དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-08-19 07:20:57   |   919

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཁྲལ་བསྡུའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ7པར་རང་རྒྱལ་གྱི་བཟོ་ལས་ཁེ་ལས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས6%འཕར་ཡོད་པ་དང་། དུས་ཚིགས་གཉིས་པའི་འཕར་ཚད་ལས་བརྒྱ་ཆའི་གྲངས1.7འཕར་ཡོད།

  • ཟླ་དང་པོ་ནས་བདུན་པའི་བར་རང་རྒྱལ་གྱི་གྲོང་གསེབ་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར36476ཡིན་པ་དང4.5%འཕར་ཡོད།

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་རྒྱལ་ཡོངས་སུ་ཕྱི་རྒྱལ་གྱི་ཚོང་པས་མ་འཇོག་བྱས་པའི་ཁེ་ལས31654གསར་དུ་བཙུགས་ཤིང་དུས་མཚུངས་ལས11.4%འཕར་ཡོད།

  • ཆུ་བེད་པུས་ཉེ་ཆར་ཁྱབ་བསྒྲགས་བྱས་དོན། 2012ལོ་ནས་བཟུང་རྒྱལ་ཡོངས་སུ་ས་ཆུ་ཟུངས་ཤོར་བཅོས་སྐྱོང་བྱས་པའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི71གསར་དུ་འཕར་བ་དང་། ས་ཆུ་སྲུང་འཛིན་བྱེད་ཚད72.56%བར་མཐོ་རུ་ཕྱིན་ཡོད།

  • ཧྲང་ཧའེ་འགག་སྒོ་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བདུན་པར་འབྲི་ཆུའི་ཟུར་གསུམ་ས་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི9.1ཡིན་པ་དང་། དེའི་གཞི་ཁྱོན་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་ཡོད།

  • ཚེས18ཉིན། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི“འཕེལ་རིམ་ཆེན་པོ་བཅུ”ཁྱབ་བསྒྲགས་བྱས་ཤིང་། དེའི་ནང་དོན་ནི་ཨེ་ཤེ་ཡའི་ཆུ་སྒྲོམ་གྱི་འགྱུར་ལྡོག་དང་ཤུགས་རྐྱེན། མིའི་རིགས་ས་མཐོར་གནས་པར་འཚམ་པ་དང་ལྗང་མདོག་འཕེལ་རྒྱས་སོགས་འཛམ་གླིང་རིམ་པའི་ཞིབ་འཇུག་གྲུབ་འབྲས་གསར་པ་འདུས་ཡོད།

1.png

  • ཚེས18ཉིན་རང་རྒྱལ་གྱིས་རང་བརྟེན་ཇུས་འགོད་དང་རང་བརྟེན་འདུས་གྲུབ་བྱས་པའི་སྨི7000རིམ་པའི་གཏིང་ཚད་ཆེ་བའི་མི་བཞུགས་ཆུར་འཛུལ་ཡོ་བྱད་ཐོག་མ་སྟེ། “ཅའོ་ལུང”ཆུར་འཛུལ་ཆས་ཞི་བདེ་རྒྱ་མཚོ་ནུབ་མའི་མཚོ་ཁོངས་སུ་ཐེངས་དང་པོར་ཆུར་འཛུལ་བ་ལེགས་འགྲུབ་བྱུང་ཞིང་། དེ་ནི“ཅའོ་ལུང་”རྟགས་ཅན་གྱི་ཆུར་འཛུལ་ཆས་ཆུར་འཛུལ་ཐེངས300པ་ཡིན།

  • ཚེས18ཉིན་ཀྲུའུ་ཧའེ་ཧེང་ཆིན་འགག་སྒོ་གསར་པ་སྤྱོད་མགོ་ཚུགས་ནས་ལོ་བཞི་སོང་བ་དང་། ཧེང་ཆིན(横琴)དང་ཨའོ་མོན་ས་གནས་གཉིས་ཀྱི་ས་མཚམས་བརྒལ་ནས་འགྲོ་འོང་བྱེད་མཁན་མི་ཐེངས་ཁྲི4800ལས་བརྒལ་ཡོད།

    སྤྱི་ཚོགས།

  •   དེ་རིང་དང་སང་ཉིན་ཧྭ་བྱང་གི་ཤར་རྒྱུད་དང་བྱང་ཤར་ས་ཁུལ་སོགས་སུ་ཆར་ཆུ་ཅུང་དྲག་པོ་འབབ་རྒྱུ་རེད། འབྲི་ཆུའི་ལྷོ་རྒྱུད་དང་ཧྭ་ནན་སོགས་སུ་ཁ་ཐོར་རང་བཞིན་གྱི་དྲག་ཆར་འབབ་རྒྱུ་རེད།    

  • རྒྱལ་ཁབ་སྦྲག་སྲིད་ཅུས་གནས་ཚུལ་སྤེལ་བར་གཞིགས་ན།    ཟླ་དང་པོ་ནས་བདུན་པའི་བར་སྦྲག་སྲིད་ལས་རིགས་ཀྱི་མྱུར་སྐྱེལ་ལས་སྒོས་རིམ་རྩིས་བྱས་ན་དངོས་པོ་དུང་ཕྱུར944.2སྐྱེལ་བ་ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས23%འཕར་ཡོད།

2..png

  • “མདེལ་གཉིས་སྐར་གཅིག་གི་བྱས་རྗེས་གཟེངས་རྟགས་”ཐོབ་མཁན་ཏེ། ཀྲུང་གོ་ཚན་རིག་ཁང་གི་དེ་སྔའི་ཡོན་ཀྲང་ངམ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཡོན་ཧྲི་ཀྲོའུ་ཀོང་ཀྲའོ་ཚེས17ཉིན་སྐུ་གཤེགས་ཤིང་དགུང་ལོ95རེད།    

  • ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ནང་སའི་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པའི་འཐུས་མི་ཚོགས་པ་ཟླ8པའི་ཚེས29ནས་ཚེས31ཉིན་བར་ཤང་ཀང་དུ་འཚམས་འདྲི་བྱ་བར་འགྲོ་རྒྱུ་ཡིན་པ་དང་། ཟླ8པའི་ཚེས31ནས་ཟླ9པའི་ཚེས2ཉིན་བར་ཨའོ་མོན་དུ་འཚམས་འདྲི་བྱ་བར་འགྲོ་རྒྱུ་རེད།  

  • ཚེས17ཉིན་གྱི་ཆུ་ཚོད23དང་སྐར་མ25བར། 2024ལོའི་དབྱར་ཁའི་གུང་གསེང་གི་གློག་བརྙན་སྤ་སེ་བཙོངས་ཚད་ཀྱི་སྡོམ་འབོར་(སྔོན་འཚོང་ཚུད་ཡོད་)སྒོར་དུང་ཕྱུར100ལས་བརྒལ།

  • ཚེས18ཉིན་ཧྲང་རའོ་ཡིས་གཞུང་ཕྱོགས་པོད་ཕྲན་ཐོག་ལི་ཕེ་ཞ་ཡི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གྱོད་གཞིའི་གནས་ཚུལ་སྐོར་གྱི་བརྡ་ཁྱབ་ཁྱབ་བསྒྲགས་བྱས།

  • ཚེས18ཉིན། ཧུའུ་ནན་རྟེན་མཛོད་ཁང་གིས་མ་ཝང་ཏུའེ་ཞིབ་འཇུག་ཁང་བཙུགས་པ་དང་། མ་འོངས་པར་སྒོ་དབྱེ་རྣམ་པའི་རིག་གཞུང་ལས་སྟེགས་ལ་བརྟེན་ནས། རྒྱལ་ཁབ་ཕྱི་ནང་གི་མཐོ་སློབ་དང་ཚན་ཞིབ་ཁང་གི་རིག་གཞུང་སྟོབས་ཤུགས་བསྡུ་རུབ་བྱས་ཏེ་ཚན་ཞིབ་མཉམ་ལས་བྱ་རྒྱུ་རེད།

3.gif

  • ཀོང་ཞིའི་ཧོ་ཁྲི(河池)་ཡི་བུ་མོ་ཆུང་ཆུང་ཞིག་གི་སྐེ་ཐོག་སོ་གསུམ་པའི་རྐུན་འགོག་ལྕགས་དྲའི་བར་དུ་ཚུད་པ་དང་། ལུས་པོ་བར་སྣང་དུ་དཔྱངས་ནས་བསྡད་ཡོད་པའི་སྐབས་སུ། ཉེ་འགྲམ་དུ་ཡོད་པའི་གཞོན་ནུ་དབྱང་ཧྲོང་གིས་ཐོག་བརྩེགས་གཉིས་པའི་རྐུན་འགོག་ལྕགས་དྲ་གཏོར་ནས་ཐོག་བརྩེགས་གསུམ་པར་འཛེགས་ཏེ་མི་གཞན་དང་མཉམ་དུ་བུ་མོ་དེ་བསྐྱབས།

    སྲིད་ཇུས།

  •   པེ་ཅིང་གིས་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཀྱིས་སྤྱི་སྤྱོད་རླངས་འཁོར་ས་ཚིགས་དང་།  སྣུམ་སྣོན་ས་ཚིགས།    ཁོར་ཡུག་འཕྲོད་བསྟེན་ས་ཚིགས། ཚ་ཤུགས་ས་ཚིགས་བཅས་སྤྱད་དེ་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་རིམ་འདས་གློག་གསོག་ས་ཚིགས་བསྐྲུན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཁ་གསལ་བཏོན།

  • ཧོ་པེ་ཡིས་སྲིད་ཇུས་བཏོན་ནས་སྨན་དོན་མི་སྣ་སྨན་བཅོས་དང་ནད་གསོ་ཟུང་འབྲེལ་གྱི་སྒྲིག་གཞིར་སོང་སྟེ་ལས་གཉེར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་དང་གཏན་འབེབས་ལྟར་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་གཞན་དག་གི་མི་སྣ་དང་འདྲ་མཉམ་གྱི་ཐོབ་ཐང་ལོངས་སུ་སྤྱད་ཆོག 

  • ཀོང་ཞི་ཡིས་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་རྒན་པའི་རྒན་གསོ་ཞབས་ཞུའི་ཁ་གསབ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ཁྱིམ་ཚང་གི་ཡོང་འབབ་ནང་མི་བརྩི་རྒྱུ་ཁ་གསལ་བཏོན།

    དེ་རིང་གི་གནམ་གཤིས།    

4.jpg

  • ནང་སོག་གི་ཤར་རྒྱུད་དང་།    ཧེ་ལུང་ཅང་གི་ལྷོ་རྒྱུད།    ཅི་ལིན་གྱི་ནུབ་རྒྱུད།    ལེའོ་ཉིང་གི་ནུབ་རྒྱུད་དང་ལྷོ་རྒྱུད།    ཐེན་ཅིན་དང་ཧོ་པེའི་ཤར་རྒྱུད་དང་ལྷོ་རྒྱུད།    ཧྲན་ཏུང་གི་དབུས་ནུབ་རྒྱུད།    ཧོ་ནན་གྱི་ཤར་རྒྱུད།    ཧུའུ་པེའི་ཤར་རྒྱུད།    ཅང་ཞིའི་བྱང་རྒྱུད།    ཧྥུ་ཅན་གྱི་དབུས་ལྷོ་རྒྱུད།    ཀོང་ཞིའི་ཤར་རྒྱུད།    ཀོང་ཏུང་གི་ཤར་རྒྱུད་དང་ལྷོ་རྒྱུད།    ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད།   ཐེ་ཝན་གླིང་ཕྲན་དང་ཡུན་ནན་གྱི་ལྷོ་རྒྱུད། ཞིན་ཅང་གི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ལ་ལར་ཆར་བ་ཆེན་པོ་ནས་དྲག་ཆར་འབབ་རྒྱུ་རེད། དེའི་ཁྲོད་ཀོང་ཏུང་གི་ཤར་ལྷོའི་མཚོ་རྒྱུད་སོགས་ཀྱི་ས་ཁུལ་ལ་ལར་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།