པ་དང་། འདུས་གྲུབ་ཚད་སྔར་ལས་མཐོ་བ་དང་བྱེད་ནུས་སྔར་ལས་ཕུན་སུམ་ཚོགས་པའི་འདུས་གྲུབ་གློག་ལམ་ཇུས་འགོད་བྱེད་པར་སྤྱོད་རེ་ཡོད་པ་རེད།  

  • གནའ་རྫས་རྟོག་ཞིབ་ལས་དོན་པས་ཀྲེ་ཅང་ཧྲའོ་ཞིང་ཕོ་ཐང་སྡེ་བ་ནས་ད་ལྟར་ལོ2500ཙམ་ལྡན་པའི་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཆུ་རགས་ཀྱི་རྗེས་ཤུལ་རྙེད་པ་དང་། དེ་ནི་དེ་སྔ་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཏུའུ་དབྱི་ཕྱི་སྐོར་གྱི་ཆུ་བེད་མ་ལག་ཆེ་གྲས་ཀྱི་ཆ་ཤས་ཤིག་ཡིན་པ་གཏན་འཁེལ་བྱས།  

  • ཧུའུ་ནན་ཧེང་དབྱང་སྤྱི་བདེ་ཡིས་གྱོད་གཞི་དང་འབྲེལ་བ་ཡོད་པའི་སྒོར་དུང་ཕྱུར་ལ་ཉེ་བའི་རྫས་ལུད་རྫུན་མ་བཟོས་འཚོང་གི་གྱོད་གཞི་ཧ་ཅང་ཆེན་པོ་ཞིག་རྩད་ཆོད་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས10ལྷག་ལ་འབྲེལ་བའི་ཉེས་གསོག་ཚོགས་པ་ཞིག་རྩ་གཏོར་བཏང་བ་རེད། 

    སྲིད་ཇུས།

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། ཁྲལ་འཇལ་མཁན་ས་ཁུལ་ལས་བརྒལ་ནས་གནས་སྤོ་བྱ་རྒྱུར་སྟབས་བདེ་བསྐྲུན་ཏེ། ཟླ9ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད། 

  • པེ་ཅིང་གིས་སྨན་རྫས་སིལ་འཚོང་ཁེ་ལས་ཚད་ལྡན་ཅན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། སྨན་འཚོང་ཁང་དུ་གཅིག་གྱུར་གྱི“རྒྱ་གྲམ་ལྗང་ཁུའི”གློག་སྒམ་བཀལ་ནས་ཆུ་ཚོད24རིང་སྨན་རྫས་འཚོང་བའི་ཞབས་ཞུ་བྱ་རྒྱུར་སྐུལ་མ་གཏོང་རྩིས་ཡོད་པ་རེད།  

  • ཧྲང་ཧའེ་ཡིས་ལག་བསྟར་བསམ་འཆར་བཏོན་ནས། རྨང་གཞིའི་སློབ་གསོ་སྤུས་འདེགས་རྒྱ་སྐྱེད་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་། ཀུན་ཕན་རང་བཞིན་གྱི་སློབ་ཞུགས་གོང་གི་སློབ་གསོའི་ཐོན་ཁུངས་རྒྱ་ཆེར་གཏོང་རྒྱུ་བཏོན་པ་དང་། 2025ལོར་སླེབས་སྐབས་ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་ཁྱབ་ཚད90%ཡན་ཟིན་རྒྱུར་བརྩོན་ལེན་བྱེད་ཀྱི་ཡོད། 

    དེ་རིང་གི་གནམ་གཤིས།  

bde9ad9c41730f2b1cc0d11d284ed63.jpg

  • ཧུའུ་ནན་ལྷོ་རྒྱུད་དང་ཅང་ཞིའི་ལྷོ་རྒྱུད། ཧྥུ་ཅན་ལྷོ་རྒྱུད། ཀོང་ཞིའི་བྱང་རྒྱུད་དང་ཤར་རྒྱུད། ཀོང་ཏུང་གི་ས་ཆ་མང་ཆེ་བ། ཐའེ་ཝན་གླིང་ཕྲན་གྱི་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ནུབ་རྒྱུད་དང་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་པ་དང་། དེའི་ནང་ཀོང་ཏུང་ལྷོ་རྒྱུད་ཀྱི་མཚོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།